བོད་ལྗོངས་ཀྱི་ས་གནས་ཁག་གིས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།
བོད་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ།
བོད་ལྗོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་གིས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་བྱེད་སྐབས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཧུར་ཐག་བཏང་སྟེ་མི་རྩ་བར་འཛིན་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་བ་བསྐྲུན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་ཕན་པ་དང་། ཞི་མཐུན་བརྟན་ལྷིང་ལ་ཕན་པ། མི་རིགས་མཐུན་སྒྲིལ་ལ་ཕན་པ། དམངས་འཚོ་ལེགས་སུ་གཏོང་རྒྱུར་ཕན་པ་བཅས་ཀྱི་བྱས་རྗེས་རྩེ་གྲ་བཏོད་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་དགོས་ཞེས་བཤད་པ་རེད།
ཉིང་ཁྲི་ས་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲི་ཅུན་གྱིས་ཉིང་ཁྲིས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཐུན་སྦྱོར་བརྟན་ལྷིང་གི་སྣེ་ཁྲིད་ཁུལ་བརྩོན་ལེན་བྱེད་པར་བསམ་པའི་སྒུལ་ཤུགས་ཀྱི་འདེགས་སྐྱོར་དང་སྤྱོད་ཚུལ་བཟང་པོའི་འགན་ལེན་དགོས། དེར་བརྟེན་ཉིང་ཁྲི་ས་ཁུལ་གྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ “བོད་སྐྱོད་པ་རྒན་གྲས ”མིག་དཔེ་དང་སོ་སོའི་འཁྲིས་ཀྱི་སྔོན་ཐོན་དཔེ་མཚོན་མིག་དཔེར་བཟུང་སྟེ་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ། འཆི་གསོན་ལྟ་བ། སྐྱིད་སྡུག་ལྟ་བ་བཅས་ཡང་དག་ཅིག་དང་མེས་རྒྱལ་ལ་དགའ་ཞེན་དང་། བོད་ལ་དགའ་ཞེན། བོད་འཛུགས་སྐྲུན་བཅས་ཀྱི་བསམ་བློ་བརྟན་པོར་འཛུགས་རྒྱུའི་མུ་མཐུད་སློབ་གསོ་གཏོང་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་དང་ལག་ལེན་ཤུགས་ཆེན་བྱས་ཏེ་ཏང་གི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་བཏང་ཐོག་སྔོན་ཐོན་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོར་དམ་འཛིན་ནན་པོ་བྱས་ཏེ་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད་པ། ཏན་ཏན་ཏིག་ཏིག་བྱེད་པ་བཅས་ཀྱི་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཤེ་ཨེན་ཀྲོའུ་ཡིས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དྲིལ་བསྒྲགས་དང་དར་སྤེལ་གཏོང་བར་དང་ཐོག་རྫོང་དང་ཚན་པ་ཁག་གིས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དྲིལ་བསྒྲགས་དང་དར་སྤེལ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་ལག་བསྟར་ནན་པོ་བྱེད་པ་དང་། གཉིས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དྲིལ་བསྒྲགས་དང་དར་སྤེལ་གཏོང་བའི་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བ་དང་བྱེད་བདེ་བའི་བྱ་ཐབས་སྤྱོད་པ་དང་འདྲེན་རྟེན་གསར་གཏོད་དང་ཐབས་ལམ་རྒྱ་ཆེར་གཏོང་བ། གསུམ་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དྲིལ་བསྒྲགས་དང་དར་སྤེལ་གཏོང་རྒྱུ་དེ་ཡུན་རིང་ལས་འགན་ཞིག་ཏུ་བརྩིས་ནས་དྲིལ་བསྒྲགས་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་། འབྲེལ་ཡོད་སྡེ་ཚན་སོ་སོས་འགན་འཁུར་བ། ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་བཙུགས་ཏེ་གཅིག་གྱུར་འཆར་འགོད་དང་ཕན་ཚུན་གཞོགས་འདེགས་ཐོག་བྱ་ཐབས་དང་། འགན་འཁྲི། འགན་སྲུང་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་ལམ་ལུགས་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ས་ཨུད་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་སྟོབས་ཤུགས་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་དམིགས་ཚད་ལས་འགན་ཐོག་གཅིག་ཏུ་སྒྲིལ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མངའ་རིས་དེ་ཉིད་རྒྱལ་གཅེས་དང་། ལས་གཏོད། མཐུན་སྒྲིལ། ཤེས་དཔལ་བཅས་ལྡན་པའི་ས་མཐོའི་མཐའ་མཚམས་ཀྱི་ཞི་མཐུན་ས་ཁུལ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
ནག་ཆུ་ས་ཨུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ཝང་ཁྲུན་ཏིང་གིས “ནག་ཆུ་ས་ཁུལ་གྱི་ས་བབ་མཐོ་བ་དང་། ཆ་རྐྱེན་ཞན་པ། དཀའ་ངལ་ཆེ་བ་བཅས་ལ་བརྟེན་ང་ཚོས ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ’དེ་བས་དར་སྤེལ་བཏང་སྟེ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་གནས་སྐྲུན་པའི་གོ་སྐབས་དམ་འཛིན་བྱས་ཏེ་ལེགས་ལྡན་ཕྱུགས་ལས་དང་ལེགས་ལྡན་གཏེར་འདོན་ལས་རིགས་དང་དེ་བཞིན་ཁྱད་ལྡན་ཐོན་ལས་གཞན་དག་འཕེལ་རྒྱས་འགྲོ་རྒྱུའི་ཁྲིད་སྟོན་བྱེད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱས་ནས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་བཏོད་ཐོག་མཚོ་བོད་ལྕགས་ལམ་དེ་ཉིད་ནག་ཆུ་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་ཏུ་འགྱུར་བ་བྱེད་དགོས ”ཞེས་གསུངས་པ་རེད། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ནག་ཆུ་ས་ཨུད་ཀྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏུའུ་ཁྲུན་ལུའེ་ཡིས “དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ང་ཚོ་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་ཚད་མཐོའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རང་ངོས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་རྩལ་ནུས་འདོན་སྤེལ་བྱས་ཏེ་ནག་ཆུ་ས་ཁུལ་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་སྒྲུབ་པ་དང་ཁེ་ཕན་སྒྲུབ་དགོས། བོད་དུ་སྦྱོང་བརྡར་བྱེད་པའི་གོ་སྐབས་བཟང་པོར་གཅེས་འཛིན་བྱས་ནས ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ’དེ་མེས་རྒྱལ་ལ་དྲིན་གསོ་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། སོ་སོའི་སེམས་ཁམས་ལེགས་སུ་གཏོང་བ་བཅས་ལ་བརྩིས་ནས་ནག་ཆུའི་མི་དམངས་ལ་ཁེངས་སྐྱུང་ངང་སློབ་སྦྱོང་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཞི་མཐུན་གྲ་རྒྱས་ཀྱི་ནག་ཆུ་འཛུགས་སྐྲུན་བྱེད་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས ”ཞེས་གསུངས་པ་རེད།
ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་སློབ་ཆེན་ཐོན་པའི་གྲོང་དཔོན་ཀྲང་ཞའོ་པོས “སློབ་ཆེན་ཐོན་པའི་གྲོང་དཔོན་ཡིན་པའི་ང་ལ ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ’ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་བྱུང་། ངས་རྩ་ཆེའི་སྙིང་སྟོབས་དེ་རིགས་དར་སྤེལ་གང་ཐུབ་བཏང་སྟེ་མང་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་བརྒྱུད་སྤྲོད་པ་དང་། གྲོང་དོན་ཐབས་ཇུས་ཀྱི་ཇུས་འདོན་པ། སྲིད་ཇུས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་པ། གྲུབ་ཆ་ལེགས་སྒྲིག་གི་ལག་རྩལ་པ། དམངས་དོན་རྩོད་གཞིའི་འདུམ་འགྲིག་པ། སྔོན་ཐོན་རིག་གནས་ཀྱི་སྣ་འདྲེན་པ་བཅས་ཡག་པོ་ཞིག་བྱས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་མ་གཏོང་རྒྱུ་དེ་སོ་སོའི་མི་ཚེའི་འབད་འཐབ་དམིགས་ཚད་ཅིག་ལ་བརྩི་རྒྱུ་ཡིན ”ཞེས་དང་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་ཧུའུ་ནན་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་ཚུའེ་ཅན་ཡུང་གིས “ང་ཚོས ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ’ལག་ལེན་བྱ་རྒྱུ་དེ་སོ་སོའི་དམིགས་ཡུལ་དུ་བརྩིས་ནས་སེམས་གསོ་འཚམས་འདྲི་དང་དེ་བཞིན ‘ལག་གདང་སྦྲེལ་བ ’སོགས་ཀྱི་བྱེད་སྒོ་སྤེལ་བ་ཕུད་ཁོངས་གཏོགས་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་འཆར་གཞི་ཞིབ་ཚགས་བཟོ་བ་དང ‘འགན་འཁྲི་བདུན ’ལ་དམ་པོར་དམིགས་ནས་དྲག་ཆས་སྐོར་གཡེང་དང་། འགྲིམ་འགྲུལ་དོ་དམ། བདེ་འཇགས་ཞིབ་བཤེར་སོགས་ཀྱི་ལས་དོན་སྒོ་ཀུན་ནས་སྤེལ་བ་དང ‘དམངས་ཆེད་དང་། དམངས་ཕན། དམངས་བདེ ’བཅས་ཀྱི་བྱ་ཐབས་ནན་ཏན་ངང་དོན་འཁྱོལ་བྱས་ནས་ལྷག་བསམ་ཟོལ་མེད་ངང་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་སྒྲུབ་པ་དང་དཀའ་གནད་ཧུར་ཐག་སེལ་རྒྱུ་ཡིན ”ཞེས་བཤད་པ་རེད།
གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ནི་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ནས་དུས་གང་ཞིག་དང་ཪྙོག་འཛིང་ཆེ་བའི་རྣམ་པ་གང་རུང་གི་འོག་ཏུའང་རིག་པ་དྭངས་གསལ་དང་དར་ཆ་གསལ་སྟོན་བྱེད་ཐུབ་པ་བྱེད་པ་དང་ཁ་ཕྱོགས་མི་འཛོལ་བ་དང་དམིགས་ཚད་མི་བརླག་པ་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། ནམ་ཡང་སྔོན་ཐོན་མཐའ་འཁྱོངས་དང་། རྩ་འཛུགས་འཛུགས་སྐྱོང་ཤུགས་ཆེར་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། མི་འདེམས་སྤྱོད་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བྱེད་པ། བསམ་ཕྱོགས་ཡོད་པ་དང་། བྱེད་ཐབས་ཡོད་པ། ཐབས་ཤེས་ཡོད་པ་བཅས་བྱེད་པ་དང་དམིགས་ཚད་དེ་དག་དོན་དངོས་སུ་འགྱུར་ཐུབ་པ་བྱེད་མཁན་ལས་བྱེད་པ་བློ་ཁོག་ཆེན་པོས་བེད་སྤྱོད་བྱེད་པ། ཡར་བསྐོ་ཐུབ་པ་དང་མར་འབེབས་ཐུབ་པའི་ལམ་སྲོལ་ཆགས་པ་བྱེད་པ། བླང་བྱ་ནན་པོ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་ལམ་འཛུགས་སྐྱོང་ཤུགས་ཆེར་གཏོང་བ། ཏང་ཡོན་ལས་བྱེད་པས་ཏཱ་ལའི་རུ་ཚོགས་ལ་སྟོང་བསམ་འཆང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ནན་ལ་ལྕི་བའི་སྒོ་ནས་ཞིབ་གཅོད་བྱེད་པ། ཏང་གི་བཀོད་པར་མི་ཉན་པ་དང་། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། འགན་ཤོར་འགན་འཛོལ་སོགས་ཀྱི་བྱེད་སྤྱོད་ཞིབ་གཅོད་ནན་པོ་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། རུལ་རྒོལ་འགྱུར་འགོག་བྱེད་པའི་ཏང་ཡོན་ལས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དམིགས་ཡུལ་ལག་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཡང་དག་པའི་དབང་ཆའི་ལྟ་བ་དང་། གནས་བབ་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བརྟན་པོ་འཛུགས་པ། ཟོལ་མེད་ངང་སྒྲིག་ཁྲིམས་སྲུང་བའི་སྤྱོད་ཚུལ་དང་དམངས་ཉེན་དམངས་ཆེད་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཚད་བརྒལ་གསར་པ་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
ཆབ་མདོ་ས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རྩ་འཛུགས་པུའི་པུའུ་ཀྲང་ཀྲུའུ་ཀྲུང་ཁུའེ་ཡིས “ཆབ་མདོ་ནི་གངས་ལྗོངས་ས་མཐོའི་ཐོག་སྐར་ལྔའི་དར་དམར་ཐེངས་དང་པོ་སྒྲེང་ཡུལ་ཞིག་ཡིན་ལ ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ’སྔ་ཤོས་སུ་གསོ་སྐྱོང་བྱེད་པ་དང་ཐོན་ཡུལ་ཤིག་ཀྱང་ཡིན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཆབ་མདོས་སྤེལ་བཞིན་ཡོད་པའི ‘བློ་བརྟན་འགྱུར་མེད་གཅིག་དང་ལྷག་བསམ་ཟོལ་མེད་གསུམ ’དང་། ‘དགའ་ཞེན་གསུམ་དང་གསར་གཏོད་གསུམ ’‘དཔེ་བཟང་གཉིས་དང་སྲོལ་གཏོད་གཉིས ’བཅས་ཀྱི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ’དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་དར་སྤེལ་ཤུགས་ཆེན་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་བརྩོན། གསར་འབྱེད་ཡར་བརྩོན། ཡག་ཤོས་གཏོད་རྒྱུའི་བརྩོན་ལེན་བཅས་བྱས་ནས་བོད་ཤར་རྒྱུད་ཀྱི་དཔལ་འབྱོར་སྟོབས་ཆེའི་ས་ཁུལ་གཏོད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་ཞིག་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས ”ཞེས་གསུངས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣