དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་མཐོ་སློབ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧའོ་ཕུང་གིས་སྔ་རྗེས་སུ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭ་དང་བོད་ལྗོངས་ཧུང་ཅི་འཛུགས་སྐྲུན་ཚོགས་པར་ཕེབས་ནས་མཐོ་རིམ་སློབ་གྲྭ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་སྐོར་བརྟག་ཞིབ་གནང་ཞིང་། ཁོང་གིས་སྔར་བས་ཡིད་ཆེས་བརྟན་གཏོང་དང་སྙིང་སྟོབས་རབ་འཕེལ་གྱི་ཐོག་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོར་ཏན་ཏིག་ངང་སྐུལ་མ་གཏོང་བ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀན་གྱིས་ཕེབས་རོགས་ཞུས་པ་རེད།

        ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭ་ནི་རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་དགེ་རྒན་སྟོབས་ཤུགས་གསོ་སྦྱོང་བྱེད་སའི་རྟེན་གཞི་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ཧའོ་ཕུང་དང་བཅས་པ་དང་ཐོག་དེར་ཕེབས་ནས་སློབ་གྲྭའི་སློབ་ཁྲིད་དང་། ཏང་འཛུགས་སྐྱོང་། བསམ་བློ་ཆབ་སྲིད་བཅས་ལས་དོན་མཁྱེན་རྟོགས་གནང་ཡོད། སློབ་གྲྭ་དེའི “ཏང་ཀྲི་པུའི་བྱེད་སྒོ་ཁང་གཉིས་པར ”སྐད་ཡིག་དང་སྤྱི་ཚོགས་ཚན་རིག་ཚན་ཁག་གི་སློབ་མ་ཏང་ཡོན་13ནི་ཆབ་སྲིད་ཟུར་ཁྲིད་དགེ་རྒན་གྱི་སྣེ་ཁྲིད་འོག་ཏང་ཀྲི་པུའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་ཧའོ་ཕུང་གིས་ཐུགས་སྣང་ཆེན་པོའི་ངང་དགེ་སློབ་པ་ཚོ་དང་མཉམ་དུ་ཞུགས་ཏེ་སློབ་མ་ཚོ་ཏང་ནང་ཞུགས་རྗེས་ཀྱི་མྱོང་ཚོར་དང་རང་ལྗོངས་ཀྱི་སློབ་ཆེན་ནས་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་སྐོར་གྱི་ལྟ་སྟངས་གསན་པ་རེད། མེ་ཏོག་ནས་ཡོང་བའི་མོན་པ་རིགས་ཀྱི་སློབ་མ་ཉི་མ་ཚེ་རིང་ནི་མཐོ་རིམ་སློབ་འབྲིང་གི་དུས་ནས་སློབ་མ་ཕུལ་བྱུང་ཞིག་ཡིན་པར་བརྟེན་གཟི་བརྗིད་ངང་ཏང་ནང་ཞུགས་པ་རེད། ཁོང་གིས་སྤྱི་སྐད་ཆུ་རྒྱུག་རྒྱུག་གི་ཐོག་ནས་རང་ཉིད་ངོ་སྤྲོད་བྱས་པ་གསན་སྐབས་ཧའོ་ཕུང་གིས་རི་ཕུག་ནས་ཡོང་བའི་སློབ་མ་དེའི་ཡར་ཐོན་དོན་གཉེར་ཧུར་ཐག་བྱེད་པའི་བསྟོད་འོས་པའི་སྙིང་སྟོབས་ལ་སྤྲོ་སེམས་ཆེན་པོའི་ངང་བསྔགས་བརྗོད་གནང་བ་དང་འབྲེལ་རང་ལྗོངས་ཀྱིས་གཞི་རིམ་སློབ་གསོའི་ལས་དོན་གྱི “སྐད་ཡིག་གཉིས་ཀྱི་སློབ་གསོར ”སྣང་ཆེན་བྱེད་པ་དང་ཕུལ་བྱུང་གི་ཤེས་ལྡན་པ་གསོ་སྐྱོང་བྱས་པས་སློབ་མ་ཏང་ཡོན་གྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་ཏང་རྩ་འཛུགས་ལ་ལང་ཚོའི་གསོན་ཤུགས་ཀྱིས་ཁེངས་པར་དགྱེས་ཚོར་ཆེན་པོ་གནང་གི་ཡོད།

        སློབ་གྲྭའི་སྐས་རིམ་སློབ་ཁང་དུ་གཟའ་འཁོར་རེའི་གཏན་འཁེལ་གྱི་ཏང་གི་སློབ་ཚན་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་ཧའོ་ཕུང་དང་བཅས་པ་སློབ་མའི་ཁྲོད་ཞུགས་ནས་ཚང་མ་དང་མཉམ་དུ་ནན་ཏན་ངང་སློབ་ཚན་གསན་ཞིང་། ཧའོ་ཕུང་གིས་ཏང་ཡོན་རྒན་གྲས་ཤིག་གི་ཐོག་ནས་དེ་གར་ཡོད་པའི་སློབ་མ་དང་ཟོལ་མེད་ངང་སྤེལ་རེས་གནང་བ་དང་རང་ཉིད་སློབ་གྲྭ་ཆེ་མོར་སྐྱོད་པའི་དུས་སུ་ཏང་རྩ་འཛུགས་དང་ཉེ་བ་བྱེད་པ་དང་རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་ལྡན་པའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པའི་མི་ཚེའི་ཉམས་མྱོང་ཚང་མ་དང་ལོངས་སྤྱོད་གནང་ཞིང་། ཁོང་གིས་མི་རབས་ནས་མི་རབས་བར་གྱི་གསར་བརྗེའི་སྔོན་སྐྱོད་པ་དང་གུང་ཁྲན་ཏང་མི་ཚོས་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད་དེང་སྐབས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་ཆེས་ཆེ་རུ་སོང་ནས་འཛམ་གླིང་གི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་པ་དང་ལྷག་པར་དུ་ཏང་གི་འགོ་ཁྲིད་འོག་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་ལོ་རྒྱུས་དང་གྲངས་ལས་འདས་པའི་གུང་ཁྲན་ཏང་མི་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་འབད་འཐབ་བྱས་པ་བརྒྱུད་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་སྔར་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་མཚོན་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་སྣེ་འཁྲིད་དེ་རླབས་ཆེན་བསྐྱར་དར་གྱི་ལམ་བུའི་ཐོག་སྐྱོད་པ་མ་ཟད་འཛམ་གླིང་མི་རིགས་ཁྲོད་ཀྲོང་ངེར་ལངས་ཐུབ་པའི་འགོ་ཁྲིད་སྲོག་ཤིང་འབའ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་ཅེས་གསུངས་ཤིང་། ཧའོ་ཕུང་གིས་དེ་གར་ཡོད་པའི་སློབ་མ་ཚོར “ལོ་རྒྱུས་ཀྱི་གྲུབ་འབྲས་དེ་སྔོན་རབས་པ་ཚོས་བཏོད་པ་དང་འོད་སྟོང་གསར་པ་ན་གཞོན་མི་རབས་ཚོར་རྒྱུན་གཏོད་བྱེད་དགོས། རེ་བར་སློབ་མ་ཚོས་ཏང་རྩ་འཛུགས་དང་ཉེ་བ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་། འདུ་ཤེས་དང་གཤིས་རྒྱུད་སྦྱོང་བརྡར་། ཀུན་སྤྱོད་དང་བློ་སྦྱོང་གསོ་སྐྱོང་བཅས་བྱས་ནས་སླད་ཕྱིན་འཚར་ལོངས་བྱུང་ནས་ཤེས་ལྡན་པར་འགྱུར་བ་བྱེད་པ་དང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་དགོས ”ཞེས་ཐུགས་རེ་ཟབ་མོའི་ངང་གསུངས་པ་རེད།

        བོད་ལྗོངས་ཧུང་ཅི་འཛུགས་སྐྲུན་ཚོགས་པ་ནི་རང་ལྗོངས་ཀྱི་ལས་གྲྭ་འཛུགས་སྐྲུན་དང་། ས་ཁང་བདག་ཁོངས། ཡུལ་སྐོར་ལས་རིགས་གསར་སྤེལ་བཅས་བྱེད་མཁན་དམངས་གཉེར་ཁེ་ལས་ཤིག་རེད། ཧའོ་ཕུང་དང་བཅས་པ་དེར་ཕེབས་ནས་ཁེ་ལས་ཀྱི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་སློབ་སྦྱོང་དྲིལ་བསྒྲགས་ལེ་ཚན་དང་། ཏང་ཡོན་ཞབས་ཞུའི་ས་ཚིགས། ཏང་དང་སྡེ་ཚོགས་རྩ་འཛུགས་དང་བཟོ་ཚོགས་གཞུང་ལས་ཁང་བཅས་ལ་གཟིགས་སྐོར་གནང་ཞིང་། ཁེ་ལས་དེས “ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཁེ་ལས་འཕེལ་རྒྱས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི ”ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཁེ་ལས་ཀྱི་གོང་བུ་སྒྲིལ་ཤུགས་སྒོ་ཀུན་ནས་ཆེ་རུ་གཏོང་གི་ཡོད་པ་མཁྱེན་རྟོགས་བྱུང་རྗེས་ཧའོ་ཕུང་གིས་ཁས་ལེན་གང་ལེགས་གནང་བ་རེད།

        ཧའོ་ཕུང་གིས་ན་ནིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡིག་ཆ་རབ་དང་རིམ་པ་བཟོས་པ་དང་འགྲེམས་སྤེལ་བྱས་ནས་དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་ཧ་ཅང་ཡག་པོ་དེ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་པ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཆེད་ལས་ཏང་དོན་ལས་དོན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ནང་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྔར་བས་ལེགས་པ་དང་། སྔར་བས་མྱུར་བ། སྔར་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མོང་ཏེ་ལི་དང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།