དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་136པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྱི་ཚོཌ་འདུ་ཐེངས་136པ་འཚོཌ་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་དང་། ཚེ་རིང་། སུང་ཧྲན་ལི། ཀྲའོ་ཀྲེང་ཤིའུ། ཨ་བསྟན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མ་རུའུ་ལུང་། ཝུའུ་ཅིན་ཧུའེ་བཅས་ཞུགས་ཡོད་པ་རེད།

        ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག 》ལག་བསྟར་བྱས་ཚུལ་སྐོར་གྱི་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཇུས་གཞིར་ཞིབ་འཇུག་བྱས་པ་དང་འབྲེལ་རྩ་བའི་ཆ་ནས་གྲོས་འཆམ་ཡང་བྱུང་བ་རེད།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་2012ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ཉན་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དོན་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་ཇུས་གཞིར་ཞིབ་འཇུག་བྱས་པ་དང་འབྲེལ་རྩ་བའི་ཆ་ནས་གྲོས་འཆམ་ཡང་བྱུང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལག་བསྟར་བྱ་ཚུལ་སྐོར་གྱི་འཕྲོད་བསྟེན་ཐིང་གི་སྙན་ཞུར་ཞིབ་འཇུག་བྱས་པ་དང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་དམངས་འཚོར་དོ་ཁུར་དང་དམངས་འཚོ་འགན་ལེན་གྱིས་ཞིང་འབྲོག་པ་ན་དུས་སྨན་བཅོས་བྱ་རྒྱུ་ཡོང་བ་བྱེད་པའི་དམངས་ཕན་སྲིད་ཇུས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ན་ནིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་བཅས་ཨུ་ཡོན་ལྷན་ཁང་གིས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་མ་དངུལ་དོ་དམ་དང་བེད་སྤྱོད་བྱ་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྒྱུར་བཅོས་ཐད་ཐོབ་པའི་གྲུབ་འབྲས་དང་ལྷག་པའི་གནད་དོན་གཙོ་བོ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་པ་དང་འབྲེལ་གྲོས་འགོ་དང་བསམ་འཆར་ཡག་པོ་འགའ་ཤས་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།