དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7 ཚེས་25ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝུའུ་དབྱིང་ཅེས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འཚོགས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག་དང་རྣམ་གྲངས་གལ་ཆེན་གྱི་བསམ་འཆར་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ 》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི་སྔར་བས་བཀོད་སྒྲིག་གནང་བ་རེད།

        ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་ནས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་རབ་དང་རིམ་པ་བཟོས་ཐོག་ལག་བསྟར་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་བོད་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་བཀོད་སྒྲིག་བྱས་ནས་རང་ལྗོངས་ཀྱི་2015ལོའི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་ཆུང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་2020ལོར་སླེབས་དུས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཐག་ཉེ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཐག་ཉེ་རུ་གཏོང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས། 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག་དང་རྣམ་གྲངས་གལ་ཆེན་གྱི་བསམ་འཆར་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོས 》བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་གཟིགས་སྐྱོང་སྲིད་ཇུས་ཀྱི་འགན་ལེན་དང་རྣམ་གྲངས་གལ་ཆེན་གྱི་འདེགས་སྐྱོར་བྱས་ཡོད། 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག་དང་རྣམ་གྲངས་གལ་ཆེན་གྱི་བསམ་འཆར་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི 》དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་དང་རྣམ་གྲངས་བསམ་འཆར་ལ་རིམ་གྱིས་དབྱེ་ཕྲལ་ཞིབ་ཕྲ་བྱས་ནས་ལས་ཀའི་དམིགས་ཚད་དང་། གོ་རིམ། བྱ་ཐབས་བཅས་དང་དེ་བཞིན་སྣེ་ཁྲིད་སྡེ་ཚན་དང་ཞུགས་མཁན་ཚན་པ་ཁ་གསལ་བཟོས་ཡོད། རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ནས་བསམ་བློར་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་ངོས་འཛིན་མཐོར་གཏོང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་ལས་འགན་དབྱེ་ཕྲལ་གྱི་བླང་བྱ་ལྟར་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ནན་པོ་བཅས་ཆུད་ཟོས་སུ་གཏོང་མི་རུང་ཞེས་གསུངས་པ་རེད།

        ཝུའུ་དབྱིང་ཅེས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་དམིགས་ཚད་ལས་འགན་གཏན་འཁེལ་བྱས་པས་འགག་རྩ་ནི་དོན་འཁྱོལ་ལས་དོན་ལ་དམ་འཛིན་གྱིས་བསམ་བློ་གཅིག་གྱུར་དང་། ལས་དོན་དོན་འཁྱོལ། བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུ་བཅས་ལ་དམ་འཛིན་ནན་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཐོག་ལག་བསྟར་དོན་འཁྱོལ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་། 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག་དང་རྣམ་གྲངས་གལ་ཆེན་གྱི་བསམ་འཆར་པར་འགྲེམས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ 》གཞིར་བཟུང་སྡེ་ཚན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་རང་ངོས་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ་ལག་བསྟར་དོན་འཁྱོལ་བྱེད་པའི་སྐུལ་སྤེལ་ནུས་ཤུགས་ཤིག་ཆགས་པ་བྱེད་དགོས་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་རིགས་པས་ཁུངས་སྐྱེལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ། བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གསེད་དཀྲོལ་ནན་ཏན་བྱས་ཏེ་སྲིད་ཇུས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་ཆུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་ཁུར་བ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།