དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་8ཚེས་2ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཡོན་ཡོན་གྱིས་སྣེ་ཁྲིད་པའི་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དང་བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོངས་གཏོགས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དང་། རྒྱབ་སྐྱོར། མཛུབ་ཁྲིད། རོགས་རམ་བཅས་བྱས་ཏེ་བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་བྱ་གཞག་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་སྤྱིའི་བླང་བྱ་དང་བོད་ཀྱི་ཞིབ་ཕྲའི་དོན་དངོས་གཞིར་བཟུང་ལྗོངས་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་བཀོད་འདོམས་ལྟེ་གནས་སྐྲུན་རྒྱུ་དེ་གཙོ་གནད་དུ་འཛིན་ནས་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ལས་དོན་ཁག་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་བ་དང་བདེ་འཇགས་ལྟ་སྐུལ་དོ་དམ་སྒྲིག་གཞིའི་ལྟ་སྐུལ་དོ་དམ་དང་བརྟག་ཞིབ་ཀྱི་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བདེ་འཇགས་ཀྱི་ཐོག་ནས་འགན་ལེན་བརྟན་པོ་བྱེད་པ་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་ནས་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

        དབྱང་ཡོན་ཡོན་གྱིས་གསུང་བཤད་གནང་སྐབས་བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ལས་དོན་ལ་རོགས་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་། བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཕྱི་རོལ་ཡུལ་གྱི་དགོས་མཁོ། བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་གཞག་འཕེལ་རྒྱས་འགྲོ་ཚད་སྔར་བས་མཐོ་རུ་གཏོང་བའི་དགོས་གཏུགས་ཀྱི་དགོས་མཁོ་བཅས་རེད། རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འགོ་ཁྲིད་སྒྲིག་འཛུགས་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་དེ་དང་འཚམ་པའི་རོགས་སྐྱོར་གྱི་འཆར་འགོད་དང་དོན་འཁྱོལ་གྱི་བྱེད་ཐབས་ཞིབ་ཕྲ་བཟོ་དགོས་ཞེས་གསུངས་པ་སྟེ། གཅིག་ནས་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་བྱེད་ནུས་དང་ལྟ་སྐུལ་དོ་དམ་བྱེད་ནུས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་འགོའི་འཆར་འགོད་ཡག་པོ་བཟོ་དགོས་པ་དང་། གཉིས་ནས་རྒྱལ་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་བོད་སྐྱོར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རོགས་སྐྱོར་གྱི་འཆར་འགོད་དོན་འཁྱོལ་ནན་པོ་བྱེད་པ་དང་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་ལ་བརྟེན་ནས་བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱུན་ཚུལ་ཅན་གྱི་ལས་ཀའི་ལམ་སྲོལ་བཟོ་དགོས་པ། གསུམ་ནས་འཕྲལ་སྡོམ་རོགས་སྐྱོར་བཀོད་འདོམས་དང་འདེགས་སྐྱོར་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པ། བཞི་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ནང་གི་ཚན་རྩལ་མཐོ་བ་དང་དངོས་སྤྱོད་རང་བཞིན་གྱི་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཐད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ལྔ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་དངོས་ཡོད་དང་མཐུན་པའི་ཚན་རྩལ་དང་ཁྲིམས་འཛིན་སྒྲིག་ཆས་སོགས་ཐག་གཅོད་ཡག་པོ་བྱེད་དགོས་པ། དྲུག་ནས་བོད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལག་རྩལ་གྱི་འདེགས་སྐྱོར་དང་ལས་སྒོའི་འགན་སྲུང་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ། བདུན་ནས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་ཅན་མ་ལག་འཛུགས་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་བཅས་རེད།

        རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ལས་དོན་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་བྱེད་རིང་ད་དུང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་ཉིང་ཁྲི་ས་ཁུལ་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ལ་ལྟ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།