དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་137པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་28ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་137པ་འཚོགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་དང་ཚན་རིག་འཕྲོད་བསྟེན་ཨུ་ལྷན་གྱི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས 》ལག་བསྟར་དོན་འཁྱོལ་བྱས་ཚུལ་བརྟག་དཔྱད་སྙན་ཞུ་ཉན་པ་དང་འབྲེལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་ཕྱོགས་སྤུན་ཟླའི་ལས་དོན་ཨུ་ལྷན་གྱི་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་བརྟག་དཔྱད་ཇུས་གཞི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ལྷན་གྱི 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས 〉ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན )》ཁྲིམས་འཛུགས་བརྟག་དཔྱད་ཇུས་གཞིར་ཞིབ་འཇུག་བྱས་ཏེ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་དང་ཚན་རིག་འཕྲོད་བསྟེན་ཨུ་ལྷན་གྱི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས 》ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་བརྟག་དཔྱད་སྙན་ཞུ་ཉན་རྗེས་བརྟག་ཞིབ་ཚོགས་ཆུང་གིས་བཟའ་བཅའི་ཐོན་སྐྱེད་ལས་ཡུལ་དང་པོར་ཕྱིན་ཏེ་སྙན་ཞུ་ཉན་པ་དང་། བཞུགས་མོལ་ཚོགས་འདུ་འཚོག་པ། ས་གནས་དངོས་སུ་བརྟག་དཔྱད་བྱེད་པ་སོགས་ལ་བརྟེན་ནས་རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཚུན་གྱི་བྱེད་སྟངས་དང་ཐོབ་པའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ་དངོས་ཐོག་བདེན་འཚོལ་སྒོ་ནས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། བཟའ་བཅའི་བདེ་འཇགས་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། བཟའ་བཅའི་བདེ་འཇགས་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་རྒྱུ། མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བཅས་ནང་ལྷགས་པའི་དཀའ་གནད་དང་གནད་དོན་བཏོན་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་བཟང་པོའང་བཏོན་ཡོད། ཚོགས་འདུའི་ཐོག་ཀྲུའུ་རེན་ཚོགས་འདུར་བཏོན་པའི་བསམ་འཆར་གཞིར་བཟུང་མུ་མཐུད་བཟོ་བཅོས་བརྒྱབ་རྗེས་བརྟག་ཞིབ་སྙན་ཞུ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པར་ཡིག་ཐོག་ནས་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

        ཚོགས་འདུའི་ཐོག་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་རྒྱུ་ནི་ཆོས་ལུགས་ལས་ཀ་བདེ་བླག་ངང་བསྒྲུབ་རྒྱུའི་འགན་ལེན་གལ་ཆེན་ཞིག་ཡིན། དགོན་པ་དོ་དམ་གསར་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དགོན་སྡེར་ཕུགས་ཕན་དོ་དམ་ལམ་སྲོལ་བཟོས་པ་དེས་ཆོས་ལུགས་ཁྱབ་ཁོངས་ཁྲོད་ཞི་མཐུན་བརྟན་ལྷིང་ཡོང་བ་དང་དེ་བཞིན་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་གྲ་རྒྱས། སྤྱི་ཚོགས་ཞི་མཐུན་བཅས་ཡོང་བར་སྐུལ་མ་ཤུགས་ཆེན་ཐེབས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ཚུལ་ལ་ཆེད་དོན་བརྟག་དཔྱད་བྱ་རྒྱུ་ལྷག་པར་དགོས་གལ་ཆེན་པོ་ལྡན་པར་བརྟེན་ཚོགས་འདུའི་ཐོག་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ཚུལ་གྱི་ཆེད་དོན་བརྟག་དཔྱད་ཇུས་གཞིར་རྩ་དོན་ཐོག་ནས་མོས་མཐུན་བྱས་པ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་ཕྱོགས་སྤུན་ཟླའི་ལས་དོན་ཨུ་ལྷན་གྱིས་བརྟག་ཞིབ་ལས་ཀ་ཏན་ཏིག་བྱས་ནས་རང་ལྗོངས་སུ་ཆོས་ལུགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་ལེགས་པར་བྱེད་པ་དང་དུས་བབ་གསར་པའི་འོག་གི་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཁྱད་ཆོས་དང་དེ་བཞིན་ལྷགས་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་སྤུས་ཚད་མཐོ་བའི་ཆེད་དོན་བརྟག་ཞིབ་སྙན་ཞུ་ཞིག་བཟོས་ནས་རང་ལྗོངས་སུ་ཆོས་ལུགས་ལས་དོན་དོ་དམ་གསར་གཏོད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དོན་དངོས་དང་འཚམས་པའི་གྲོས་འགོ་དང་བསམ་འཆར་འདོན་དགོས་པའི་བླང་བྱ་བཏོན་པ་རེད།

        ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས 〉ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན )》ནི་འདི་ལོ་ཁྲིམས་འཛུགས་འཆར་གཞིའི་ནང་གི་རིགས་ཤིག་ཡིན། རང་ལྗོངས་སུ་ས་ཡོམ་གནོད་འཚེ་ཉུང་གཏོང་སྐོར་གྱི་ས་གནས་ཁྲིམས་འཛུགས་ལས་ཀར་སྐུལ་མ་གཏོང་ཆེད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་སྲོལ་གྱི་འཆར་ཟིན་དང་འབྲེལ་བའི་གནད་དོན་གཙོ་བོར་དམིགས་ནས་ལྗོངས་ཕྱིར་ཁྲིམས་འཛུགས་བརྟག་ཞིབ་སྔ་ཙམ་བྱ་རྒྱུར་དགོས་གལ་ཆེན་པོ་ཡོད་པས 《བོད་རང་སྐྱོང་ལྗོངས་ཀྱི 〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེ་ཉུང་གཏོང་བཅའ་ཁྲིམས 〉ལག་བསྟར་བྱ་ཐབས (བཟོ་བཅོས་འཆར་ཟིན )》ཁྲིམས་འཛུགས་བརྟག་ཞིབ་ཇུས་གཞིར་རྩ་དོན་ཐོག་ནས་མོས་མཐུན་བྱས་པ་མ་ཟད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ལྷན་གྱིས་བརྟག་ཞིབ་ཏན་ཏིག་དང་སྦྲགས་སྤུན་ཟླའི་ཞིང་ཆེན་གྱི་ཁྲིམས་འཛུགས་ཉམས་མྱོང་བཟང་པོར་ཡང་དཔེ་བལྟས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་མ་ཟིན་དེའི་ཞིབ་བཤེར་ལས་ཀ་ཡག་པོ་བསྒྲུབས་ནས་ཞིབ་བཤེར་གྲོས་འགོ་བཏོན་པ་དང་འབྲེལ་ཀྲུའུ་རེན་ཚོགས་འདུར་ཞིབ་འཇུག་བྱ་རྒྱུར་འབུལ་དགོས་པའི་བླང་བྱའང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།