དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་གསོལ་སྟོན་བཤམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཟླ་7ཚེས་26ཉིན་གྱི་དགོང་མོ་རང་སྐྱོང་ལྗོངས་སྲིད་གྲོས་གསོལ་སྟོན་ཁང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་གསོལ་སྟོན་བཤམས་གནང་བ་རེད།

        འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་གསོལ་སྟོན་གྱི་སྨོན་ཚིག་གསུངས་པ་དང་པཎ་ཆེན་རིན་པོ་ཆེས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་གསོལ་སྟོན་གཙོ་སྐྱོང་གནང་བ་རེད།

        འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཤིས་ཚིག་གསུངས་སྐབས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བའི་དུས་སུ་ང་ཚོས་རང་ལྗོངས་སུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་སྤྱི་ཚོགས་ལ་བརྟག་ཞིབ་གནང་བར་ཕེབས་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་བསུ་བ་ཞུས་ཏེ་དེ་རིང་དགོང་མོ་མཉམ་དུ་དགོང་ཚིགས་གསོལ་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་དང་བླ་ན་མེད་པའི་གུས་བཀུར་ཞུ་ལུགས་མཚོན་པར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

        འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཀྲུང་དབྱང་གི་ཐུགས་ཁུར་འོག་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སློབ་སྦྱོང་ལ་ཐུགས་བརྩོན་གནང་བ་བརྒྱུད་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་པ། ནང་བསྟན་མཁྱེན་རྒྱ་སྔར་བས་ཆེ་རུ་ཕྱིན་པ། གཟིགས་རྒྱང་སྔར་བས་ཆེ་རུ་ཕྱིན་པ། ཕྱོགས་གང་ས་ཅི་ཐད་ཀྱི་ཤེས་བྱ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཚོའི་གུས་བཀུར་རྒྱ་ཁྱབ་ཐོབ་ཡོད། ལྷག་དོན་དུ་ཉེ་ལམ་ལོ་ཤས་ནང་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་རིམ་བྱུང་ལ་ཞུགས་སྐབས་ཁོང་གི་ཆོས་ལུགས་ཀྱི་མཁྱེན་རྒྱ་དང་། གནང་ལུགས་གནང་སྟངས། མཁྱེན་རྒྱ་ཡངས་པོ་བཅས་ལ་ཚོགས་ཞུགས་མི་སྣ་ཚོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ནས་འཛམ་གླིང་ལ་བག་ཆགས་ཟབ་མོ་བཞག་ཡོད། རྒྱ་ཆེའི་མང་ཚོགས་ཚོའི་གུས་བཀུར་ཟབ་མོ་ཐོབ་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཀྲུང་དབྱང་གི་ཐུགས་ཁུར་འོག་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ལམ་ཕྱོགས་སྔར་བས་བརྟན་དུ་ཕྱིན་ནས་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས་དང་དཀའ་སྤྱད་བརྩོན་ཞིབ་བརྒྱུད་ནང་བསྟན་གྱི་མཁྱེན་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་ཚན་རིག་རིག་གནས་ཀྱི་ཤེས་བྱ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་བ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་པ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་སྐབས་གུས་པར་འོས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་དང་ཀྲུའུ་ཞི་གཞོན་པ་ལྷན་རྒྱས། ལོ་གཉིས་ཀྱི་རྗེས་སུ་ང་སླར་ཡང་བོད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང་སྤྱི་ཚོགས་བརྟག་ཞིབ་བྱེད་པར་ཡོང་བར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཧ་ཅང་ཆེན་པོ་ཐོབ་པ་དང་དེ་རིང་སླར་ཡང་འཕགས་པ་ལྷ་རིན་པོ་ཆེ་མཇལ་བ་དང་འབྲེལ་སྐུ་ཉིད་ཀྱིས་བཤམས་པའི་གསོལ་སྟོན་ནང་ཞུགས་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། འདི་གར་ངས་སྐུ་ཉིད་ལ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་འཕགས་པ་ལྷ་རིན་པོ་ཆེས་ཚེ་གང་རིང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་ཆེད་དང་། བོད་ཀྱི་དར་རྒྱས་དང་ཞི་མཐུན་གྱི་ཆེད། ཟབ་ལ་རྒྱ་ཆེ་བའི་ནང་བསྟན་དར་སྤེལ་དང་སེམས་ཅན་ཐམས་ཅད་བདེ་བར་འགོད་པ་བཅས་ཀྱི་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་སྐུ་ཉིད་ནི་ང་ཚོ་རྗེས་རབས་པའི་སློབ་སྦྱོང་གི་མིག་དཔེ་ཡིན། ངས་སྐུ་ཉིད་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། འཕགས་པ་ལྷ་རིན་པོ་ཆེས་སླད་ཕྱིན་ནང་བསྟན་དར་སྤེལ་དང་འགྲོ་བར་བདེ་སྐྱིད་སྐྲུན་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མཇུག་ཏུ་འཕགས་པ་ལྷ་རིན་པོ་ཆེ་དང་དེར་ཞུགས་པའི་ལྷན་རྒྱས་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

        གསོལ་སྟོན་ལ་ཞུགས་མཁན་གྲས་སུ་ད་དུང་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་པཎ་ཆེན་རིན་པོ་ཆེའི་ཡབ་བསོད་ནམས་གྲགས་པ་དང་ཡུམ་བསམ་སྐྱིད་སྒྲོལ་མ་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།