དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བོད་སྐྱོད་བྱ་སྤྱོད”ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་ཟླ་7ཚེས་21ཉིན་ལྷ་སར་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བོད་སྐྱོད་བྱ་སྤྱོད ”ཀྱི་རིགས་གཅིག་མཁས་ཅན་ལ་ཁ་བཏགས་གཡོགས་བཞིན་པའི་གནས་ཚུལ་ཡིན་པ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་7ཚེས་21 ཉིན་གྱི་སྔ་དྲོ་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བོད་སྐྱོད་བྱ་སྤྱོད ”སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་རག་སྡིས་ཀྱིས “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བོད་སྐྱོད་བྱ་སྤྱོད ”ཀྱི་རིགས་གཅིག་མཁས་པ་དང་སེམས་བཟང་ཅན་དང་མཉམ་དུ་མཛའ་བརྩེའི་ངང་བཞུགས་མོལ་གནང་བ་མ་ཟད། སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཨ་བསྟན་དང་། ཀུང་ཕུའུ་ཀོང་། བློ་བཟང་འགྱུར་མེད་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        རག་སྡིས་ཀྱིས་བོད་སྐྱོད་སྨན་བཅོས་ཀྱི་རིགས་གཅིག་མཁས་པ་མི་རེ་ངོ་རེར་ཕྱག་བཏང་གནང་ཁར་དང་བླངས་ཞབས་ཞུ་མཁན་རིགས་གཅིག་མཁས་པ་ཚོར་མཛའ་བརྩེའི་ངང་འཚམས་འདྲི་ཞུས་པ་དང་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་ཞིང་། ཁོང་གིས་གངས་ལྗོངས་ས་མཐོའི་གནའ་གྲོང་ལྷ་སར་ལྷན་འཛོམས་བྱུང་བ་ཤིན་ཏུ་དགའ་པོ་བྱུང་། ད་རེས་ཁྱེད་ཚོ་བོད་དུ་བྱེད་སྒོ་སྤེལ་བར་ཡོང་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་མཐོང་ཆེན་གནང་བ་མ་ཟད། ངས་པེ་ཅིང་ནས་ཉེ་དུས་ཁྱེད་རྣམས་བོད་ཀྱི་ནག་ཆུ་དང་གཞིས་རྩེ་ས་ཁུལ་དུ་སྨན་བཅོས་ཀྱི་དང་བླངས་ཞབས་ཞུར་ཡོང་གི་ཡོད་པ་ཐོས་བྱུང་བས་ལྷ་སར་ཁྱེད་ཚོ་དང་ཐུགས་འཕྲད་བྱ་རྒྱུའི་རེ་བ་བྱུང་། ཕྱིས་སུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ང་ལ་ཁ་པར་བརྒྱབ་ནས “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བོད་ཀྱི་བྱ་སྤྱོད ”སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་རྒྱུའི་གྲོས་འགོ་བཏོན་ཁར་ལྷ་སར་ཁྱེད་ཚོ་དང་ཐུགས་འཕྲད་བྱེད་རོགས་ཞེས་གསུངས་བྱུང་བས་ངས་དགའ་པོའི་ངང་ཁས་བླངས་པ་ཡིན།

        རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུས་ཀྱང་ཁྱེད་ཚོའི་བྱེད་སྒོར་མཐོང་ཆེན་གནང་ཁར་ཁྱེད་ཚོའི་ས་ཁུལ་ཁག་ཏུ་ལས་དོན་སྒྲུབ་ཚུལ་ཁོང་ཚོས་འཕྲལ་དུ་བཤད་བྱུང་། ཁྱེད་ཚོ་ནག་ཆུ་དང་གཞིས་རྩེ་ས་ཁུལ་དུ་ཉིན་ཁ་ཤས་བསྐྱོད་རིང་ངས་དོ་ཁུར་ཆེན་པོ་བྱས་པ་དང་ཁྱེད་ཚོ་ད་རེས་བོད་དུ་ཡོང་བའི་དུས་ཚོད་ཐུང་ཐུང་ཡིན་རུང་དུས་ཚོད་དམ་འཛིན་གྱིས་སྨན་བཅོས་ཞབས་ཞུའི་ལས་དོན་འབོར་ཆེན་བསྒྲུབས་ཏེ་ནད་གཞི་ལྕི་པོ་ཕོག་པའི་ནད་པ་མི་ཉུང་བ་བསྐྱབས་ཁར་ཡུལ་དེའི་སྨན་དོན་མི་སྣ་གསོ་སྦྱོང་བྱས་ཡོད་ཅིང་། ནག་ཆུ་དང་གཞིས་རྩེ་ས་ཁུལ་གཉིས་པོར་དུས་ཡུན་ཉིན་ལྔ་དྲུག་ནང་ཞིང་འབྲོག་པ་དང་སློབ་མ་4000 ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཁར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་45ཡི་ནད་གཞི་གཏན་འཁེལ་བྱས་ཡོད། ནག་ཆུར་ཁྱེད་ཚོས་རྒན་གསོ་ཁང་གི་རྒན་རྒོན་50 དང་། བྱིས་པའི་ཕན་བདེ་ཁང་གི་བྱིས་པ་22 ཞབས་རྟེན་དགོན་པ་དང་བཙུན་མོའི་དགོན་པའི་གྲྭ་བཙུན་37 བཅས་དང་དེ་བཞིན་ཉེ་འགྲམ་ཤང་གྲོང་གི་དུད་ཚང་དབུལ་པོ་33 ལ་གཅེས་སེམས་མཚོན་པའི་སྨན་བཅོས་བྱས་ཡོད། དེའི་རིང་ཁྱེད་ཚོས་ཞིང་འབྲོག་པ་ནད་ཀྱིས་མནར་བའི་སྡུག་བསྔལ་ལས་སྐྱོབ་རོགས་བྱས་པ་མ་ཟད། དངུལ་སྒོར་ཁྲི་100 ཙམ་རི་བའི་སྨན་བཅོས་ཡོ་བྱད་དང་སྨན་ཡང་སྤྲད་དེ་ཞིང་འབྲོག་པར་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་མཚོན་པ་བྱས་པ་ངས་ཤེས་བྱུང་། ཁྱེད་ཚོས་ས་མཐོར་མི་འཕྲོད་པ་དང་ལམ་བར་གྱི་ངལ་བ་ཁྱད་བསད་བྱས་ཏེ་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱེད་རིང་རིགས་གཅིག་མཁས་ཅན་དང་ལས་དོན་མི་སྣ་ལ་ལ་ངལ་དུབ་ཆེ་ཞིང་གསོ་རླུང་མི་འདང་བའི་ཚོར་བ་བྱུང་ནས་འགྱེལ་བ་དང་དྲན་པ་སོས་འཕྲལ་གསོ་རླུང་རྔུབ་གྱིན་དུ་མང་ཚོགས་ལ་ནད་གཞི་བལྟ་གི་ཡོད་པ་དང་ཞིང་འབྲོག་པའི་ལུས་ཁམས་བདེ་ཐང་ཡོང་བ་དང་མི་རིགས་མཐུན་སྒྲིལ་ཆེད་དུ་བློས་གཏོང་བྱེད་པའི་སྙིང་སྟོབས་ལ་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད་ལ་ལས་སླ་པོ་ཞིག་གཏན་ནས་མིན་པས་ཞིང་འབྲོག་པས་ཐུགས་རྗེ་ཆེ་ཞུས་ཁར་ཡུལ་དེའི་སྨན་དོན་མི་སྣར་ཡང་སློབ་གསོ་དང་སྐུལ་མ་ཐེབས་ཡོད། ཁྱེད་ཚོའི་ད་རེས་ཀྱི་བྱེད་སྒོ་ལམ་ལྷོངས་བྱུང་ཡོད་ཅེས་ཤོད་ཆོག་པ་མ་ཟད། ཁྱེད་ཚོའི་བྱ་སྤྱོད་ཀྱིས་ང་ལའང་སེམས་འགུལ་ཐེབས་ནས་ཁྱེད་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་གུས་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        རག་སྡིས་ཀྱིས “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀྱི་བོད་སྐྱོད་བྱ་སྤྱོད ”ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སྡེ་ཚན་གྱི་གཅིག་གྱུར་མཐུན་སྦྱོར་དང་བཀོད་སྒྲིག་འོག་དང་རྒྱལ་ནང་གི་གཅེས་སེམས་ཁེ་ལས་ཁག་གཅིག་གིས་མ་དངུལ་འབོར་ཆེན་བཏང་ནས་སྒེར་སེམས་མེད་པའི་རོགས་རམ་བྱས་པའི་འོག་རྒྱལ་ཡོངས་འཕྲོད་བསྟེན་སྨན་བཅོས་ལས་རིགས་ཀྱིས “མི་གཞི་རྩར་འཛིན་པའི ”ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱེད་པའི་དྲང་བདེན་དང་དགེ་བའི་བྱ་སྤྱོད་གལ་ཆེན་ཞིག་རེད། བྱེད་སྒོ་དེ་སྤེལ་ནས་ལོ་4ལྷག་ཙམ་སོང་རིང་སྨན་བཅོས་རིགས་གཅིག་མཁས་ཅན་དང་སེམས་བཟང་ཅན་མང་པོ་བྱེད་སྒོ་དེའི་ནང་ཞུགས་ཡོད། ཁྱེད་ཚོས་དགེ་བའི་བསམ་བློ་དང་། བྱམས་སྙིང་རྗེའི་བསམ་བློ། སྤྱི་ཕན་གྱི་བསམ་བློ་བཅས་བཅངས་ནས་རང་རྒྱལ་གྱི “གསར་བརྗེའི་གནས་གཞིའི་ས་ཁུལ་ཪྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ ”བཅས་སུ་སྙིང་ཀླད་ཁྲག་རྩའི་ནད་གཞི་གཙོ་བོར་བྱས་པའི་ནད་པ་མང་པོར་སྨན་རིན་མི་དགོས་པའི་སྨན་བཅོས་བྱས་པ་དང་ཆབས་ཅིག་ད་དུང་བརྟག་ཞིབ་གསོ་སྦྱོང་དང་། འོས་འགན་སྨན་བཅོས། བདེ་ཐང་དྲིལ་བསྒྲགས། གཅེས་སེམས་མཚོན་པའི་ཞལ་འདེབས་ཕུལ་བ་སོགས་མི་སེར་ལ་ཕན་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོར་ནད་གཞི་སྔོན་འགོག་དང་སྨན་བཅོས་བྱས་པ་དང་གསོ་རིག་ཤེས་བྱ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ལྷག་པར་དུ་དབུལ་པོའི་ཁྱིམ་ཚང་ནད་གཞི་ལྕི་པོའི་དཀའ་ཉེན་ལས་ཐར་བའི་རོགས་རམ་བྱ་རྒྱུའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

        རག་སྡིས་ཀྱིས “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད ”ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱིས་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ལྷག་དོན་དུ་ཐབས་ཤེས་ཧུར་ཐག་བཙལ་ནས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་སྨན་བཅོས་ལས་རིགས་དང་གཅེས་སེམས་ཁེ་ལས་སྐུལ་སློང་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་རྒྱལ་གྱི “གསར་བརྗེའི་གནས་གཞིའི་ས་ཁུལ་ཪྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ ”བཅས་ཀྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རོགས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

        མཇུག་ཏུ་རག་སྡིས་ཀྱིས་རིགས་གཅིག་མཁས་ཅན་ཚོ་ད་རེས་བོད་དུ་ཕེབས་པའི་དོན་སྙིང་སྤྱིར་བཏང་ཞིག་མ་ཡིན་པས་ཁྱེད་ཚོའི་གཅེས་སེམས་དང་དགེ་བའི་བྱ་སྤྱོད་ལས་གངས་ལྗོངས་ས་མཐོའི་ཐོག་ཀྲུང་ཧྭ་ལ་གཅེས་སེམས་ཟབ་མོ་བཅངས་པའི་ལེའུ་གསར་པ་བརྩམས་ཡོད་པ་དང་། ཁྱེད་ཚོས་བློས་གཏོང་བྱས་པའི་དཀའ་སྤྱད་དང་རྔུལ་ཆུ་ལསབོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་པོ་བདེ་ཐང་ཐད་སྐུལ་མ་ནུས་ལྡན་ཐེབས་ཡོད་པ། ཁྱེད་ཚོས་བྱེད་སྒོ་སྤེལ་འགོ་བཙུགས་པ་དང་དེའི་ནང་ཞུགས་པའི་རླབས་ཆེ་ལ་བླ་ན་མེད་པའི་སྤྱི་ཕན་བྱེད་སྒོ་དེ་ལས་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་ཞི་མཐུན་དང་སྟོབས་ལྡན་བཅས་ལས་ཚང་མར་དགེ་མཚན་ལྡན་ལ་དོན་སྙིང་གཏིང་ཟབ་ལྡན་པའི་ཤུགས་རྐྱེན་བཟང་པོ་ཐེབས་ངེས་ཡིན། ཁྱེད་ཚོའི་སྒེར་སེམས་མེད་པའི་ལེགས་སྐྱེས་དང་ལྷག་བསམ་རྣམ་དག་གི་དགེ་བའི་བྱ་སྤྱོད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད ”ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དེ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        མགོན་པོ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་ཚབ་ཞུས་ཏེ “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད ”ཀྱི་བྱེད་སྒོའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་བོད་དུ་སྨན་བཅོས་བྱེད་པ་དང་སྨན་སྤྲོད་པའི་བྱེད་སྒོ་སྤེལ་བར་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་རིགས་གཅིག་མཁས་ཅན་ཚོས་ས་མཐོར་མི་འཕྲོད་པ་དང་ལམ་བར་གྱི་ངལ་དུབ་ཁྱབ་བསད་བྱས་ཏེ་བོད་ཀྱི་ནག་ཆུ་དང་གཞིས་རྩེ་ས་ཁུལ་གྱི་གཞི་རིམ་ཞིང་འབྲོག་ཁུལ་དུ་སླར་ཡང་ཡོང་ནས་མི་རིགས་ཁག་གི་མང་ཚོགས་བདེ་ཐང་ཡོང་ཆེད་སྨན་བཅོས་བྱེད་པ་དང་སྨན་སྤྲད་དེ་དྲོ་སྐྱིད་སྦྱིན་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བསྡུར་ཐབས་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ལ་མི་རིགས་མཐུན་སྒྲིལ་གྱི་མཚོན་ཚུལ་གཙོ་བོ་དེའང་ཡིན། བོད་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་དང་ས་ཁུལ་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ལྟར་ད་རེས་ཀྱི་བྱེད་སྒོ་སྤེལ་རྒྱུར་མཐོང་ཆེན་བྱས་ཏེ་དམངས་སེམས་ཐོབ་པའི་བྱེད་སྒོ་དེར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།