དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྔོན་རྩིས་བྱས་ན། ཟླ་དང་པོ་ནས་དྲུག་པ་བར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་289ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ།

        ཟླ་7ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་2012ལོའི་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་དང་འབྲེལ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་འདི་ལོ་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་དྲུག་པ་བར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་289ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བའི་ནང་ཐོན་ལས་དང་པོར་འཕར་བའི་རིན་ཐང་སྒོར་དུང་ཕྱུར་31འཕར་བ་དེ་དུས་མཚུངས་ལས་3.4%མང་དུ་སོང་བ་དང་། ཐོན་ལས་གཉིས་པར་འཕར་བའི་རིན་ཐང་སྒོར་དུང་ཕྱུར་77ཟིན་པ་དེ་དུས་མཚུངས་ལས་15%མང་དུ་སོང་བ། ཐོན་ལས་གསུམ་པར་འཕར་བའི་རིན་ཐང་སྒོར་དུང་ཕྱུར་181འཕར་བ་དེ་དུས་མཚུངས་ལས་11.5%མང་དུ་སོང་བ་བཅས་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ཁྲོད་འཕེལ་རྒྱས་མགྱོགས་པོ་དང་ལེགས་པོ་བྱུང་ནས “བརྟན་པོ་གཉིས་དང་། མགྱོགས་པོ་གསུམ། ལེགས་སུ་གཏོང་རྒྱུ་གཉིས ”བཅས་ཀྱི་འཁོར་སྐྱོད་ཁྱད་ཆོས་ཐོན་ཡོད་ཅེས་གསུངས།

        པད་མ་འཕྲིན་ལས་ཀྱིས་འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྔ་འཛིན་རྒྱུན་མཐུད་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་གི་སྡེ་ཚན་གྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བླང་བྱར་ནན་པོར་གཞིགས་ནས་སྙིང་སྟོབས་རབ་འཕེལ་དང་། དཀའ་སྤྱད་འབད་འབུངས། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་དང་བརྟན་ལྷིང་ཡོང་གང་ཐུབ་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས།

        ལོ་སྨད་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུའི་ཐད། པད་མ་འཕྲིན་ལས་ཀྱིས་བླང་བྱ་ཁག་བདུན་བཏོན་གནང་བ་སྟེ། གཅིག་ནས་མ་འཇོག་ལ་དམ་འཛིན་ཤུགས་ཆེན་བྱས་ནས་མ་རྩ་འགུགས་ནུས་ཏན་ཏིག་ཆེ་རུ་བཏང་སྟེ་མ་རྩ་གནད་སར་འབྱོར་བ་དང་རྣམ་གྲངས་གཉེར་རྒྱུ་དེ་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུའི་ལས་དོན་གལ་ཆེན་དུ་བརྩིས་ནས་དུས་འགོའི་ལས་ཀ་ལེགས་པར་སྒྲུབ་པ་དང་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་176ནང་ཆ་རྐྱེན་འཛོམས་རིགས་ལས་གྲྭ་ཚང་མ་འགོ་འཛུགས་དགོས། རྣམ་གྲངས་གལ་ཆེན་གཉེར་མགྱོགས་སུ་གཏོང་བ་དང་སྤུས་ཚད་བདེ་འཇགས་ཡོང་བར་དམ་འཛིན་བྱས་ཏེ་འདི་ལོར་རྒྱལ་ཁབ་ནས་བཏང་བའི་སྒོར་དུང་ཕྱུར་300དོན་འཁྱོལ་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་18%ཡན་ཟིན་པ་བྱེད་དགོས།

        གཉིས་ནས་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་མ་བཏང་ནས་འཛད་སྤྱོད་བྱེད་མང་དུ་ཏིན་ཏིག་གཏོང་དགོས། ལྗོངས་ནང་ཁུལ་དུ་གཞི་ཚུགས་པ་དང་། མིག་རྒྱང་ལྗོངས་ཕྱིར་བལྟ་བ། འཁོར་སྐྱོད་མ་ལག་ལ་ཤུགས་སྣོན་རྒྱག་པ། འཛད་སྤྱོད་ནུས་པ་མཐོ་རུ་གཏོང་བ། འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་གཏོང་བ། འཛད་སྤྱོད་བྱེད་མང་ས་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཐོག་ནས་འཛད་སྤྱོད་བྱེད་མང་དུ་གཏོང་དགོས།

        གསུམ་ནས་ཐོན་ལས་གཞན་སྒྱུར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་ཆེ་རུ་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་། ཁེ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། གླིང་ཁུལ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་དཔལ་འབྱོར་མཉམ་ལས་ལ་སྐུལ་མ་གཏོང་དགོས། ལྷག་པར་དུ་འདི་ལོ་ཞིང་འབྲོག་ལས་ལ་དཀར་ཆུ་བཟང་ཞིང་ལོ་ལེགས་ཡོང་བ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        བཞི་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་དང་ཐོན་ཁུངས་གཉིས་མཐུན་སྦྱོར་ཏན་ཏིག་ཡོང་བ་བྱེད་དགོས། ནུས་རྒྱུ་གྲོན་ཆུང་བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཀྱི་བླང་བྱ་ལག་ལེན་ནན་ཏན་བསྟར་བ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡག་པོ་བསྲུང་རྒྱུ་དང་འཛུགས་སྐྱོང་འཆར་གཞི་ཚགས་ཚུད་ཡོང་བ། སྣོད་བཅུད་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་འགན་འཁྲིའི་ཡི་གེ་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱེད་དགོས།

        ལྔ་ནས་དམངས་འཚོར་དམ་འཛིན་བྱས་ནས་དམངས་ལ་ཕན་བཏགས་ཏེ་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང “བརྒྱད་འཛོམས་ཞིང་དུད ”འདུ་འགོད་ལ་སྐུལ་མ་མགྱོགས་སུ་གཏོང་བ་དང་། འགན་ལེན་སྡོད་ཁང་འཛུགས་སྐྲུན་དང་བགོ་བཤའི་ལས་ཀ་ལེགས་པར་སྒྲུབ་པ། ཁྲོམ་རའི་ཟོག་གོང་བརྟན་པོའི་ངང་ཚོད་འཛིན་བྱེད་པ། ལས་ཞུགས་དམིགས་ཚད་སྒྲུབ་པ། སྤྱི་ཚོགས་འགན་སྲུང་ལས་ཀར་ཤུགས་སྣོན་རྒྱག་པ། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་སྲ་བརྟན་ཡོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དབུལ་སྐྱོར་གསར་སྤེལ་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཐོག་ནས་བྱ་བ་བཟང་པོ་དང་བྱ་བ་དངོས་ལེགས་པར་སྒྲུབ་དགོས།

        དྲུག་ནས་རིག་གནས་ལ་དམ་འཛིན་གྱིས་དར་རྒྱས་ཡོང་བར་སྐུལ་མ་བཏང་སྟེ་རིག་གནས་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་དགོས། རིག་གནས་སྒྱུར་བཅོས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་སྤྱི་པའི་རིག་གནས་དམངས་ཕན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་རིག་གནས་རྣམ་གྲངས་ཀྱི་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་རྨང་གཞི་འདིང་དགོས།

        བདུན་ནས་བརྟན་ལྷིང་དམ་འཛིན་བྱས་ནས་ཞི་མཐུན་ཡོང་བར་སྐུལ་མ་གཏོང་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གླིང་བགོས་དོ་དམ་བྱ་བར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས་པ་དང་། “འཛུགས་སྐྲུན་དྲུག ”དང་། “གཅིག་དྲུག ”“ཡོད་པ་དགུ ”བཅས་ཚད་བརྒལ་ཡོང་གཞིར་བྱས་ཏེ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། བྱ་ཐབས་ཐོག་ནས་གཙོ་གནད་ཁུལ་དང་གཙོ་གནད་མི་དང་། ལྷག་པར་དུ་ཁ་ཐོར་དུ་གནས་པའི་གྲྭ་བཙུན་ལ་དོ་དམ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་སྤྱི་ཚོགས་ཀྱི་འགལ་བ་ཧུར་ཐག་སེལ་བ་དང་། ཞི་མཐུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པའི་ཐོག་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་སྲིང་བརྟན་ལྷིང་ཡོང་ཐུབ་པའི་སྒོ་ནས་གནད་དོན་ཆེན་པོ་མི་ཐོན་ལ་ཆུང་འབྲིང་ཡང་མི་ཐོན་པ་བྱེད་དགོས་པ་བཅས་ཡིན།

        རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་ཚན་པའི་འགན་འཁུར་བའང་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།