དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལི་ཀྲའོ་ཡིས་ནེ་པ་ལའི་ནང་སྲིད་པུའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་21ཉིན་ལྷ་སར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཀྲའོ་ཡིས་ནེ་པ་ལའི་ནང་སྲིད་པུའི་དྲུང་ཡིག་ལ་ན་ཡིས་ཚོགས་གཙོ་གནང་བའི་ནེ་པ་ལའི་ནང་སྲིད་པུའི་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        ལི་ཀྲའོ་ཡིས་དང་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཚབ་ཞུས་ཏེ་འཐུས་མི་ཚོགས་པ་དང་བཅས་པར་དགའ་བསུ་ཞུས་གནང་བ་རེད། ཁོང་གིས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བ་དང་གཅིག་ལ་གཅིག་བརྟེན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ་རྒྱལ་ཁབ་གཉིས་པོའི་འགྲོ་འོང་རྒྱུན་རིང་བ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ལྡན། ལྷག་དོན་དུ་ལོ་ཤས་རིང་ནེ་པ་ལ་སྲིད་གཞུང་དང་། ནང་སྲིད་པུའུ། ཉེན་རྟོག་པ་སོགས་སྡེ་ཚན་ཁག་གིས་ཡུལ་དུས་གང་འདྲ་ཞིག་གི་འོག་ཏུའང་མི་སུས་ཀྱང་ནེ་པ་ལའི་མངའ་ཁོངས་བེད་སྤྱད་ནས་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྒོ་སྤེལ་མི་ཆོག་ཅེས་ནན་བཤད་ཐེངས་མང་བྱས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བསྔགས་བརྗོད་བྱེད་བཞིན་ཡོད་ཅེས་གསུངས་ཤིང་། ལི་ཀྲའོ་ཡིས་ད་དུང་ནེ་པ་ལའི་ནང་སྲིད་པུའུ་དང་ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་ང་ཚོ་དང་ལྷན་དུ་མཐའ་མཚམས་ས་ཁུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་། མཐའ་མཚམས་ཀྱི་ཞི་མཐུན། ཡུལ་སྐོར་བྱ་གཞག་འཕེལ་རྒྱས་བཅས་ཀྱི་ཆེད་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་དགོས་པའི་ཐུགས་རེ་གནང་བ་རེད།

        མཇལ་འཛོམས་བྱེད་རིང་ལ་ན་ཡིས་ནེ་པ་ལ་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་བེད་སྤྱད་ནས་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྒོའམ་ཀྲུང་གོར་གནོད་པའི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག་ཅེས་བསྐྱར་བཤད་གནང་ཞིང་། ལ་ན་ཡིས་ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་གཉིས་དབར་ཡུན་རིང་གི་མཛའ་གྲོགས་འབྲེལ་བ་ཡོད། མཛའ་གྲོགས་འབྲེལ་བ་འདི་ཉིད་སྲིད་གཞུང་གི་ཕྱོགས་ཙམ་མ་ཡིན་པར་དམངས་ཁྲོད་དུའང་ཡོད། ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་མཐའ་མཚམས་ལམ་ཐིག་ཧ་ཅང་རིང་བ་དང་ཉེས་གསོག་བྱེད་སྒོར་རྡུང་རྡེག་གཏོང་ཆེད་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དཔོན་རིགས་ཀྱིས་གཞོགས་འདེགས་དང་བསམ་ཤེས་གང་ལེགས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་དང་ཞི་བདེར་སྲུང་སྐྱོང་སྔར་བས་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།