ཟླ་6ཚེས་27ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མིའི་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་འཐུས་མི་28བདམས་ཐོན་བྱུང་ཞིང་། འཐུས་མིའི་མཚན་ཐོ་གཤམ་གསལ། (རུས་མིང་གི་པིར་རིས་མང་ཉུང་ལྟར་གོ་རིམ་བསྒྲིགས་པ )
དབན་ཁྲའོ་ཆི་དང་། ཝང་ཧུའུ་ཉིང་། བསྟན་འཛིན་རྣམ་རྒྱལ (བོད་རིགས ) བསོད་ནམས་རྡོ་རྗེ (བོད་རིགས )
པད་མ་འཕྲིན་ལས (བོད་རིགས ) པད་མ་བདེ་སྐྱིད (བུད་མེད། བོད་རིགས ) ཉི་མ་བཀྲ་ཤིས (བོད་རིགས ) སྤེན་པ་བཀྲ་ཤིས (བོད་རིགས ) བྱམས་པ་ཕུན་ཚོགས (བོད་རིགས ) སྟོབས་རྒྱལ (བོད་རིགས ) ཆེ་དགྲ་ལྷ (བོད་རིགས ) ཨ་སྨན (བུད་མེད། བོད་རིགས ) ཁྲེན་ཆོན་གོ འཆི་མེད་རིག་འཛིན (བོད་རིགས ) ལྷག་པ (བོད་རིགས ) དབང་མོ (བུད་མེད། མོན་པ་རིགས ) ནོར་བུ་དོན་གྲུབ (བོད་རིགས ) ཅིན་ཅན (བུད་མེད། ལྷོ་པ་རིགས ) ཅིན་ཧྲུའུ་པོ། ཀྲོའུ་ཀོང་ཀྲི ཀྲའོ་ཧོ། ཧའོ་ཕུང་། བློ་བཟང་རྒྱལ་མཚན (བོད་རིགས ) ཆིན་དབྱི་ཀྲི བསོད་ནམས་གཡང་འཛོམས (བུད་མེད། བོད་རིགས ) མཚོ་སྐྱིད (བུད་མེད། བོད་རིགས ) ལེའང་ཐེན་ཀེང་། ཧྲུའེ་ཞའོ་ཕང (བུད་མེད། བོད་རིགས )བཅས་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་ནི་ཏང་གི་སྒྲིག་ཡིག་དང་འཐུས་མིའི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ནན་པོ་བྱས་ནས་བདམས་ཐོན་བྱུང་བ་ཞིག་རེད། འཐུས་མི་གདམ་བྱའི་འོས་མིའི་ཐོག་མའི་འོས་མི་འོས་སྦྱོར་མིང་འདོན་དང་འཐུས་མི་དངོས་སུ་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ནང་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པ་དང་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བཏང་ཡོད། འཐུས་མི་བདམས་ཐོན་བྱུང་བ་དེ་ནི་གོ་རིམ་གྱི་གཏན་འབེབས་དང་མཐུན་ཞིང་། གྲུབ་ཆའི་བསྡུར་ཚད་དེ་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད་པ་རེད།
ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་མཁན་འཐུས་མིའི་འོས་ཐོབ་ལ་སྐབས་ཐོག་ཏུ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁས་ལེན་ཐོབ་དགོས།