དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ལི་ཧྥུང་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་7ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ལེའོ་ཉིང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལི་ཧྥུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་མཇལ་འཛོམས་ནང་ཞུགས་པ་རེད།

        ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལི་ཧྥུང་གིས་རུ་སྣེ་འཁྲིད་གནང་ནས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་རེད།

        ཧའོ་ཕུང་གིས་ཁ་གཏད་བོད་སྐྱོར་བྱས་པ་ནས་བཟུང་ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་མཐོ་ཤོས་ཡིན་ལ་རང་བྱུང་ཆ་རྐྱེན་ཡང་དཀའ་ཚེགས་ཆེ་ཤོས་ཡིན་པའི་ནག་ཆུ་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པས་ནག་ཆུ་དང་ཐ་ན་བོད་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་བཅས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལེའོ་ཉིང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་ལོ་མང་རིང་བྱང་ཐང་དུ་འབད་འཐབ་བྱས་ནས་ལས་ཀ་ཏན་ཏིག་བྱེད་པ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། མིག་སྔར་ལེའོ་ཉིང་ཞིང་ཆེན་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་པ་བཙུགས་པ་དེ་ཐོག་ནས་ལེའོ་ཉིང་ཞིང་ཆེན་གྱི་ཕྱོགས་ཁག་གིས་བོད་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་ལུགས་དང་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་སྔར་བས་མཚོན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལེའོ་ཉིང་ཞིང་ཆེན་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དེའི་འདོན་འོས་པའི་ནུས་པ་འདོན་སྤེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་དེང་སྐབས་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཐོག་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        ལི་ཧྥུང་གིས་དང་ཐོག་ཧའོ་ཕུང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྣམས་ཀྱིས་བྱམས་བརྩེའི་ངང་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་གནང་ཞིང་། ད་ཐེངས་བོད་དུ་རྟོག་ཞིབ་བྱེད་པར་ཡོང་བའི་ལས་འགན་གཙོ་བོ་ངོ་སྤྲོད་གནང་རྗེས་ལི་ཧྥུང་གིས་ཁ་གཏད་བོད་སྐྱོར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟིགས་རྒྱང་རིང་པོས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་བསྟུན་ནས་ཇུས་འགོད་གལ་ཆེན་གནང་བ་ཞིག་རེད། ལེའོ་ཉིང་ཞིང་ཆེན་གྱིས་སྔར་རྒྱུན་ལྟར་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དོར་ཐབས་བྲལ་བའི་འགན་འཁྲི་ཞིག་ཏུ་བརྩིས་ཏེ་མི་རྒྱུ་དངུལ་གསུམ་གྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལེའོ་ཉིང་ཞིང་ཆེན་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་པས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ལེའོ་ཉིང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ལ་རོགས་སྐྱོར་དང་སྐུལ་མ་གཏོང་བ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དམངས་ཁྲོད་སྤེལ་རེས་ལ་སྐུལ་མ་བཏང་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།