དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་ལ་འཕྲལ་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་ཀྱི་མི་སྣའི་ལས་གནས་བརྟན་སྲུང་གི་གནས་ཚུལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་གནས་ཚུལ་ལ་འཕྲལ་ཞིབ་གནང་བ་དང་འབྲེལ་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་ཀྱི་མི་སྣའི་ལས་གནས་བརྟན་སྲུང་གི་གནས་ཚུལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་གནས་ཚུལ་ལ་འཕྲལ་ཞིབ་གནང་བ་དང་། ཁོང་གིས་དོགས་ཟོན་ཆེར་བསྐྱེད་བྱེད་པ་དང་། བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་ལེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

        སྔོན་ཚུད་ནས་བརྡ་ཐོ་མ་བཏང་བར་ཁྲེན་ཆོན་གོ་ཐད་ཀར་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་ཕེབས་ཤིང་། དེ་གར་ལས་སྣེ་ཁྲིད་མཁན་འགོ་ཁྲིད་དང་ལས་རེས་མི་སྣ་ཚང་མ་ལས་གནས་ཐོག་ཡོད་པ་དང་ལས་དོན་ཁག་གོ་རིམ་ལྡན་པ་ཞིག་ཡོད་པ་གཟིགས་སྐབས་ཁྲེན་ཆོན་གོ་ཐུགས་མཉེས་པོ་བྱུང་ནས་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ལས་རེས་མི་སྣ་ཚང་མ་དང་ཕྱག་བཏང་ནས་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཁྲེན་ཆོན་གོས་ཉེ་དུས་ཚུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚན་ཁག་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེ་བཅས་ཀྱི་དངོས་ཞབས་དཔུང་སྡེ། སྲིད་ཁྲིམས་ལས་ཁུངས་བཅས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལས་འགན་ནན་སྒྲུབ་བྱེད་པ་དང་བསྟུད་མར་དམག་འཐབ་བརྒྱབ་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་ཆེད་རྔུལ་ཆུ་བཏོན་པ་དང་དཀའ་སྤྱད་འབད་བརྩོན་བྱས་ཡོད་པས་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་འབད་འཐབ་གནང་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལས་འགན་སྒྲུབ་མཁན་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བཞིན་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པའི་འགན་འཁྲི་ཧ་ཅང་ཆེ་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་དངོས་སུ་སྒྲུབ་པ་དང་། ཞིབ་ཚགས་སྒྲུབ་པ། ལེགས་པོ་སྒྲུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        དེའང་གཅིག་ནས་དོགས་ཟོན་ཆེར་བསྐྱེད་བྱེད་དགོས་པ་སྟེ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་སེམས་པ། ཉམས་ཉེན་གྱི་སེམས་པ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། བག་གཡེང་གི་བསམ་པ་དང་ལྷོད་གཡེང་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ་ཁྱད་བསད་མཐར་ཕྱིན་པ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་རྩ་བ་ཡིན་པའི་བརྟན་ལྷིང་དམ་པོར་འཛིན་ནས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གཙོ་བོ་ཨང་དང་པོ་དང་ལས་དོན་ཁག་གི་ལྟེ་བའི་ལས་འགན་དང་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས་ཏེ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཉེན་བརྡ་རྒྱུན་དུ་སྒྲོག་པ། མ་བྱུང་སྔོན་འགོག་བྱེད་པ། སྔོན་ནས་དོགས་ཟོན་བྱེད་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ཏེ་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་ནས་གནད་དོན་ཆེན་པོ་མི་ཐོན་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་དམིགས་ཡུལ་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱས་ཏེ་ལྗོངས་ཡོངས་སུ་ཕྱོགས་ཡོངས་ནས་བརྟན་ལྷིང་དང་། ལོ་ཧྲིལ་པོར་བརྟན་ལྷིང་། རྒྱུན་མཐུད་ངང་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་།

        གཉིས་ནས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་པ་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་སྔར་བས་ཞིབ་ཅིང་ཕྲ་བའི་ངང་དོན་འཁྱོལ་གཏིང་ཟབ་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོར་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཤུགས་ཆེན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཙོ་གནད་ས་ཁུལ་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ཁུལ། གཙོ་གནད་མི་ཚོགས་བཅས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་ཆེས་ཆེར་རྒྱག་པ། རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྩ་བའི་ཐོག་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་དགོས། ས་གནས་ཁག་གི་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། བློ་བརྟན་འགྱུར་མེད་ཀྱི་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ལག་བསྟར་བྱེད་ཤུགས་དང་ལས་ཀའི་ཆུ་ཚད་སྔར་བས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་རྣམས་བརྟན་ལྷིང་སྲུང་སྐྱོང་གི་ཞིབ་ཕྲའི་བྱེད་ཐབས་དང་བྱ་སྤྱོད་དངོས་ལ་བསྒྱུར་ཏེ་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པའི་ཐད་ཤུགས་དངོས་རྒྱག་པ་དང་ཤུགས་ནན་པོ་རྒྱག་དགོས་པ།

       གསུམ་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་འགན་གཙང་ལམ་སྲོལ། བརྟན་ལྷིང་སྲུང་སྐྱོང་གི་ལྟ་ཞིབ་ལམ་སྲོལ། ཆ་འཕྲིན་དང་གསང་འཕྲིན་གྱི་ལམ་སྲོལ། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཐོལ་བྱུང་གི་དོན་རྐྱེན་འཕྲད་ཚེ་འཕྲལ་མ་ཉིད་དུ་ཤེས་པ་དང་བློ་ཐག་ཆོད་པོས་ཐག་གཅོད་བྱེད་ཐུབ་པ་བྱས་ནས་གནད་དོན་ཐོན་བཟོ་ཡོད་པའི་སྐབས་ནས་ཐག་གཅོད་བྱེད་དགོས་པ།

        བཞི་ནས་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་སྟེ། མངོན་གསུམ་དུ་རྟོག་ཞིབ་དང་མངོན་མེད་ངང་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གང་ལྟར་གསུམ ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ལས་གནས་བརྟན་སྲུང་མི་བྱེད་མཁན་དང་། ལས་ཀར་འགན་མི་འཁུར་མཁན། བརྟན་ལྷིང་ཐད་གནད་དོན་ཐོན་པ་བཅས་ལ་ཐག་གཅོད་ནན་པོ་བྱེད་དགོས་པ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།