དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་ཡུལ་དམག་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་ཡུལ་དམག་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཁྲེང་ཏུའུ་དམག་ཁུལ་ཁང་གི་ཡུལ་དམག་ལས་དོན་ཚོགས་འདུའི་དགོངས་དོན་སྒོ་ཀུན་ལས་ལག་ལེན་བསྟར་ཏེ་ལོ་8རིང་གི་ལྗོངས་ཡོངས་ཀྱི་ཡུལ་དམག་འཛུགས་སྐྱོང་ལས་ཀར་ཕྱོགས་སྡོམ་དང་དུས་བབ་གསར་པའི་ཡུལ་དམག་ལས་ཀར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་འབྲེལ་རང་ལྗོངས་ཀྱི་ཡུལ་དམག་ལས་ཀའི་ཁྲོད་ཐོན་པའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་དབྱང་ཅིན་ཧྲན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ལང་ཡིའུ་ལའེང་ཁག་སོ་སོས་འགོ་འཛུགས་དང་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ལི་ཀྲའོ་ཡིས་རྒྱལ་ཡོངས་ཀྱི་ཡུལ་དམག་ལས་དོན་ཚོགས་འདུ་དང་ཁྲེང་ཏུའུ་དམག་ཁུལ་ཁང་གི་ཡུལ་དམག་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་ཞིང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཝང་ཀུའེ་ཧྲེན་གྱིས་ལོ་8རིང་གི་ལྗོངས་ཡོངས་ཀྱི་ཡུལ་དམག་འཛུགས་སྐྱོང་བྱས་ཚུལ་ཕྱོགས་སྡོམ་གནང་བ་དང་འབྲེལ་ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཡུལ་དམག་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱང་ཏ་མིན་གྱིས 《ཡུལ་དམག་ལས་དོན་ཁྲོད་ཀྱི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། བོད་དམག་ཁུལ་ཁང་བཅས་ཀྱི་གཏན་འབེབས 》སྒྲོག་སྦྱངས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་དུས་ཡུན་རིང་པོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་དམག་ལས་ཀར་མཐོང་ཆེན་པོ་གནང་ནས་རང་ལྗོངས་ཀྱི་ཡུལ་དམག་ལས་དོན་དེ་ཉིད་མེད་པ་ནས་ཡོད་པ་དང་སྟོབས་ཞན་ནས་སྟོབས་ཆེའི་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒྱ་ཆེའི་ཡུལ་དམག་རྣམས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་པ་དང་རྒྱབ་སྐྱོར་བྱས་ནས་མུག་ཟ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ནང་གཞོལ་ཏེ་སྤྱི་ཚོགས་དང་མཐའ་མཚམས་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་བར་དམག་དཔུང་དང་ས་གནས་ཁག་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་ཡུལ་དམག་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་གཅིག་ནས་དུས་བབ་གསར་པའི་འོག་གི་ཡུལ་དམག་ལས་དོན་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ལེགས་པར་བྱས་ཏེ་ཡུལ་དམག་ལས་དོན་གྱི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་དང་དོན་དངོས་ཀྱི་དགོས་གཏུགས་སེམས་པ་ཆེ་རུ་ཏན་ཏིག་དགོས་པ་དང་། གཉིས་ནས་ཆབ་སྲིད་ཐོག་ནས་བློས་འགེལ་ཆོག་པའི་གནས་བབ་གལ་ཆེན་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཡུལ་དམག་ལས་དོན་གྱི་ཡང་དག་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ། གསུམ་ནས་དུས་བབ་དང་ལས་འགན་འཕེལ་རྒྱས་ཀྱི་འགྱུར་བ་དང་འཚམ་ཐུབ་པ་བྱས་ཏེ་དུས་བབ་གསར་པའི་ཡུལ་དམག་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཤུགས་ཆེན་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

        དབྱང་ཅིན་ཧྲན་གྱིས་ཚོགས་འདུའི་ཐོག་དམག་དཔུང་དང་ས་གནས་ཁག་གིས་ཡུལ་དམག་གི་ལས་དོན་དེ་ཉིད་གལ་ཆེའི་གནས་བབ་ཐོག་བཞག་ནས “ཐབས་དང་ཇུས་ལེགས་པར་འདིང་རྒྱུའི ”བསམ་བློ་གཏོང་བ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རང་འགན་གཙང་སྒྲུབ་བྱེད་པ། ཕན་ཚུན་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་དམག་དཔུང་དང་ས་གནས་ཁག་གིས་ཡུལ་དམག་ལས་དོན་མཉམ་དུ་དོན་གཉེར་བྱེད་པའི་སྤྱི་འདུས་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ་དང་ཡུལ་དམག་ཚོའི་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་སྲུང་དམག་གི་ནུས་པ་དང་། སྤྱི་ཚོགས་བརྟན་ལྷིང་ཁྲོད་ཀྱི་འདེགས་སྐྱོར་གྱི་ནུས་པ། དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཀྱི་རྐང་འཛིན་ནུས་པ་བཅས་མུ་མཐུད་ལེགས་པར་བཏོན་ནས་ཡུལ་དམག་གི་གྲ་སྒྲིག་དམག་ཞབས་པ་སྒྲིག་འཛུགས་དང་སྣེ་ཁྲིད་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བའི་འགན་འཁུར་བས་ཡུལ་དམག་ལས་དོན་ཐད་གཏམ་བཤད་སྤེལ་ཡོད།

        རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་བོད་དམག་ཁུལ་ཁང་གི་འབྲེལ་ཡོད་འགན་འཁུར་བའང་ཚོགས་འདུར་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།