ཟླ་7ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་141པ་དེ་འཚོགས་ནས 《བོད་རང་སྐྱོང་ལྗོངས་གནམ་གཤིས་ཐོན་ཁུངས་དོ་དམ་སྲོལ་ཡིག (འཆར་ཟིན )》དང 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས 〉བྱ་ཐབས་ལག་བསྟར (བཟོ་བཅོས་འཆར་ཟིན )》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་གྱི་སྙན་ཞུ་གསན་པ་དང 《2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་བྱ་ཚུལ་གྱི་སྙན་ཞུའི 》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་དང་། བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་ཞིབ་བཤེར་སྙན་ཞུ། 2012ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱ་ཚུལ་གྱི་བརྟག་དཔྱད་སྙན་ཞུ་བཅས་གསན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད (འཆར་ཟིན )ལ་ཞིབ་འཇུག་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་འབྲེལ་ཡོད་མི་དོན་བསྐོ་འཐེན་དོན་དག་ལ་ཞིབ་བཤེར་བཅས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་དང་། ཀྲང་གཡོད་ཕིང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཀྲའུ་ཁྲུན་ལའེ། སུང་ཧྲན་ལི། ཨ་བསྟན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་ལས་ཁོར་ཡུག་ལས་དོན་ཨུ་ཡོན་ལྷན་ཁང་དང་སྲིང་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བརྟག་ཞིབ་རྒྱ་ཁྱབ་ངང་བྱས་པ་དང་ཕྱོགས་ཚང་མའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས་སྲོལ་ཡིག་གི་འཆར་ཟིན་ལ་ཞིབ་བཤེར་བསམ་འཆར་བཏོན་ཞིང་། ཚོགས་འདུའི་ཐོག་ཞིབ་བཤེར་བསམ་འཆར་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་ལས་ཁོར་ཡུག་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་འཆར་ཟིན་ཁྲོད་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བརྟག་ཞིབ་ལས་དོན་འབོར་ཆེན་སྒྲུབ་པ་དང་ཕྱོགས་ཚང་མའི་ཐད་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་ཞིབ་བཤེར་བསམ་འཆར་བཏོན་ཞིང་། ཚོགས་འདུའི་ཐོག་ཞིབ་བཤེར་བསམ་འཆར་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག 《2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱ་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་བྱ་ཚུལ་གྱི་སྙན་ཞུའི 》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་བསམ་འཆར་གསན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
མི་རིང་བའི་གོང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི 《2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱ་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་བྱ་ཚུལ་སྐོར་གྱི་སྙན་ཞུ 》གསན་པ་དང་གྲོས་ཞིབ་བྱ་རྒྱུར་གཞོགས་འདེགས་བྱེད་ཆེད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ས་ཁུལ་ཁག་ཏུ་བསྐྱོད་དེ་རང་ལྗོངས་ཀྱི་ལོ་སྟོད་དཔལ་འབྱོར་འཁོར་སྐྱོད་བྱ་ཚུལ་ལ་བརྟག་ཞིབ་བྱས་པ་དང་། རང་ལྗོངས་སུ་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་གནས་པའི་གནད་དོན་ཇི་མ་ཇི་བཞིན་བཏོན་པ། འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་བཏོན་པ། རིན་ཐང་ལྡན་པའི་བརྟག་ཞིབ་ཀྱི་སྙན་ཞུ་གྲུབ་པ་བཅས་བྱུང་ཡོད་ཅིང་། ཚོགས་འདུའི་ཐོག་ཀྲུའུ་རེན་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་ལ་གཞིགས་ནས་བརྟག་ཞིབ་སྙན་ཞུར་བཟོ་བཅོས་ཡག་པོ་བརྒྱབ་རྗེས་པར་འགྲེམས་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།