དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་25ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པ་ལྷ་སར་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་དང་ཀྲུའུ་རེན་གཞོན་པ་ཨ་བསྟན་གྱིས་ཁག་སོ་སོར་སྔ་དྲོ་དང་ཕྱི་དྲོའི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་པར་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བྱང་ཆུབ་ཀྱིས་གནང་བའི་མི་དོན་བསྐོ་འཐེན་བྱ་རྒྱུའི་སྐོར་གྱི་གྲོས་གཞིའི་དོན་ཚན་གསལ་བཤད་དང་། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་དབྱི་ཕིང་གིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག (འཆར་ཟིན་)》སྐོར་གྱི་གསལ་བཤད་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆའོ་ཙེང་ལོའུ་ཡིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག (འཆར་ཟིན )》སྐོར་གྱི་ཞིབ་དཔྱད་བསམ་འཆར་གྱི་སྙན་ཞུ། རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་རིན་གྱིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི <ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས >ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན )》སྐོར་གྱི་གསལ་བཤད་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཆི་མེད་རྣམ་རྒྱལ་གྱིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི <ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས >ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན )》སྐོར་གྱི་ཞིབ་དཔྱད་བསམ་འཆར་གྱི་སྙན་ཞུ། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཚེ་དབང་སྟོབས་རྒྱལ་གྱིས་གནང་བའི 《ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ 》དང་རང་སྐྱོང་ལྗོངས་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཅུས་ཅན་ཧྭ་ཡིས་གནང་བའི 《ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ 》བཅས་གསན་པ་རེད།

        ཕྱི་དྲོ་འཚོགས་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཆིང་ལིན་གྱིས་གནང་བའི 《2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་སྒྲིག་བྱ་ཚུལ་སྐོར་གྱི་སྙན་ཞུ 》དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝང་ཏ་ཧའེ་ཡིས་གནང་བའི 《<2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་སྒྲིག་བྱ་ཚུལ་སྐོར་གྱི་སྙན་ཞུའི >དཔྱད་ཞིབ་བསམ་འཆར 》རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ཨའེ་ཅུན་ཐའོ་ཡིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས་དང་2012ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ 》 རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་ཐིང་ཀྲང་ལྷག་པས་གནང་བའི 《2011ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་ནོར་སྲིད་ཡོང་སྒོ་གཞན་གྱི་གནས་ཚུལ་གྱི་རྩིས་བཤེར་ལས་དོན་གྱི་སྙན་ཞུ 》རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀུའུ་མེ་ཀྲིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས་སྐོར་གྱི་ཞིབ་དཔྱད་སྙན་ཞུ 》བཅས་གསན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།