བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུའི་སྐོར་གྱི་བཀོད་སྒྲིག་བསམ་འཆར 》བརྒྱུད་སྤེལ་བྱས་ནས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཕྱོགས་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གིས་ལྗོངས་ཡོངས་ཀྱི་ཏང་རྩ་འཛུགས་ཁག་དང་དེའི་དྲིལ་བསྒྲགས་སྡེ་ཚན་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ལྟར་སྒྲིག་འཛུགས་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པའི་ཁར་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
《བསམ་འཆར 》ནང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ནས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་རྒྱུ་ནི་མིག་སྔར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་དེའི་དྲིལ་བསྒྲགས་སྡེ་ཚན་གྱིས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་དམ་པོར་དམིགས་ཏེ་ཚོཌ་འདུ་བརྒྱུད་བསྒྲགས་བྱེད་པ་དང་། སློབ་སྦྱོང་དང་གྲོས་བསྡུར་བྱེད་པ། གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པ། སྒྲོག་འགྲེལ་དང་ཟུར་ཁྲིད་བྱེད་པ་སོགས་བྱེད་སྟངས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་འཕྱུར་བ་བྱས་ནས་ཚོགས་འདུའི་དགོངས་དོན་དེ་ཏང་ཡོན་ཡོངས་དང་། རིམ་ཁག་ལས་བྱེད་པ། གཞི་རིམ་མང་ཚོགས་བཅས་ཀྱི་ཁྲོད་དུ་གང་མགྱོགས་བརྒྱུད་བསྒྲགས་ཐུབ་པ་བྱེད་དགོས། “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”དགོངས་དོན་གྱིས་ཁ་ཕྱོགས་དང་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་སར་བྱེད་པ་དང་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ཐད་ཀྱི་གྲུབ་འབྲས་ཆེན་པོས་མི་སེམས་གོང་བུར་བསྒྲིལ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་གཏོང་བ་དང་། རང་ལྗོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཐད་ཀྱི་ལོ་རྒྱུས་ཉམས་མྱོང་ལ་གཅེས་འཛིན་བྱེད་པ། དུས་བབ་ཡག་པོར་གཅེས་སྤྲས་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
《བསམ་འཆར 》ནང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པར་ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་《སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གྲུབ་འབྲས་ཕུལ་དུ་བྱུང་བའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད 》དང 《〈རིག་གནས་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར 》གྱི་བླང་བྱ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།
《བསམ་འཆར 》ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་དེའི་དྲིལ་བསྒྲགས་སྡེ་ཚན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ཁག་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། རང་ལྗོངས་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་ཚད་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་བོད་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ཐད་གོ་བ་གཏིང་ཟབ་ལེན་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཆེ་ཁུལ་ནས་རིག་གནས་འཕེལ་རྒྱས་ཀྱི་སྟོབས་ཆེའི་ཁུལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་མཐའ་འཁྱོངས་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིཌ་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ཀྱི་འཐབ་རྩོད་ཀྱི་སྐད་ཆ་ཤོད་དབང་དང་གཙོ་ཁྲིད་ཀྱི་དབང་ཆ་མཐའ་འཁྱོངས་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟོས་མེད་འགན་ལེན་བྱེད་པ། རིག་གནས་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་མཐའ་འཁྱོངས་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་བ། རིག་གནས་ཐོན་ལས་ཆེ་རུ་དང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་བྱེད་པ། སྲིད་ཇུས་ཀྱི་རོཌ་སྐྱོར་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་པ། ཏང་གིས་རིག་གནས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚན་རིག་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 《བསམ་འཆར 》ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་དེ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སྒྲིག་འཛུགས་ཡག་པོ་བྱེད་པ་དང་རིམ་ཁག་ཏང་གི་སློབ་གྲྭ་དང་། ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པ། རིག་གཞུང་ཞིབ་འཇུག སྤྱི་ཚོགས་ཚན་རིག་སྡེ་ཚན་བཅས་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་གྱི་དཔྱད་གཞིའི་ཡིག་ཆ་འབྲི་བ་དང་སྒྲོག་འགྲེལ་གྱི་ཟུར་ཁྲིད་བྱེད་དགོས། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཚོགས་འདུའི་དགོངས་དོན་དེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། གཞི་རིམ་མང་ཚོགས་བཅས་ཀྱི་ཁྲོད་དུ་གང་མགྱོགས་བརྒྱུད་བསྒྲགས་བྱེད་དགོས། ལྗོངས་ཡོངས་ཀྱི་གསར་འགྱུར་ཚན་པ་ཁག་གིས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གནས་ཚུལ་ཐོན་རིམ་བཞིན་གཏོང་སྤེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།