དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ཀྲང་ལི་ཅུན་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་30ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་བྱེད་པའི་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ལི་ཅུན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐན་ཀེང་རྣམ་གཉིས་མཇལ་འཛོམས་ནང་ཞུགས་པ་རེད།

        ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་པད་མ་འཕྲིན་ལས་བཅས་ཀྱི་ཚབ་ཞུས་ཏེ་ཀྲང་ལི་ཅུན་དང་བཅས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་ཁྲིད་སྟོན་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་ལོ་མང་རིང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ཁག་ལ་བསམ་ཤེས་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

        ཧའོ་ཕུང་གིས་དུས་ཡུན་རིང་པོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིམ་ཁག་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བཅས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་འགན་འཁྲི་ལྕི་པོ་འཁུར་བའི་ཆེད་དོན་ལྟ་སྐུལ་སྒྲིག་གཞི་ཡིན་པའི་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་འགན་འཁྲི་གཙང་མར་བསྒྲུབས་པ་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་འགན་ལེན་ནུས་ལྡན་བྱས་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་གི་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་སྟེ་རུལ་སུངས་པར་ཆད་གཅོད་དང་རུལ་སུངས་སྔོན་འགོག་གི་མ་ལག་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་བྱས་པའི་རུལ་རྒོལ་གཙང་སྤེལ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རྫོང་རིམ་པའི་ལྟ་ཞིབ་ལས་ཁུངས་རྩ་བའི་ཆ་ནས་བཙུགས་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་རིང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལས་ཀའི་གྲུབ་འབྲས་དེ་འདྲ་ཞིག་ཐོབ་པ་ནི་ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁྲིད་སྟོན་ནུས་ལྡན་དང་བྲལ་ཐབས་མེད་པ་ཞིག་རེད་ཅེས་བསྟན་གནང་བ་རེད། མཇུག་ཏུ་ཁོང་གིས་ད་དུང་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་ཏང་འཛུགས་ལས་དོན་ལ་མུ་མཐུད་ཐུགས་ཁུར་དང་ཁྲིད་སྟོན་གནང་སྟེ་བོད་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཀྲང་ལི་ཅུན་གྱིས། ཏང་ཀྲུང་དབྱང་གིས་སྒྲིག་བཤེར་ལས་དོན་དང་རུལ་རྒོལ་གཙང་སྤེལ་ལས་དོན་ལ་སྔར་ནས་ད་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། འགན་འཁྲི་གཙང་མར་བསྒྲུབས་པ། རུལ་རྒོལ་གཙང་སྤེལ་ལས་དོན་གཏིང་ཟབ་སྤེལ་བ། བྱེད་ཐབས་དང་བྱ་ཐབས་གསར་པ་མང་དག་ཅིག་འཚོལ་ཞིབ་བྱས་པ། ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་འགན་ལེན་ནུས་ལྡན་དང་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། གྲུབ་འབྲས་དེ་དག་ནི་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་རེད། མིག་སྔར་བོད་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་ཤོས་སུ་གནས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་ཚང་མ་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྔར་བས་འབྱོར་ཕྱུག་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།