དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བྱམས་པ་ཕུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་139པ་གཙོ་སྐྱོང་གནང་ནས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་139པ་འཚོགས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལག་བསྟར་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་སྙན་ཞུ་གསན་པ་དང་། གྲོང་ཁྱེར་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གནད་དོན་ལ་ཆེད་དོན་བརྟག་ཞིབ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཇུས་གཞིར་ཞིབ་འཇུག་བྱས་པ། རང་ལྗོངས་ཀྱི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་ལེན་བཅའ་ཁྲིམས 》ལག་བསྟར་དང་དེ་བཞིན་དེའི་ལག་བསྟར་བྱ་ཐབས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་པ། ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་སྙན་ཞུ་གསན་པ་བཅས་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་། སུང་ཧྲན་ལི། ཀྲའོ་ཀྲེང་ཤིའུ། ཨ་བསྟན། མ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིང་ཧུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཚོགས་འདུའི་ཐོག་ལོ་དགུའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་འཕྲོད་བསྟེན་སྡེ་ཚན་གྱིས 《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས 》དང་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལག་བསྟར་ནན་ཏན་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི “ནད་གཞི་བལྟ་དཀའ་བ་དང་སྨན་རིན་མཐོ་བའི ”གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་རྒྱུར་དམིགས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་འགོ་འཛུགས་ས་དང་། སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་མ་འཇོག་གིས་གཙོ་ཁྲིད་བྱེད་པའི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགན་ལེན་ལམ་སྲོལ་ཁྱོན་ཡོངས་ནས་འཛུགས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྐུལ་སྤེལ་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ནད་གཞི་བལྟ་བ་དང་སྨན་བཅོས་བྱ་རྒྱུ་འགན་ལེན་ནུས་ལྡན་བྱེད་པ་བཅས་བྱས་པས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པའི་ངོས་འཛིན་བྱས་ཤིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་དང་འཕྲོད་བསྟེན་སོགས་འབྲེལ་ཡོད་སྡེ་ཚན་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་བླང་བྱ་གསལ་པོར་གཞིགས་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་རང་ལྗོངས་ཀྱི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་གཙོ་གནད་ཐོག་ཆེ་རུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཐེབས་རྩའི་ལྟ་སྐུལ་དོ་དམ་དང་བྱེད་ཐབས་ཚད་ལྡན་ཡོང་བ་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱས་ནས་ཞིང་འབྲོག་མང་ཚོགས་ལ་དངོས་འབྲེལ་ཐོབ་དགོས་ངེས་ཀྱི་སྨན་བཅོས་འགན་ལེན་དང་ཞབས་ཞུ་ཐོབ་པ་བྱེད་པ་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཚོགས་འདུའི་ཐོག་རང་ལྗོངས་ཀྱིས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་ལེན་བཅའ་ཁྲིམས 》ལག་བསྟར་བྱེད་པ་དང་དེ་བཞིན་དེའི་ལག་བསྟར་བྱ་ཐབས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྐོར་གྱི་སྙན་ཞུ་གསན་ཞིང་། སྙན་ཞུ་དེ་ཆ་ཚང་ལ་དོན་དངོས་དང་མཐུན་པ་དང་དེའི་ནང་རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་འགན་ལེན་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱེད་ཐབས་གཙོ་བོ་དང་། གྲུབ་འབྲས། ཉམས་མྱོང་བཅས་མཚོན་ཡོད་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དངོས་ཐོག་བདེན་འཚོལ་ངང་སྟོན་པ་དང་བསམ་འཆར་དང་གྲོས་འགོ་ཡང་བཏོན་པའི་ངོས་འཛིན་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུའུ་རེན་ཚོགས་འདུའི་བསམ་འཆར་ལ་གཞིགས་ནས་སྙན་ཞུ་དེར་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་ལ་འབུལ་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་ཡིག་ཐོག་ནས་དཔར་འགྲེམས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་གསན་ཞིང་། སྙན་ཞུ་དེའི་ནང་ཅུང་ཆ་ཚང་བའི་སྒོ་ནས་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་གཙོ་བོ་མཚོན་པ་དང་། དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དོན་དངོས་དང་མཐུན་པའི་ངང་དབྱེ་ཞིབ་བྱས་པ། དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུའུ་རེན་ཚོགས་འདུའི་བསམ་འཆར་ལ་གཞིགས་ནས་བརྟག་ཞིབ་སྙན་ཞུ་དེར་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཉེར་དགུ་པར་ཡིག་ཐོག་ནས་དཔར་འགྲེམས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།