དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དབྱར་སྐྱིད་ལྷན་འཛོམས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཚེས་6ཉིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྒོ་རའི་ནང་གླུ་དབྱངས་དང་དགོད་སྒྲས་ཁེངས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་དགའ་སྤྲོ་མཉམ་འཛོམས་ཀྱིས་དབྱར་སྐྱིད་ལྷན་འཛོམས་འཚོགས་ཏེ་གྲོགས་པོ་སྒྲིག་པ་དང་། ཕན་ཚུན་སྨོན་འདུན་ཞུ་བ། ཞི་མཐུན་གླེང་བ་བཅས་བྱས་ཡོད་པ་རེད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་བཅས་འདུ་འཛོམས་ནང་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆིང་ཧུའེ་དང་། བློ་བཟང་རྡོ་རྗེ། པད་མ་རྣམ་རྒྱལ། དབྱངས་ཅན།  བློ་བཟང་འགྱུར་མེད་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཐུབ་བསྟན་ཚེ་དབང་། བྱམས་པ་དཀར་ལྡན། དབྱང་ཡིའུ་ཚའེ། ཤང་དབྱང་། བསམ་གྲུབ། ལྷ་སྨོན་བསོད་ནམས་ལྷུན་གྲུབ། དོན་གྲུབ། ཚེ་རིང་སྒྲོལ་དཀར། ཆོས་རྒྱལ། རྒྱལ་པོ། ཕུན་ཚོགས། ཚེ་དབང་དཔལ་ལྡན། དགྲ་སྨོན་འཕྲིན་ལས་དབང་རྒྱལ་དང་དེ་བཞིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེན་གཞོན་པ་ཁག ཆེད་དོན་ཨུ་ལྷན་ཁག་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། གཞུང་དོན་ཐིང་གི་སྐོར་ཞིབ་པ་གཞོན་པ། ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྐབས་དགུ་པའི་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་ལས་བཟོ་སོགས་ལྷན་འཛོམས་ལ་ཞུགས་ཡོད་པ་རེད།

        མཐུན་འབྲེལ་ལྷན་ཚོགས་ཐོག་རང་ལྗོངས་ཀྱི་རིག་རྩལ་ལས་དོན་པ་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་སྙན་འཇེབས་ལྡན་པའི་གླུ་དབྱངས་དང་ཡིད་དབང་འཕྲོག་པའི་ཟློས་གར་འཁྲབ་སྟོན་བྱས་ནས་མཐུན་འབྲེལ་ལྷན་ཚོགས་དེར་མཐོ་རླབས་ཡང་ཡང་འཕྱུར་བ་བྱས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དམངས་ཚོར་དོ་ཁུར་བྱེད་པ་དང་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མཚོན་པ་དང་མི་དམངས་སྲིད་གྲོས་སུ་ཤེས་ལྡན་མི་སྣས་ཁེངས་པ་དང་རིག་སྟོབས་མང་འདུས་ཀྱི་ཁྱད་ཆོས་ལྡན་པ་མཚོན་པ་བྱས་པ་རེད།

        ལྗོངས་སྲིད་གྲོས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཤིང་བརྟན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས། རང་སྐྱོང་ལྗོངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་ཀྱི་འོག་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུས་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པ་སྣེ་ཁྲིད་དེ་བོད་ཀྱི་སྲིད་གྲོས་ཀྱི་ལས་དོན་ཁག་སྔར་བས་མདུན་སྐྱོད་ཕྱོགས་སུ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་འཚོག་རྒྱུར་དགའ་སྤྲོའི་ངང་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།