དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་གཞུང་དོན་ཐིང་གི་འབྲེལ་ཡོད་བློ་མཐུན་གྱིས་བདེ་འཇགས་ཞིབ་བཤེར་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་10ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་། རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལྷ་ས་གྲོང་ཁྱེར་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཐང་ཆེན་དང་། བར་སྐོར། ནོར་བུ་གླིང་ཁའི་ཐང་ཆེན། པོ་ཏ་ལའི་ཐང་ཆེན། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་བཅས་ཀྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་སུ་སོ་སོར་ཕེབས་ཏེ་བདེ་འཇགས་ཞིབ་བཤེར་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

        ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཐང་ཆེན་གྱི་སྒོ་འཛུལ་སར་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཅས་པས་བླང་བྱར་གཞིགས་ནས་རང་རྟོགས་ངང་བདེ་འཇགས་ཞིབ་བཤེར་སྒོ་བརྒྱུད་ནས་བསྐྱོད་དེ་བདེ་འཇགས་ཞིབ་བཤེར་དང་ལེན་བྱས་ཏེ་ཐང་ཆེན་དུ་ཕེབས་པ་དང་འབྲེལ་ལས་སྒྲུབ་བདེ་འཇགས་ཞིབ་བཤེར་མི་སྣར་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་བདེ་འཇགས་ཞིབ་བཤེར་ས་ཚིགས་ཀྱི་སྒྲིག་ཆས་སྣ་ཚོགས་ཀྱི་ནུས་པ་དང་བེད་སྤྱོད་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་རྗེས་ཚང་མར་བདེ་འཇགས་ཞིབ་བཤེར་ས་ཚིགས་འཛུགས་སྐྲུན་སྔར་བས་དམ་འཛིན་ཡག་པོ་བྱེད་པ་དང་བདེ་འཇགས་ཞིབ་བཤེར་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་དུས་མཚུངས་མང་ཚོགས་ལ་སྟབས་བདེ་སྤྲོད་གང་ཐུབ་དང་མང་ཚོགས་ལ་ཞབས་འདེགས་ཞུ་གང་ཐུབ་བྱེད་དགོས་པའི་རེ་བ་བཏོན་པ་རེད། བར་སྐོར་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཁག་ཏུ་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཅས་པས་བདེ་འཇགས་ཞིབ་བཤེར་ས་ཚིགས་ཀྱི་ལས་ཀའི་སྙན་སེང་ནན་ཏན་ངང་གསན་རྗེས་བདེ་འཇགས་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་བདེ་འཇགས་ཞིབ་བཤེར་མི་སྣར་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཆེད་དུ་མུ་མཐུད་སོ་ལྟ་ཡག་པོ་བྱེད་པ་དང་ཞབས་འདེགས་ཡག་པོ་ཞུ་དགོས་པའི་རེ་བ་བཏོན་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ནོར་བུ་གླིང་ཁའི་ཐང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་སུ་ཕེབས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་གི་ཚབ་ཞུས་ནས་བདེ་འཇགས་ཞིབ་བཤེར་མི་སྣར་གཟིགས་པ་དང་འཚམས་འདྲི་ཞུས་ཤིང་། ཚང་མར་བདེ་འཇགས་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ཚ་གདུག་བསལ་རྒྱུར་དོ་སྣང་བྱས་ཏེ་གཟུགས་པོ་བདེ་ཐང་ཡོང་བ་བྱེད་དགོས་པའི་རེ་བ་བཏོན་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་སྔ་རྗེས་སུ་པོ་ཏ་ལའི་ཐང་ཆེན་ཤར་ངོས་ཀྱི་སྒོའི་བདེ་འཇགས་ཞིབ་བཤེར་ས་ཚིགས་དང་། ཐང་ཆེན་ཤར་ངོས་ཀྱི་ས་འོག་བགྲོད་ལམ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས། ཐང་ཆེན་ནུབ་ངོས་ཀྱི་ས་འོག་བགྲོད་ལམ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས། ཐང་ཆེན་ནུབ་ངོས་ཀྱི་སྒོའི་བདེ་འཇགས་ཞིབ་བཤེར་ས་ཚིགས་བཅས་སུ་ཕེབས་ཏེ་ལས་འགན་སྒྲུབ་བཞིན་པའི་བདེ་འཇགས་ཞིབ་བཤེར་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད། ས་ཚིགས་རེར་སླེབས་རིམ་བཞིན་བདེ་འཇགས་ཞིབ་བཤེར་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་ཁོང་ཚོར་མཇལ་དར་བསྒྲོན་པ་དང་འབྲེལ་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་རེད།

        རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བདེ་འཇགས་ཞིབ་བཤེར་མི་སྣ་དང་སྤེལ་རེས་གནང་བ་དང་བདེ་འཇགས་ཞིབ་བཤེར་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་མི་ཚོགས་ཆེ་ཡང་ཚང་མས་བདེ་འཇགས་ཞིབ་བཤེར་ལས་དོན་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ནས་དཀའ་བ་ཧ་ཅང་ཆེན་པོ་སྤྱད་ཐོག་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཆེད་དུ་རྒྱབ་སྐྱོར་དང་འགན་སྲུང་ནུས་ལྡན་བྱས་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བཤད་ཅིང་། ཚང་མར་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དེ་སྔའི་ལས་དོན་ཁྲོད་ཆགས་པའི་བསམ་པའི་རྣམ་པ་བཟང་པོ་དང་ཕུལ་བྱུང་གི་སྤྱོད་ཚུལ་རྒྱུན་ཆད་མེད་པར་དར་སྤེལ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བཏོན་པ་རེད།

        རྒྱ་ཆེའི་བདེ་འཇགས་ཞིབ་བཤེར་མི་སྣས་རིམ་ཁག་འགོ་ཁྲིད་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བར་ལས་འགན་ནན་པོ་སྒྲུབ་པ་དང་ཡ་རབས་ལྡན་པའི་ངང་ཞབས་འདེགས་ཞུས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་ཆེད་དུ་རང་འགན་གཙང་སྒྲུབ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།