དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་དབྱང་ཧྲི་ཆིའུ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལྷ་སར་རང་ལྗོངས་སུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དབྱང་ཧྲི་ཆིའུ་བཅས་པ་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་མིང་ཅུན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་ལྷན་དུ་ཕེབས་པ་རེད།

        པད་མ་འཕྲིན་ལས་ཀྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་དབྱང་ཧྲི་ཆིའུ་དང་བཅས་པ་རང་ལྗོངས་སུ་གཞུང་ལས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་གཞུང་ལས་པའི་དོ་དམ་ལས་དོན་དང་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ན་ནིང་གི་ཟླ་བ་བཅུ་གཉིས་པར་རང་སྐྱོང་ལྗོངས་དང་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ད་ལོའི་ཟླ་6ཚེས་19ཉིན་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་མཐུན་སྦྱོར་ཚོགས་འདུ་སླར་ཡང་འཚོགས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་རྣམ་གྲངས་དང་མ་དངུལ་གཏན་འཁེལ་བྱས་པས་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་ སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་མཁོ་འདོན་བྱས་ཡོད། རེ་བར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་གཞུང་ལས་པ་གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། གཞུང་ལས་པ་གསོ་སྦྱོང་གི་ཕུགས་ཕན་ལམ་སྲོལ་རིམ་བཞིན་བཟོ་བ། གཞུང་ལས་པའི་རྒྱུགས་བསྡུའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་ལ་ཚད་ལྡན་ཡང་ཡིན་པའི་གཞུང་ལས་པའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་གཞུང་ལས་པའི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ “སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས ”འཛུགས་སྐྱོང་བྱ་རྒྱུའི་བླང་བྱ་གཞིར་བཟུང་གཞུང་ལས་པ་དོ་དམ་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ལས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་བའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        དབྱང་ཧྲི་ཆིའུ་ཡིས་རང་ལྗོངས་ཀྱི་གཞུང་ལས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་དང་གཞུང་ལས་པའི་དོ་དམ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་བོད་ཀྱི་ལས་དོན་ལ་སྔར་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་མ་དངུལ་དང་། མི་སྣ་གསོ་སྦྱོང་། རྣམ་གྲངས་འཛུགས་སྐྲུན། གཞུང་ལས་པ་རྒྱུགས་བསྡུ། སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་སོགས་གཟིགས་སྐྱོང་བྱས་ཏེ་བོད་ཀྱི་གཞུང་ལས་པའི་དཔུང་ཁག་གི་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བོད་ཀྱི་གཞུང་ལས་པའི་དོ་དམ་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་མཇལ་འཛོམས་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།