དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་6ཚེས་6ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧའོ་ཕུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཚོགས་འདུར་ཕེབས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེན་གྱིས་འབྲེལ་ཡོད་ལས་དོན་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

        ཧའོ་ཕུང་གིས་གསུང་བཤད་གནང་སྐབས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ནི་ཏང་གི་བྱ་གཞག་དར་རྒུད་དང་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ནི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་རྒྱུན་གཏན་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་པའི་ལྡོག་མེད་བླང་བྱ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་སྲ་བརྟན་དུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་སྤྱི་ཚོགས་ཀྱི་གཞི་རྩ་བརྟན་དུ་གཏོང་བ། ལྗོངས་ཡོངས་ཀྱི་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཐོ་ཚད་ཐོག་ནས་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག ཏང་ཡོན་དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་སྲིད་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་བཅས་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་དེ་གྲངས་འབོར་འདང་ངེས་འགན་ལེན་དང་ནུས་ལྡན་ངང་ཁྱབ་པ་བྱེད་པའི་སྤྱིའི་བླང་བྱའི་འོག “ཚད་གཞི་མཐའ་འཁྱོངས་དང་། སྤུས་ཚད་འགན་ལེན། གྲུབ་ཆ་ལེགས་སྒྲིག གཟབ་ནན་ངང་འཕེལ་རྒྱས་གཏོང་བ ”བཅས་ཀྱི་བྱེད་ཕྱོགས་ལ་སྲུང་བརྩི་ནན་པོ་ཞུས་ནས་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་འགག་རྩར་བྱེད་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོ་དང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཞིང་འབྲོག་ཁུལ་དུ་ཏང་གིས་སྲིད་སྐྱོང་བའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་རྩ་བར་བྱེད་པ་བཅས་བྱས་ཏེ་བྱེད་ཐབས་གསར་གཏོད་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་དང་མཐུན་པ། བྱང་ཚད་ལེགས་པ། ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཞིང་འབྲོག་པའི་ཏང་ཡོན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། གཞི་ཁྱོན་རིམ་བཞིན་ཆེ་རུ་གཏོང་བ་དང་ཏང་ཡོན་དཔུང་ཁག་སྟོབས་ཆེར་བཏང་སྟེ་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གཙོ་གནད་ཁ་གསལ་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། ལས་སྒོའི་འཇོན་ཐང་ལ་སྣང་ཆེན་བྱེད་པ། འཕེལ་རྒྱས་ཀྱི་གོ་རིམ་ནན་དུ་གཏོང་བ། སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཡོན་གྱི་སྤུས་ཚད་འགན་ལེན་བྱེད་པ། ཏང་ཡོན་གྱི་ཡོང་ཁུངས་རྒྱ་ཆེར་ཧུར་ཐག་གཏོང་བ་དང་རྗེས་གྲབས་སྟོབས་ཤུགས་ཆེ་རུ་བཏང་སྟེ་འོས་སྦྱོར་དང་། སློབ་གསོ། གསོ་སྐྱོང་བཅས་ཀྱི་ལས་དོན་དམ་འཛིན་ནན་པོ་བྱས་པ་བརྒྱུད་གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་དང་མཐུན་པ། བྱང་ཚད་ལེགས་པ་བཅས་ཀྱི་ཏང་ནང་ཞུགས་མཁན་ཞིང་འབྲོག་པ་ཧུར་བརྩོན་ཅན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་པ། གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཁར “སྐྱེད་སྲིང་གཉིས་ཀྱི་འདུ་འགོད ”དང་། “གསོ་སྐྱོང་གསུམ་དང་སྣེ་ཁྲིད་གཉིས་ཀྱི་འདུ་འགོད ”“ཆ་སྒྲིག་རོགས་སྐྱོར་གྱི་འདུ་འགོད ”བཅས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཞིང་འབྲོག་པའི་ཏང་ཡོན་སྤྱི་ཡོངས་ཀྱི་བྱང་ཚད་ད་དུང་མཐོ་རུ་གཏོང་དགོས་པ་དང་། ཞིང་འབྲོག་པའི་ཏང་ཡོན་ཁག་གཅིག་གི་ཕྱུག་འགྱུར་འཇོན་ཐང་ཆེན་པོ་དེ་ཙམ་མེད་པ། གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་གི་ཡིད་དབང་འགུགས་ཤུགས་ཆེན་པོ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        མཇུག་ཏུ་ཧའོ་ཕུང་གིས་ལྗོངས (ཀྲུང་དབྱང )ཐད་གཏོགས་སྡེ་ཚན་གྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བཞིན་ཡོད་པ་དེ་གོ་སྐབས་སུ་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་འབྲེལ་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་དེ་དུས་ཐོག་ཏུ་སྒྲུབ་དགོས་པའི་དམིགས་ཚད་ལ་བརྩིས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་ནང་བཅུག་སྟེ་ལས་དོན་ཇི་མ་ཇི་བཞིན་སྤེལ་བ་དང་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ལེའང་ཐེན་ཀེན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་བཀོད་སྒྲིག་གནང་བ་རེད།

        ཚོགས་འདུར་ཕེབས་མཁན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གྲས་སུ་ད་དུང་ཚེ་རིང་དང་། སྐལ་བཟང་ཚེ་རིང་། བློ་བཟང་རྡོ་རྗེ་བཅས་ཡོད་པ་རེད།

        ཚོགས་འདུའི་ཐོག་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཆབ་མདོ། ཉིང་ཁྲི་བཅས་ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བས་ཚོགས་འདུའི་ཐོག་ཁག་སོ་སོར་སྤེལ་རེས་གཏམ་བཤད་གནང་བ་རེད།

        ཚོགས་འདུ་དེ་བཪྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ས་ཁུལ (གྲོང་ཁྱེར )ཁག་དང་རྫོང (གྲོང་ཁྱེར་དང་ཆུས )ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།