དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་138པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་138པ་འཚོགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་གྲོས་རིམ (འཆར་ཟིན )དང་དེ་བཞིན་ཉིན་རེའི་ལས་རིམ་བཀོད་སྒྲིག་ཞིབ་འཇུག་བྱས་པ་དང 《ལྗོངས་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གནས་ཚུལ་གྱི་སྙན་ཞུའི 》གྲ་སྒྲིག་ལས་དོན་གྱི་སྙན་ཞུ་དང་ལྗོངས་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གནས་ཚུལ་བརྟག་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ད་ཐེངས་ཀྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པ་དེ་ཟླ་བ་བདུན་པའི་ཟླ་མཇུག་ཏུ་ལྷ་སར་འཚོག་རྒྱུའི་གཏན་འཁེལ་བྱས་པ་དང་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་གཅིག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དང་། གཉིས། 《བོད་རང་སྐྱོང་ལྗོངས་ཀྱིས 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོམ་འགོག་གེགས་སེལ་བཅའ་ཁྲིམས 〉ལག་ལེན་བསྟར་བའི་ལག་བསྟར་བྱེད་ཐབས (བཟོ་བཅོས་འཆར་ཟིན )》ལ་གྲོས་ཞིབ་བྱ་རྒྱུ། གསུམ། 《བོད་རང་སྐྱོང་ལྗོངས་ཀྱི་གནམ་གཤིས་ཐོན་ཁུངས་སྲོལ་ཡིག (འཆར་ཟིན )》ལ་གྲོས་ཞིབ་བྱ་རྒྱུ། བཞི། 2012ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞི་ལག་ལེན་བསྟར་ཚུལ་དང་ལོ་སྨད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་སྒྲིག་བྱེད་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ། ལྔ། བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་ནོར་སྲིད་ཀྱི་མཇུག་རྩིས་དང་2012ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ་དང་2011ལོའི་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་མཇུག་རྩིས་ལ་ཞིབ་བཤེར་བྱ་རྒྱུ་དང་ཆོག་མཆན་སྤྲོད་རྒྱུ། དྲུག 2011ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་ནོར་སྲིད་ཀྱི་གཏོང་ཡོང་གནས་ཚུལ་གཞན་ལ་རྩིས་བཤེར་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱ་རྒྱུ། བདུན། དབུལ་སྐྱོར་གསར་སྤེལ་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། བརྒྱད། ལྗོངས་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། དགུ བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། བཅུ། གཞན་དག་བཅས་རེད། ཚོགས་འདུའི་ཐོག 《ལྗོངས་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གནས་ཚུལ་གྱི་སྙན་ཞུའི 》གྲ་སྒྲིག་ལས་དོན་ཉན་པ་དང་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི 《ལྗོངས་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ 》ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག་མི་རིགས་ཆོས་ལུགས་དང་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རེ་ཞུ་དང་གྲོས་ཞིབ་བྱ་རྒྱུའི་གྲ་སྒྲིག་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་པ་རེད།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་དང་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་སྙན་ཞུ་ཉན་ནས་སྙན་ཞུ་དེས་ཕྱི་འབྲེལ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་དང་དུས་མཚུངས་གནས་པའི་དཀའ་ངལ་དང་གནད་དོན་གཙོ་བོ་བཏོན་པ་དང་དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་པའི་ངོས་འཛིན་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུའུ་རེན་ཚོགས་འདུའི་བསམ་འཆར་གཞིར་བཟུང་བརྟག་ཞིབ་སྙན་ཞུ་དེ་སྔར་བས་བཟོ་བཅོས་རྒྱག་པ་དང་འཐུས་ཚང་དུ་བཏང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པར་ཡིག་ཐོག་ནས་པར་རྒྱག་འགྲེམས་སྤེལ་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།