དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་12པ་གཙོ་སྐྱོང་གནང་སྟེ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་12པ་གཙོ་སྐྱོང་གནང་སྟེ་འཚོགས་ཤིང་། སློབ་ཞུགས་གོང་གི་ཁ་གསབ་རོགས་དངུལ་དང་འོས་འགན་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་ལ “འགན་ལེན་གསུམ ”དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུ་ཕྲུག་གི་སློབ་རོགས་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

        སློབ་མ་དང་སློབ་གྲྭའི་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ཚོགས་འདུའི་ཐོག་ད་ལོའི་སྟོན་ཁའི་སློབ་དུས་ནས་བཟུང་ད་ལྟ་ལག་བསྟར་བྱེད་པའི་སྲིད་ཇུས་ཁྱབ་ཁོངས་སུ་རང་ལྗོངས་ཀྱི་སློབ་ཞུགས་གོང་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་བཅས་དུས་མཚམས་ཀྱི་སློབ་གསོའི་ཞིང་འབྲོག་པའི་བུ་ཕྲུག་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུ་ཕྲུག་ལ “འགན་ལེན་གསུམ ”དང་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་བཅད་གྲངས་ལྟར་ལེགས་སྒྲིག་བྱས་ཏེ་དེང་སྐབས་ལག་བསྟར་བྱེད་པའི་ཚད་གཞིའི་ཐོག་སློབ་མ་རེར་སློབ་ལོ་རེར་སྒོར་200མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།

        ཚོགས་འདུའི་ཐོག 《སློབ་ཞུགས་གོང་གི་ཁ་གསབ་རོགས་དངུལ་དང་འོས་འགན་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་ལ “འགན་ལེན་གསུམ ”དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུ་ཕྲུག་གི་སློབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་དགོངས་སྐོར 》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།