དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་སྒེར་རྩེ་རྫོང་མཆོད་རྟེན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ལས་དོན་རུ་ཁག་གི་རུ་མིར་ཡིག་ལན་བསྐུར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2011ལོའི་ཟླ་བ་10པ་ནས་བཟུང་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་ལས་བྱེད་པ་21000ལྷག་ཙམ་གྱིས་སྲིད་འཛིན་གྲོང་ཚོ (གྲོང་མི་ཨུ་ལྷན )5451ཏུ་བཅའ་སྡོད་བྱས་ཏེ་གཙོ་གནད་ཐོག་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རོགས་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་གཏོང་བ། དོན་དངོས་དང་བྱ་བཟང་ཡག་པོ་སྒྲུབ་པ་སོགས་གཙོ་གནད་ལས་དོན་ཁག་ལྔ་ལ་དམིགས་ནས་ལས་དོན་ཞིབ་ཚགས་ལ་གཏིང་ཟབ་ཞིག་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁ་ཞེ་གཉིས་མེད་ཀྱི་བརྩི་བཀུར་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། མིག་སྔར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མཆོད་རྟེན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རུ་མིས་ཧྲུའུ་ཅི་ཁྲེན་ཆོན་གོ་ལ་ཕྱག་ཡིག་ཕུལ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་སྙན་སེང་ཞུས་ཤིང་། ལས་དོན་རུ་ཁག་གི་རུ་མིས་ཕྱག་ཡིག་ནང་བཅའ་སྡོད་ཀྱི་ལས་དོན་ཁྲོད་ནས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་གལ་ཆེའི་མཛུབ་ཁྲིད་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་པ་མ་ཟད་དམངས་སེམས་ཐོབ་པ་དང་དམངས་ཀྱི་འདོད་བློ་དང་མཐུན་པའི་གལ་ཆེའི་འཐབ་ཇུས་ཤིག་ཀྱང་ཡིན་པ་ང་ཚོས་མྱོང་ཚོར་ཐུབ་བྱུང་། ང་ཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བྱེད་སྒོའི་ཇུས་གཞི་དང་ཞིབ་ཕྲའི་བླང་བྱར་ནན་པོ་གཞིགས་ཏེ་དུས་ཐོག་ཏུ་གྲོང་ཚོར་བཅའ་སྡོད་བྱས་པ་དང་བྱ་སྤྱོད་འཕྲལ་མར་སྤེལ་བ་དང་། གྲོང་ཚོ་དང་ཚོགས་ཆུང་དུ་གཞི་ཚུགས་ཏེ་ལས་གནས་བརྟན་སྲུང་བྱས་པ། མང་ཚོགས་དྲིལ་བསྒྲགས་བྱེད་པའི་རྨང་གཞི་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་པ། དམངས་དོན་དུ་དོན་དངོས་སྒྲུབ་པའི་འགག་རྩ་དམ་འཛིན་བྱས་པ། འཕེལ་རྒྱས་དང་བརྟན་ལྷིང་གི་གཞི་རྩ་དེར་དམ་པོར་དམིགས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་བཏང་བ། གསར་གཏོད་རང་བཞིན་ཡོད་པའི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་པར་དགའ་འོས་པའི་གྲུབ་འབྲས་ཐོབ་པར་ས་གནས་དེ་གའི་མང་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་ཡག་པོ་ཐོབ་ཡོད། རང་འགན་ནན་སྒྲུབ་དང་། འགན་འཁྲི་ནན་འཁུར། འཐབ་ས་དང་པོར་དཀའ་སྤྱད་འབད་བརྩོན། གཞི་རིམ་ལ་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་བཅས་བྱས་ཏེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བཞག་ཡོད་ཅེས་བྲིས་ཡོད་པ་རེད།

        འཕྲིན་ཡིག་འབྱོར་རྗེས་ཁྲེན་ཆོན་གོས་ཚད་མཐོའི་མཐོང་ཆེན་གནང་ནས་སྐུ་ངོ་མས་ཡིག་ལན་བསྐུར་གནང་སྟེ་མཆོད་རྟེན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བློ་མཐུན་ཚོར་ཐུགས་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོར་གཞི་རིམ་གྱི་ཡངས་པའི་ས་གཞིའི་ཐོག་བྱས་རྗེས་གསར་པ་འཇོག་པ་དང་གྲུབ་འབྲས་གསར་པ་གཏོད་དེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་མ་་གནང་བ་རེད།

        ཡིག་ལན་གྱི་ནང་དོན་ཆ་ཚང་གཤམ་གསལ།

        མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མཆོད་རྟེན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ལས་དོན་རུ་ཁག་གི་བློ་མཐུན་ཚོ།

        ཁྱེད་རྣམས་སྐུ་ཁམས་བཟང་། ཁྱེད་རྣམ་པའི་ཡི་གེ་འབྱོར་བྱུང་། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན་ཁྱེད་རྣམ་པས་རང་འགན་ནན་སྒྲུབ་དང་། ལས་དོན་ཏན་ཏིག་སྤེལ་བ། འབད་བརྩོན་ལྷོད་མེད་བཅས་བྱས་པར་གྲོང་ཚོར་བཅའ་སྡོད་བྱ་ཡུལ་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་དང་བརྩི་བཀུར་ཐོབ་པར་ཧ་ཅང་དགའ་པོ་བྱུང་བས་རང་ཉིད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྱེད་རྣམ་པ་དང་ཁྱེད་རྣམ་པ་བརྒྱུད་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་རུ་མི་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བྱམས་བརྩེའི་འཚམས་འདྲིའང་བྱ་རྒྱུ་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིའི་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། ཚན་པ་བཅས་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་ནང་མི་ཚོར་ཡང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

        ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགན་ལེན་བཅས་ལ་དམིགས་ནས་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་ནས་ཟླ་8ལྷག་ཙམ་སོང་རིང་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་2ལྷག་ཙམ་གྱིས་གཞུང་དོན་གྱི་ཆེད་དུ་རང་དོན་བློས་གཏོང་གིས་མི་རིགས་ཁག་གི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་དང་མཉམ་དུ་ངལ་རྩོལ་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་ལས་ཞུགས་དང་། སྨན་བཅོས། སློབ་ཞུགས་བཅས་གསུམ་དང་། སྤྱི་ཚོགས་འགན་ལེན་དང་སྨན་བཅོས་འགན་ལེན་གཉིས། ལམ་ཤར་གཏོང་དང་། ཆུ་ཤར་གཏོང་། གློག་ཤར་གཏོང་། འཕྲིན་སྐྱེལ་ཤར་གཏོང་། སྦྲག་སྲིད་ཤར་གཏོང་། རླུང་འཕྲིན་དང་བཪྙན་འཕྲིན་ཤར་གཏོང་བཅས་དྲུག ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སོགས་དོན་དངོས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་གཏིང་ཟབ་ཚོར་ཐུབ་པ་བྱས་ཡོད། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་དཀའ་སྤྱད་སྡུག་བསྲན་ཐེག་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ཆེད་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་པས་ཏང་དང་སྲིད་གཞུང་གིས་ཁྱེད་རྣམ་པ་བརྗེད་མི་སྲིད་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ཡིས་ཁྱེད་རྣམ་པ་བརྗེད་མི་སྲིད།

        ནམ་མཁའི་དབྱིངས་སུ་འདབ་བྱས་ནམ་འཕང་གཅོད། ཟབ་ཡངས་རྒྱ་མཚོར་ཉ་མོས་རྐྱལ་རྩལ་ངོམས། གཞི་རིམ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་དུ་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པས་ཁྱེད་ཚོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རྒྱ་ཆེའི་རུ་མི་ཚོས་གྲུབ་འབྲས་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་འཁོར་རྒྱ་དེའི་ནང་བྱས་རྗེས་གསར་པ་མངོན་པ་དང་གྲུབ་འབྲས་གསར་པ་གཏོད་དེ་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ལ་ཏང་དར་ལ་གཟི་བརྗིད་ཀྱང་བསྣན་དགོས་པ་དང་། དེ་བས་སྦྱོང་བརྡར་བྱེད་ཐུབ་པ་དང་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྲུབ་ཐུབ་པ་བྱེད་དགོས་པ་ནི་བསམ་བློ་ཆབ་སྲིད་སྔར་བས་བརྟན་པོ་ཡོང་བ་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱེད་དགོས། གཞི་རིམ་རྩ་འཛུགས་སྟོབས་ལྡན་ཞིག་འཛུགས་སྐྱོང་ཡག་པོ་བྱས་ཏེ “ལེགས་པོ་ལྔ ”དམིགས་ཚད་དུ་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་གཅིག་སྡུད་བཅོས་སྒྲིག་བྱེད་པ་དང་། གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་ཡག་པོ་བདམས་ནས་བཀོད་སྒྲིག་བྱེད་པ། ཞིང་འབྲོག་པའི་ཁྲོད་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ། དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། ཞི་མཐུན་བརྟན་ལྷིང་འགན་ལེན་ནུས་ལྡན་བྱས་ནས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཁག་གྲལ་བཤེར་ནན་ཏན་བྱས་ཏེ་ཐོན་བཟོ་ཡོད་པའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་པ་དང་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བར་འདུམ་དང་སེལ་ཐུབ་པ་བྱས་ནས་གནས་ཚུལ་འཕྲད་སྐབས་འཕྲལ་མར་ཤེས་རྟོགས་ཐུབ་པ་དང་མྱུར་དུ་ཐག་གཅོད་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། ཕྱུག་འགྱུར་ལམ་བུ་ཟམ་མི་ཆད་པར་རྒྱ་ཆེར་གཏོད་དེ་ཡུལ་བབ་དང་བསྟུན་པ་དང་། གྲོང་ཚོ་དང་བསྟུན་པ། དུད་ཚང་དང་བསྟུན་པ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་ཐབས་བརྒྱ་ཇུས་སྟོང་ངང་འཚོལ་བ་དང་གསར་གཏོད་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་པ་དང་ཡག་པོ་སྒྲུབ་སྟེ “ལས་ཞུགས་གསུམ ”དང “འགན་ལེན་གཉིས ”“ཤར་གཏོང་དྲུག ”“བདེ་སྡོད་གཅིག ”སོགས་ནང་དོན་ལ་མུ་མཐུད་དམིགས་ཏེ་མང་ཚོགས་ལ་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་དངོས་གཙོ་གནད་ཐག་གཅོད་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་དབུས་སུ་ཚོར་བ་བྱེད་དགོས། ཏང་གི་དྲིན་ཚོར་བའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལོ་རྒྱུས་ཀྱི་དོན་དངོས་དང་། གསོན་ཉམས་ལྡན་པའི་སློབ་གཞི། དོན་དངོས་ཀྱི་དཔེ་མཚོན་བཅས་ལ་བརྟེན་ནས “ཏང་གི་བཀའ་དྲིན་ཚོར་བ་དང་། ཕྱུག་པོ་ཆགས་ལུགས་དྲན་པ། བརྟན་ལྷིང་ཡོང་བ་བྱེད་པ། འཕེལ་རྒྱས་གཏོང་ཐབས་བྱེད་པ ”བཅས་གཙོ་དོན་དུ་བཟུང་བའི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། གྲོང་ཚོར་བཅའ་སྡོད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས་གྲོང་ཚོར་བཅའ་སྡོད་ལས་ཀའི་སྒྲིག་ཁྲིམས་ཀྱི་བླང་བྱ་ཁག་ནན་ཏན་ངང་བསྒྲུབས་པ་དང་གྲོང་ཚོར་ཟ་སྡོད་བྱེད་པ་དང་། གྲོང་ཚོར་ལས་ཀ་བྱེད་པ། གཞི་རིམ་དུ་བསྐྱོད་ནས་རྩ་བ་ཚུགས་པ། སེམས་རྣལ་དུ་ཕབ་པ་བཅས་བྱས་ནས་ལས་གནས་བརྟན་སྲུང་དང་འགན་འཁྲི་ནན་སྒྲུབ་བྱེད་དགོས་པ་དང་ཕྱོགས་མཚུངས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱས་ནས་གཟུགས་པོར་བདག་གཅེས་བྱེད་དགོས།

        རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པའི་བྱེད་སྒོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད་པས་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིར་གཟི་བརྗིད་ལྡན་ཡོད། ཁྱེད་རྣམ་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་འབད་བརྩོན་ལོ་ཤས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ། ལས་བརྩོན་ཕྱུག་འགྱུར་གྱི་རྣམ་པ་ཧུར་ཐག་ཆགས་པ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྣའི་ཡོང་འབབ་ཆེས་ཆེར་མང་དུ་གཏོང་བ། དམངས་འཚོའི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་དེ་བས་མཐུན་པོ་དང་སྒྲིག་པོ་ཡོང་བ་བྱེད་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགན་ལེན་བྱེད་པ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཐོག་མཐུན་སྒྲིལ་དང་། དམངས་འཚོ། འབྱོར་ཕྱུགཤེས་དཔལ། འཆམ་མཐུན་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཛུགས་རྒྱུར་འགན་ལེན་ནུས་ལྡན་བྱ་རྒྱུའི་རེ་བ་ཡོད།

        མཇུག་ཏུ་མཆོད་རྟེན་གྲོང་ཚོའི་གྲོང་མི་ཡོངས་ལ་ངའི་སེམས་གཏིང་ནས་བཅངས་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་རོགས། ཚང་མ་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་འཆམ་མཐུན་བཅས་ཀྱི་བཀྲ་ཤིས་བདེ་ལེགས་ཡོང་བ་ཤོག

                                                                    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ནས།

                                                                                           2012ལོའི་ཟླ་6ཚེས་17ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།