དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མ་རུའུ་ལུང་གིས་ལྷ་སའི་སྡེ་ཁུལ་གྲོང་མི་ཨུ་ལྷན་སྐྲུན་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་30ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་རུའུ་ལུང་གིས་ལྗོངས་མི་དམངས་འཐུས་ཚོགས་བརྟག་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱིས 《གྲོང་ཁྱེར་གྱི་གྲོང་མི་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས 》ལག་བསྟར་དོན་འཁྱོལ་བྱ་ཚུལ་དང་དེ་བཞིན་གྲོང་ཁྱེར་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་འབྲེལ་ཡོད་གནད་དོན་ལ་བརྟག་ཞིབ་གནང་ནས 《གྲོང་ཁྱེར་གྱི་གྲོང་མི་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས 》བཟོ་བཅོས་བསམ་འཆར་ཤེས་རྟོགས་གནང་བ་རེད།

        མ་རུའུ་ལུང་དང་བཅས་པས་ཀརྨ་དགོན་གསར་དང་འོ་བརྒྱལ་ཐང་སྡེ་ཁུལ་དང་བར་སྐོར་སྲང་ལམ་ཀླུ་སྒུག་སྡེ་ཁུལ་དུ་སྡེ་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་དེ་བཞིན་གྲོང་མི་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་སོགས་ཕྱོགས་ཚང་མའི་ཐད་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྡེ་ཁུལ་གྲོང་མི་ཨུ་ལྷན་གཉིས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ནས་ཚང་མས་ཡང་འབད་བསྐྱར་འབད་ཀྱིས་ཞབས་ཞུའི་འདུ་ཤེས་དང་དོ་དམ་གྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་ཐོག་འགལ་བ་སྡེ་ཁུལ་དེ་རང་དུ་ཐག་གཅོད་བྱེད་པ་དང་། བརྟན་ལྷིང་སྡེ་ཁུལ་དུ་དོན་འཁྱོལ་བྱེད་པ། ཞབས་ཞུ་སྡེ་ཁུལ་དུ་མངོན་པར་བྱེད་པ་བཅས་བྱས་ནས་ཞི་མཐུན་བརྟན་ལྷིང་གི་བསམ་པའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།