དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་ཚན་པའི་འཐུས་མི་བཅས་ལ་བྱ་དགའ་སྤྲོད་གནང་བའི་གནས་ཚུལ་ཡིན་པ།

        ཟླ་6ཚེས་30ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་91འཁོར་བའི་སྔ་ནུབ་ཏུ་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཁྲོད་ཐོན་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་100དང་། ཕུལ་བྱུང་ཏང་ཡོན་50 སྔོན་ཐོན་ཚན་པ་50བཅས་ལ་གཟེངས་བསྟོད་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་བཅས་གཟེངས་བསྟོད་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་ཚན་པའི་འཐུས་མི་བཅས་ལ་བྱ་དགའ་སྤྲད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧའོ་ཕུང་གིས་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ཚོགས་ཆེན་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལེའང་ཐེན་ཀེང་གིས 《2010—2012ལོའི་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་ཚན་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》སྒྲོག་སྦྱངས་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལང་ཡིའུ་ལེའང་དང་། བློ་བཟང་རྒྱལ་མཚན། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་བཅས་ཕེབས་པ་དང་འབྲེལ་བྱ་དགའ་ཡང་སྤྲད་གནང་བ་རེད།

        གཟེངས་བསྟོད་ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་དུ་གཟབ་རྒྱས་ངང་འཚོགས་ཤིང་། དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་ཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་ཚན་པའི་འཐུས་མི་བཅས་ལ་བྱ་དགའ་སྤྲད་གནང་བ་རེད།

        གཟེངས་བསྟོད་ཚོགས་ཆེན་ཐོག་ཧའོ་ཕུང་གིས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་གི་གུང་ཁྲན་ཏང་ཡོན་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་ཟླ་6ཚེས་28ཉིན་རྒྱལ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་སྐོང་ཚོགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ། པུའུ་ཀྲང་ལི་ཡོན་ཁྲའོ་ཡིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་གནང་བ། མི་སེམས་ལ་ལྕག་སྐུལ་ཐེབས་པ་དང་མི་རྣམས་ཡར་བརྩོན་ལ་སྐུལ་བ། བསམ་བློའི་རང་བཞིན་དང་། སྔོན་མཐོང་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ང་ཚོས་སྔོན་གཏོད་ལེགས་བརྩོན་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལོན་པ། ཁོང་དུ་གནད་ལ་འཁེལ་བ་ཆུད་པ་བྱེད་པ། དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བ་བྱེད་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཐོག་དོན་འཁྱོལ་བྱེད་པ། དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་དངོས་ཀྱི་ཐོག་མཚོན་པ་བཅས་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་ལེན་སྲ་ཞིང་བརྟན་པ་ཞིག་མཁོ་འདོན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        ཧའོ་ཕུང་གིས་ལོ་གཉིས་ལྷག་ཙམ་ནང་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་བོད་ཀྱི་དོན་དངོས་ལ་ཟུང་འབྲེལ་དམ་ཟབ་བྱེད་པའི་ཐོག “ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ ”བཅས་ཀྱི་དམིགས་ཚད་བླང་བྱ་སྟངས་འཛིན་ནན་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་ཐོག་འཁྱོལ་བ་བྱེད་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ་དང་། “ སྣེ་ཁྲིད་གཅིག་དང་ཤུགས་སྣོན་གཉིས་མཐོར་གཏོང་གསུམ ”བཅས་ཀྱིས་སྤྱིའི་གཞི་རྟེན་དུ་བྱེད་པ། རྨང་བརྟན་དམངས་ཕན་བྱེད་སྒོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་བྱེད་གཞིར་བཅས་བྱས་ཏེ་ལྟེ་བར་དམིགས་ནས་སྔོན་ཐོན་གཏོད་པ་དང་རང་འཁྲིའི་ལས་ཀར་གཞི་ཚུགས་ནས་ཕུལ་བྱུང་བརྩོན་ལེན་བྱས་ཏེ་གཏན་འཁེལ་ཟིན་པའི་ལས་དོན་ཇི་མ་ཇི་བཞིན་བསྒྲུབས་པ་དང་རང་སོ་སོས་བདམས་པའི་ལས་དོན་ལ་བཀྲག་མདངས་འཚེར་ས་མངོན་པར་བྱས་པས་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་དགེ་མཚན་ལྡན་པའི་ཉམས་མྱོང་བསགས་པ་དང་། མང་ཚོགས་ཚོའི་བརྩི་བཀུར་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        ཧའོ་ཕུང་གིས་བྱེད་སྒོར་དུས་ཚད་ཡོད་རུང་སྔོན་གཏོད་ལེགས་བརྩོན་ལ་མུ་མཐའ་མེད། སྔོན་གཏོད་ལེགས་བརྩོན་ནི་གུང་ཁྲན་ཏང་མིའི་རྒྱུན་བསྲིང་ལྷོད་མེད་ཀྱི་བླ་ན་མེད་པའི་བརྩོན་གཉེར་ཞིག་དང་ཏང་ཡོངས་ཀྱི་དུས་ཡུན་རིང་བའི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ་དང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ་ཡང་འབད་བསྐྱར་འབད་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕུགས་བསམ་གྱི་དད་སེམས་བརྟན་དུ་བཏང་སྟེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པ་དང་། ལས་འགན་གལ་ཆེན་ཨང་དང་པོ་དམ་འཛིན་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔོན་ཐོན་གཏོད་པ་དང་། ཕུལ་བྱུང་བརྩོན་ལེན་བྱེད་པ། འགན་འཁྲི་ཨང་དང་པོ་དོན་འཁྱོལ་བྱས་ནས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པ། མི་དམངས་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པ། བློ་གཅིག་སེམས་གཅིག་བྱེད་ཐུབ་པ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པ། ཆབ་སྲིད་ཀྱི་རང་གཤིས་ཇི་སྲིད་བར་དུ་མི་ཉམས་པར་བྱས་ནས་ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐད་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྔོན་ཐོན་གཏོད་པ་དང་ཞི་མཐུན་བརྟན་ལྷིང་གི་ཕུལ་བྱུང་བརྩོན་ལེན་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

        ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོར་ངེས་པར་དུ་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་རང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྔོན་གཏོད་ལེགས་བརྩོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་ཚན་པ་བཅས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།