དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གྲུབ་འབྲས་ཀྱི་འགྲེམས་སྟོན་ཆེ་མོ་སྐབས་དང་པོར་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་བོད་ཤོག་ཐོན་སྐྱེད་དང་སྲུང་སྐྱོབ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་ཡོད་པ།

        ཟླ་6ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཕེབས་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གྲུབ་འབྲས་ཀྱི་འགྲེམས་སྟོན་ཆེ་མོ་སྐབས་དང་པོར་རྟོག་ཞིབ་གནང་ཞིང་། ཁོང་གིས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་། ལེགས་སྒྲིག སྲུང་སྐྱོབ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་ཀྱིས་ལྷན་དུ་རྟོག་ཞིབ་གནང་བ་རེད།

        “བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གྲུབ་འབྲས་ཀྱི་འགྲེམས་སྟོན་ཆེ་མོ་སྐབས་དང་པོའི ”སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འགྲེམས་ཁང་དང་རྒྱུན་འཛིན་མཁན་གྱི་རྩེར་སོན་ཐང་གའི་འགྲེམས་ཁང་ནང་པད་མ་འཕྲིན་ལས་དང་བཅས་པས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ལས་ཀའི་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཁན་གྱིས་ས་གནས་ས་ཐོག་ཏུ་རྩེར་སོན་ལག་རྩལ་ངོམས་སྟོན་བྱས་པར་གཟིགས་པ་དང་འབྲེལ་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ལག་རྩལ་གྱི་ཁྱད་ཆོས་དང་རྒྱུན་འཛིན་འཕེལ་རྒྱས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མཁན་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་མཁན་རྒྱ་ཆེའི་ལས་དོན་པས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་། ལེགས་སྒྲིག རྒྱུན་འཛིན་བཅས་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་མི་རབས་ནས་མི་རབས་མཚོ་བོད་ས་མཐོའི་ཐོག་འཚོ་བ་སྐྱེལ་མཁན་བོད་མི་རིགས་ཀྱིས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་ནས་གྲུབ་པ་ཞིག་ཡིན་པ་དང་། དེ་ནི་མངོན་གསལ་དོད་པའི་ས་མཐོའི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་ཡིན་པ་དང་བོད་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་བྱེད་པའི་བསམ་པའི་དོན་གཉེར་འདུས་པ་དང་དུས་ཡུན་ཇི་ཙམ་རིང་བ་དེ་ཙམ་གྱིས་གསོན་ཤུགས་མངོན་པའི་བསམ་པའི་རྒྱུ་ནོར་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཕྱོགས་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ལྷག་དོན་དུ་ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས 》བཏོན་ཚུན་སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་དོ་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རིམ་ཁག་རྣམ་གྲངས་སྲུང་སྐྱོབ་ཚན་པ་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་འགན་འཁྲི་དང་འོས་འགན་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ཀྱི་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རིམ་ཁག་སྲིད་གཞུང་གིས་འགན་འཁྲི་ནན་ཏན་བསྒྲུབས་པ། སྲུང་སྐྱོབ་ལམ་སྲོལ་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་དང་བཅས་པས་སྤྲོ་སྣང་ཆེན་པོས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་མི་རིགས་ཀྱི་ཉམས་འགྱུར་ཆེན་པོ་ལྡན་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་37དང་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )7ནས་ཡོང་བའི་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་300ཙམ་འགྲེམས་སྟོན་ཆེ་མོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།