གངས་ལྗོངས་ས་མཐོར་ཐུགས་བརྩེ་ཤིན་ཏུ་ཟབ།
འདི་ནི་ཟླ་7ཚེས་20ཉིན་ལི་ཁྲང་ཁྲུན་ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱིས་བོད་ཀྱི་དྲིལ་བསྒྲགས་རིག་གནས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་དངོས་པོ་སྤྲོད་པའི་མཛད་སྒོར་ཞུགས་གནང་བའི་གནས་ཚུལ་ཡིན་པ།
འདི་ནི་ཟླ་7ཚེས་18ཉིན་ལི་ཁྲང་ཁྲུན་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་བྱེད་ཚུལ་ལ་རྟོག་ཞིབ་དང་མཁྱེན་རྟོགས་གནང་བ་དང་འབྲེལ་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་སྐུ་འགྱེད་བསྐྱོན་པའི་གནས་ཚུལ་ཡིན་པ།
ཟླ་7ཚེས་17ཉིན་ནས་ཟླ་7ཚེས་21ཉིན་བར་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་ཞིང་ཁྱིམ་དང་། ཞིང་འབྲོག་ཁུལ། དྲིལ་བསྒྲགས་བསམ་བློ་དང་རིག་གནས་སྡེ་ཚན་བཅས་སུ་ཕེབས་ནས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཚུལ་མཁྱེན་རྟོགས་གནང་ནས་བོད་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།
ཟླ་7ཚེས་17ཉིན་བོད་དུ་ཕེབས་འབྱོར་ཟིན་པའི་ཉིན་དེའི་ཕྱི་དྲོ་ལི་ཁྲང་ཁྲུན་གྱིས་སྐུ་ངལ་ལ་མ་འཛེམས་པར་རླངས་འཁོར་ལ་སྤྱི་ལེ་བརྒྱ་ཙམ་བཞུགས་ནས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་ཞིང་པའི་དཔེ་དེབ་ཁང་དང་རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ལ་ཁྱབ་པའི ”འདུ་འགོད་ལག་བསྟར་བྱ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་ཕེབས་པ་རེད།
བཀྲ་ཤིས་སྒང་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་དུ་ཕེབས་སྐབས་ལི་ཁྲང་ཁྲུན་གྱིས་གཟིགས་སྐོར་གནང་ཞོར་དུ་གནས་ཚུལ་ངོ་སྤྲོད་གསན་པ་རེད།
“ཁྱེད་ཚོའི་དཔེ་དེབ་ཁང་དུ་དཔེ་དེབ་གྲངས་ཚད་མང་ཉུང་ཇི་ཙམ་ཡོད་དམ ”
“དེབ་5000ལྷག་ཙམ་ཡོད ”
“རིགས་གང་དང་གང་ཡོད་དམ ”
“ལོ་རྒྱུས་དང་། ས་ཁམས། ཞིང་འབྲོག་ཚན་རྩལ། སྲིད་ཇུས་དང་ཁྲིམས་སྲོལ་སོགས་རིགས་ཆེ་གྲས་བཅུ་གྲངས་ཡོད ”
དྲི་བ་རེ་རེར་ལན་རྒྱག་པའི་རྣམ་པའི་ཐོག་ནས་ལི་ཁྲང་ཁྲུན་གྱིས་རང་ལྗོངས་ཀྱི་ཞིང་པའི་དཔེ་དེབ་ཁང་འཛུགས་སྐྱོང་ཐད་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་ཡོད།
ཁོང་གིས་སྐུ་ལྷོད་ལྷོད་ངང་དཔེ་དེབ་ཀྱི་གཡར་ཐོར་ནན་པོ་གཟིགས་པ་དང་འབྲེལ་ལས་དོན་མི་སྣར་ནན་ཏན་ངང “ཞིང་འབྲོག་པས་དཔེ་དེབ་བལྟ་བའི་སྤྲོ་སེམས་ཆེན་པོ་འདུག་གམ། གཡར་ཟིན་པའི་དེབ་འདི་གཉིས་ཀྱི་ནང་དོན་གང་རེད་དམ ”ཞེས་བཀའ་འདྲི་གནང་།
“ང་ཚོའི་དཔེ་དེབ་ཁང་ནང་དཔེ་དེབ་ཀྱི་གྲངས་ཚད་མང་བ་དང་རིགས་ཀྱང་མང་པོ་ཡོད་པས་ཞིང་འབྲོག་པས་དཔེ་དེབ་གཡར་ནས་བལྟ་བའི་སྤྲོ་སེམས་ཧ་ཅང་ཆེན་པོ་ཡོད། ད་ཐེངས་གཡར་བ་དེ་ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་སྐོར་དང་གཞན་དེ་ལོ་ཆུང་བྱིས་པའི་ཚན་རིག་ཁྱབ་གདལ་རིགས་ཀྱི་དཔེ་དེབ་རེད ”ཅེས་ཞུས།
ལི་ཁྲང་ཁྲུན་གྱིས་བཀའ་འདྲི་ནན་ཏན་གནང་བར་ལས་དོན་མི་སྣས་ཀྱང་ལན་ནན་ཏན་ངང་བརྒྱབ་པ་རེད།
ལི་ཁྲང་ཁྲུན་གྱིས་ཞིང་པའི་དཔེ་དེབ་ཁང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
བོད་ཀྱི་ཞིང་འབྲོག་པས་བཪྙན་འཕྲིན་བལྟ་ཐུབ་མིན་དང་རླུང་འཕྲིན་ཉན་ཐུབ་མིན་ནི་ལི་ཁྲང་ཁྲུན་གྱིས་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བའི་གནད་དོན་ཞིག་རེད།
འདམ་གཞུང་རྫོང་དག་པོ་གྲོང་ཚོར་ལི་ཁྲང་ཁྲུན་གྱིས་འབྲོག་པ་ཉི་མའི་སྦྲ་གུར་ནང་ཕེབས་ནས་ཉི་འོད་ནུས་པའི་བཪྙན་འཕྲིན་འཕྲུལ་འཁོར་སྤྱོད་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་བ་རེད།
“བཪྙན་འཕྲིན་འཕྲུལ་འཁོར་ཡག་པོ་འདུག་གམ ”ཞེས་ལི་ཁྲང་ཁྲུན་གྱིས་བཀའ་འདྲི་གནང་།
“ཧ་ཅང་ཡག་པོ་འདུག ཀྲུང་དབྱང་བཪྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོ་དང་། བོད་ལྗོངས་སྲུང་སྐར་འཕྲིན་ལམ། ཞིང་ཆེན་ཁག་གི་བཪྙན་འཕྲིན་ལེ་ཚན་བཅས་ཚང་མ་བལྟ་ཐུབ་ཀྱི་འདུག ”ཅེས་འབྲོག་པ་ཉི་མས་ཞུས།
ལི་ཁྲང་ཁྲུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་ངེས་པར་དུ་ཉི་འོད་ནུས་པའི་བཪྙན་འཕྲིན་འཕྲུལ་འཁོར་དེ་དག་བེད་སྤྱོད་དང་བདག་གཅེས་ཡག་པོ་བྱས་ནས་ཁོང་ཚོར་ཕྱི་རོལ་གྱི་འཇིག་རྟེན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཏེ་ཁོང་ཚོའི་རིག་གནས་ཀྱི་གཞི་རྩའི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པའི་མངགས་བཅོལ་ཟབ་མོ་གནང་བ་རེད།
ཉིང་ཁྲི་རྫོང་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་ལི་ཁྲང་ཁྲུན་གྱིས་གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ལ་ཁྱབ་པའི ”འདུ་འགོད་ལག་བསྟར་བྱ་ཚུལ་མཁྱེན་རྟོགས་གནང་བ་རེད།
“གྲོང་ཚོའི་ནང་རླུང་འཕྲིན་བཪྙན་འཕྲིན ‘དུད་ཚང་ཀུན་ལ་ཁྱབ ’ཐུབ་ཡོད་དམ ”
“ང་ཚོས་རླུང་འཕྲིན་བཪྙན་འཕྲིན་ཁྱོན་ཡོངས་ལ་100%ཁྱབ་ཐུབ་པ་བྱས་ཡོད ”
ལི་ཁྲང་ཁྲུན་དང་མཉམ་དུ་ཕེབས་མཁན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ལ་ཁྱབ་པའི ”འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལྗོངས་ཡོངས་སུ་རླུང་འཕྲིན་བཪྙན་འཕྲིན་མི་འབོར་ལ་ཁྱབ་ཚད་92%ཡན་ཟིན་པ་དང་ཞིང་འབྲོག་མང་ཚོགས་85%ཡིས་ཐད་གཏོང་སྲུང་སྐར་བརྒྱུད་དེ་རླུང་འཕྲིན་བཪྙན་འཕྲིན་དུས་ཐོག་ཏུ་བལྟ་ཉན་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་ཞུས་པ་རེད།
ལི་ཁྲང་ཁྲུན་གྱིས་གསན་རྗེས་ཐུགས་ཧ་ཅང་མཉེས་པོ་གནང་ཞིང་། ཁོང་གིས་ངེས་པར་དུ་རླུང་འཕྲིན་བཪྙན་འཕྲིན “དུད་ཚང་ཀུན་ལ་ཁྱབ་པའི ”འདུ་འགོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་མགྱོགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དགོན་སྡེའི་གྲྭ་བཙུན་ཚོའི་བསམ་པའི་རིག་གནས་འཚོ་བ་ཇི་ལྟར་ཡོད་མེད་དེ་ལི་ཁྲང་ཁྲུན་གྱིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་བའི་གནད་དོན་ཞིག་རེད།
ཟླ་7ཚེས་18ཉིན་ལི་ཁྲང་ཁྲུན་གཙུག་ལག་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི “སྔོན་ཐོན་རིག་གནས་དགོན་སྡེར་ཁྱབ་གདལ་གཏོང་བའི ”ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད།
“ད་ཆ་ང་ཚོས་ཚགས་པར་བལྟ་ཀློག་ཐུབ་པ་མ་ཟད་ད་དུང་གྲྭ་ཤག་ཚང་མར་བཪྙན་འཕྲིན་འཕྲུལ་འཁོར་ཡོད་པས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེ་རིགས་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཀྱང་དུས་ཐོག་ཏུ་སློབ་སྦྱོང་བྱེད་ཐུབ་སྟེ་མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི་གནས་ལུགས་ཟབ་མོ་སྔར་བས་ངོས་འཛིན་གཏིང་ཟབ་བྱུང ”
རང་སྐྱོང་ལྗོངས་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང “སྔོན་ཐོན་རིག་གནས་དགོན་སྡེར་ཁྱབ་གདལ་གཏོང་བའི ”ལས་དོན་ལ་སྐུལ་འདེད་བཏང་བར་ལི་ཁྲང་ཁྲུན་གྱིས་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་དགོན་སྡེར “འཛུགས་སྐྲུན་དྲུག ”ཡོངས་ཁྱབ་ངང་བྱེད་པ་དང་། “གཅིག་དྲུག ”བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། “ཡོད་པ་དགུའི ”འདུ་འགོད་ལག་བསྟར་མགྱོགས་པོ་བྱེད་པ། གྲྭ་བཙུན་གྱི་སྨན་བཅོས་དང་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་བཅས་ནི་གསར་གཏོད་རང་བཞིན་གྱི་ལས་དོན་ཞིག་ཡིན་པས་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་གྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་ཕུགས་ཕན་གྱི་ལམ་སྲོལ་ཞིག་ཆགས་པ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
ལི་ཁྲང་ཁྲུན་གྱིས་ད་དུང་བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་དུ་ལི་ཁྲང་ཁྲུན་གྱིས་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱ་ཚུལ་ལ་རྟོག་ཞིབ་ནན་ཏན་གནང་བ་རེད། ཁོང་གིས་ཕེབས་ཞོར་དུ་གཟིགས་སྐོར་གནང་བ་དང་ངོ་སྤྲོད་གསན་ཞོར་དུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་བླང་བྱའང་ཁ་གསལ་བཏོན་གནང་བ་སྟེ།
“ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ཁྱད་དུ་འཕགས་ལ་དཔལ་དང་གཟི་བརྗིད་ལྡན་པ་ཞིག་ཡོད་པ་མ་ཟད་མི་རྣམས་གུས་སེམས་སྐྱེ་བ་ཞིག་ཀྱང་ཡོད་པ་དེ་ནི་བོད་ཀྱི་རིག་གནས་དང་རྒྱའི་རིག་གནས། དེ་བཞིན་མི་རིགས་གཞན་གྱི་རིག་གནས་ཕན་ཚུན་མཉམ་འདྲེས་བྱུང་བའི་བློ་གྲོས་ཀྱི་ཉིང་བཅུད་ཅིག་རེད ”
“མི་རིགས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་བོད་རིགས་ཀྱི་མི་རིགས་རིག་གནས་ཕུལ་བྱུང་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གསོན་ཉམས་དོད་པ་དང་ནུས་པ་ལྡན་པའི་དོན་དངོས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་ཀྱིས་རྫུན་བཟོ་བྱས་པའི ‘བོད་ཀྱི་རིག་གནས་རྨེག་མེད་དུ་གཏོང་བ ’ཟེར་བའི་རྫུན་གཏམ་གྱི་མཐིལ་བརྟོལ་དགོས ”
“གཙོ་གནད་རིག་དངོས་གནའ་ཤུལ་སྲུང་སྐྱོབ་ཉམས་གསོར་ཤུགས་སྣོན་རྒྱག་པ་དང་མྱུར་སྐྱོབ་རང་བཞིན་གྱི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་ལག་བསྟར་མགྱོགས་པོ་བྱས་ཏེ་དེང་རབས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་རིག་དངོས་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་དགོས ”
“མི་རིགས་ཀྱི་རིག་གནས་གནའ་གཞུང་སྔོག་འདོན་དང་། ལེགས་སྒྲིག དཔེ་སྐྲུན། གྲངས་གཞི་ཅན་དུ་འགྱུར་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་སྲུང་སྐྱོབ་དང་རོགས་སྐྱོར་ཧུར་ཐག་བྱེད་དགོས་པ ”བཅས་རེད།
བོད་ཀྱི་གཙོ་ཕྱོགས་སྨྱན་སྦྱོར་འཕེལ་རྒྱས་ཇི་ལྟར་བྱུང་མིན་དེ་ལི་ཁྲང་ཁྲུན་ད་ཐེངས་རྟོག་ཞིབ་གནང་བའི་གཙོ་གནད་ཅིག་རེད།
ཟླ་7ཚེས་20ཉིན་ལི་ཁྲང་ཁྲུན་ཆེད་མངགས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲིའང་གནང་ནས་བོད་ཡིག་གི 《མི་དམངས་ཉིན་རེའི་ཚགས་པར 》གྱི་པར་ངོས་དང 《བོད་ལྗོངས་ཉིན་རེའི་ཚགས་པར 》གྱི་རྩོམ་སྒྲིག་པར་སྐྲུན་བྱེད་ཚུལ་དང་ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་གཉེར་ཚུལ་ལ་རྟོག་ཞིབ་གནང་བ་རེད།
བོད་ཡིག་གི 《བོད་ལྗོངས་ཉིན་རེའི་ཚགས་པར 》རྩོམ་སྒྲིག་ཁང་དུ་ཁོང་གིས་འབྲེལ་ཡོད་འགན་འཁུར་བ་དང་ཕེབས་ཞོར་དུ་བཀའ་མོལ་གནང་བ་དང་བོད་ཡིག་གི 《མི་དམངས་ཉིན་རེའི་ཚགས་པར 》བོད་ཡིག་གི 《བོད་ལྗོངས་ཉིན་རེའི་ཚགས་པར 》གྱི་བོད་ཡིག་གི་རྩོམ་གྱི་མ་ཟིན་ཡིག་སྒྱུར་བྱེད་པ་དང་། ཐ་སྙད་གསར་པ་ཚད་ལྡན་བཟོ་བ། ཚགས་པར་འགྲེམས་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་ལི་ཁྲང་ཁྲུན་གྱིས་གཞུང་ལས་ཁང་དུ་ཕེབས་ནས་རྩོམ་སྒྲིག་གསར་འགོད་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།
“དྲ་ཚིགས་ལ་ལྟ་མཁན་མང་ཉུང་འདུག་གམ། དྲ་ངོས་སུ་པར་གཞི་ག་ཚོད་གཏོད་ཡོད་དམ ”
“ང་ཚོས་བོད་རྒྱ་དབྱིན་གསུམ་གྱི་པར་གཞི་བཏོད་ཡོད་པ་དང་ཉིན་རེར་ལྟ་མཁན་མི་ཐེངས་ཁྲི་100ལྷག་ཙམ་ཟིན་གྱི་འདུག ”
ལི་ཁྲང་ཁྲུན་ད་དུང་དྲ་ཚིགས་ཀྱི་བཪྙན་འཕྲིན་སྟོན་ཁང་དུ་ཕེབས་ནས་དྲ་ཚིགས་ཀྱི་ནང་དོན་དང་དྲ་ངོས་ཇུས་འགོད་སོགས་ལ་གཟིགས་པ་དང་གསར་གཉེར་བྱས་མ་ཐག་པའི་བོད་ཀྱི་ལག་ཐོགས་ཁ་པར་ཚགས་པར་གཉེར་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འགན་འཁུར་བློ་མཐུན་ལ་དྲ་སྦྲེལ་ལ་བྱེད་རིན་ཆེན་པོ་ཡོད་པས་ངེས་པར་དུ་གསར་དར་སྨྱན་སྦྱོར་གྱི་ནུས་པ་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སེམས་ནུས་གཅིག་སྡུད་ཀྱིས་ཡག་པོ་གཉེར་ཏེ་དངོས་ཡོད་དང་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པའི་བོད་ལྗོངས་འདི་ཉིད་འཛམ་གླིང་ཧྲིལ་པོར་ངོ་སྤྲོད་བྱེད་དགོས་པའི་སྐུལ་ལྕག་བཏང་གནང་བ་རེད།
ཟླ་7ཚེས་20ཉིན་གྱི་སྔ་དྲོ་ལི་ཁྲང་ཁྲུན་ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱིས་བོད་ཀྱི་དྲིལ་བསྒྲགས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་དངོས་པོ་སྤྲོད་པའི་མཛད་སྒོ་གལ་ཆེན་ལ་ཞུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱིས་རང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ལ་འཁྱེར་བདེ་བའི་ཉི་འོད་ནུས་པའི་བཪྙན་འཕྲིན་འཕྲུལ་འཁོར་དང་། ཉི་འོད་ནུས་པའི་གྲངས་གཞིའི་བཪྙན་འཕྲིན་འཕྲུལ་འཁོར། གཞི་རིམ་དུ་འཁྲབ་སྟོན་བྱེད་སྐབས་སྤྱོད་པའི་རླངས་འཁོར། གློག་བཪྙན་སྐོར་སྐྱོད་ངང་སྟོན་པའི་རླངས་འཁོར། གནོད་མེད་གློག་ཀླད་སོགས་དངོས་པོ་གནང་བ་རེད།
རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་ལི་ཁྲང་ཁྲུན་གྱིས་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་སྟེ།
——མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ཏཱ་ལའི་རུ་ཚོགས་དང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་དང་འཐབ་རྩོད་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་ཆགས་པ་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་ཧ་ཅང་བཟང་པོ་དེ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས “གསལ་པོ་ཤོད་དགོས་པ་གསུམ ”གྱི་ཐད་སྔར་བས་འབད་བརྩོན་བྱེད་དགོས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་དང་།
——བོད་རིགས་ཀྱི་ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་གསར་གཏོད་གོང་འཕེལ་ཐད་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་ཡུལ་འབད་བརྩོན་ཆེན་པོས་འཛུགས་སྐྲུན་ཡག་པོ་བྱས་ནས་བོད་ཀྱི་རིག་གནས་དེ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་ནང་གི་འོད་སྟོང་འཕྲོ་བའི་མཆོག་ནོར་ཞིག་ཏུ་འགྱུར་བ་བྱེད་དགོས།
——གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་བསྐྲུན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོ་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོའི་འོག་མེས་རྒྱལ་ཁྱིམ་ཚང་ཆེ་མོར་འཛིན་པའི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་དགོས།
——ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིག་གནས་ཐོན་ལས་དང་ཡུལ་སྐོར་ལས་རིགས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་དེ་བོད་ཀྱི་ཀ་རྟེན་ཐོན་ལས་དང་ལེགས་ལྡན་ཐོན་ལས་སུ་འགྱུར་བ་བྱེད་པ་དང་། ཐོན་ལས་ཀྱི་མདུན་ལམ་དང་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྣེ་འདྲེན་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱས་ཏེ་ཐོན་ལས་གཞི་ཁྱོན་ཆགས་པ་བྱེད་པ། བོད་ཀྱི་རྣམ་པ་མཚོན་ཐུབ་ལ་བོད་ཀྱི་ཁྱད་ཆོས་ཀྱང་མཚོན་ཐུབ་པའི་སྤུས་ཚད་དང་གཉེར་འཚོང་གི་རིན་ཐང་ཅུང་མཐོ་བའི་གྲགས་ཅན་རིག་གནས་སྤུས་རྟགས་ཁག་གཅིག་ཧུར་ཐག་བཏོད་དེ་བོད་ཀྱི་རིག་གནས་ཐོན་ལས་ཀྱི་འགྲན་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
——བོད་དང་འབྲེལ་བའི་ཕྱི་ཕྱོགས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་ཕྱིའི་རྒྱལ་ཁབ་ལ་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས་བྱེད་པ་དང་། རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དྲིལ་བསྒྲགས་བྱེད་པ། བོད་ཀྱི་མི་རིགས་རིག་གནས་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པ་དང་རྒྱུན་འཛིན་འཕེལ་རྒྱས་བྱུང་བ་དྲིལ་བསྒྲགས་བྱེད་པ། ཆོས་ལུགས་མཛད་སྒོ་རྒྱུན་ལྡན་ལྟར་སྤེལ་བ་དང་ཆོས་དད་རང་མོས་ལ་བརྩི་འཇོག་ཐོབ་པ་དྲིལ་བསྒྲགས་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་འཚོ་བ་བཟང་པོ་དྲིལ་བསྒྲགས་བྱེད་པ་བཅས་བྱས་ནས་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་བོད་ལྗོངས་ངོ་མ་ཞིག་འཛམ་གླིང་དུ་མངོན་པར་བྱེད་དགོས།
——ཕུགས་ཕན་ལམ་སྲོལ་གང་མགྱོགས་བཙུགས་ནས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། རིག་གནས་ཁ་གཏད་རོགས་སྐྱོར་དེ་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་སྤྱིའི་འཆར་འགོད་ནང་བཅུག་སྟེ་རིག་གནས་བོད་སྐྱོར་དེ་དཔལ་འབྱོར་བོད་སྐྱོར་དང་། ལས་བྱེད་པའི་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར་བཅས་དང་ཟུང་འབྲེལ་བྱས་ཁར་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་དོན་འཁྱོལ། གཅིག་གྱུར་ཕན་ཐོན་བཅས་བྱས་ནས་བོད་ཀྱི་རིག་གནས་འཛུགས་སྐྱོང་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་བཅས་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣