དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་དང་ཧའོ་ཕུང་གིས“ས་ག་ཟླ་བའི”རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འདི་ནི་པད་མ་འཕྲིན་ལས་དང་ཧའོ་ཕུང་གིས་བར་སྐོར་ཁྲོམ་གཞུང་དུ་ལས་དོན་མི་སྣར་གཟིགས་པ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

        ཚེས་3ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གཙུག་ལག་ཁང་ཐང་ཆེན་དང་། བར་སྐོར་ཁྲོམ་གཞུང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་བཅས་སུ་ཕེབས་ནས་ལས་རེས་དཔོན་དམག་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། བདེ་འཇགས་མཉམ་འབྲེལ་འགོག་སྲུང་རུ་མི་བཅས་ལ་གཟིགས་པ་དང་འབྲེལ “ས་ག་ཟླ་བའི ”རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

        གཙུག་ལག་ཁང་ཐང་ཆེན་དང་། བར་སྐོར་ཁྲོམ་གཞུང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་བཅས་ཀྱི་བདེ་འཇགས་ཞིབ་བཤེར་བྱེད་གནས་སུ་པད་མ་འཕྲིན་ལས་དང་ཧའོ་ཕུང་དང་བཅས་པས་སྣེ་འཁྲིད་དེ་བདེ་འཇགས་ཞིབ་བཤེར་དང་ལེན་གནང་བ་དང་འབྲེལ་བདེ་འཇགས་ཞིབ་བཤེར་མི་སྣས་ཡ་རབས་ངང་ལས་སྒྲུབ་དང་འགན་ནན་པོ་ཁུར་བའི་ལས་ཀའི་རྣམ་འགྱུར་ལ་གདེང་འཇོག་གང་ལེགས་གནང་བ་རེད། པད་མ་འཕྲིན་ལས་ཀྱིས “ས་ག་ཟླ་བའི ”རིང་དད་ལྡན་མང་ཚོགས་མང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་བས་སྤྱི་པའི་བདེ་འཇགས་ཀྱི་དོན་རྐྱེན་སྔོན་འགོག་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད་མི་མང་པོ་སྐྱོད་ས་དང་འདུ་འཛི་ཆེ་སར་བདེ་འཇགས་ཞིབ་བཤེར་ལག་བསྟར་དང་བདེ་འཇགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཧ་ཅང་དགོས་ངེས་ཤིག་ཡིན་ཞེས་གསུངས་ཤིང་། ཁོང་གིས་བདེ་འཇགས་ཞིབ་བཤེར་བྱེད་མཁན་མི་སྣ་ཡོངས་ལ་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་སེམས་པ་བརྟན་པོ་འཛུགས་པ་དང་། བདེ་འཇགས་ཞིབ་བཤེར་གྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ཡ་རབས་ངང་ལས་སྒྲུབ་དང་། གུས་ཞབས་ལྡན་པ། ཞབས་ཞུ་ལེགས་པ་བཅས་བྱེད་པ། གྲོང་མི་དང་ཡུལ་སྐོར་བས་རང་འགུལ་ངང་བདེ་འཇགས་ལས་དོན་མི་སྣའི་ལས་དོན་ལ་གཞོགས་འདེགས་བྱ་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བཅས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོས་ཐོག་ཐུན་མོང་ཐོག་སྤྱི་པའི་བདེ་འཇགས་ཀྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        སྐྱིད་རས་སྲང་ལམ་གསུམ་པ་དང་སྲང་ལམ་གཉིས་པ་དང་དེ་བཞིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་པད་མ་འཕྲིན་ལས་དང་ཧའོ་ཕུང་དང་བཅས་པས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་སྣ་དང་གོ་མཚོན་སྒྲིག་ཆས་ཀྱི་གནས་ཚུལ་དང་ཛ་དྲག་གི་གནས་ཚུལ་ཐག་གཅོད་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། པད་མ་འཕྲིན་ལས་ཀྱིས་དད་ལྡན་མང་ཚོགས་ཀྱི་བདེ་འཇགས་དང་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུ་འགན་ལེན་བྱ་ཆེད “ས་ག་ཟླ་བ ”ཤར་ཚུན་རང་སྐྱོང་ལྗོངས་ཀྱིས་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་འགྲིམ་འགྲུལ་ཉེན་རྟོག་པ་འཐེན་ནས་སྐོར་ལམ་འཁེལ་སའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལ་དོ་དམ་དང་སྒྲིག་སྲོལ་སྲུང་བར་བརྟེན་བསངས་ཁ་བསངས་གསོལ་དང་ཕྱག་འཚལ་སོགས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུ་འགན་ལེན་བྱུང་བ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དེ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོར་གནས་ཡོད་ལ་རྒྱ་ཆེའི་ཡུལ་སྐོར་བས་བོད་ཤེས་རྟོགས་བྱེད་པའི་སྐར་ཁུང་ཡང་ཡིན། རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལས་འགན་ཆེན་པོ་གཉིས་ཡིན་པའི་དམངས་ཕན་དང་བརྟན་ལྷིང་སྲུང་སྐྱོང་ལ་དམ་པོར་དམིགས་པ། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ། གྲོང་ཁྱེར་གྱི་དྲ་བ་ཅན་གྱི་དོ་དམ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ། ཁྲིམས་འཛིན་ནན་པོ་དང་ཡ་རབས་ལས་སྒྲུབ་བཅས་བྱས་ཏེ “ས་ག་ཟླ་བའི ”ཆོས་ལུགས་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

        ད་དུང་པད་མ་འཕྲིན་ལས་དང་ཧའོ་ཕུང་དང་བཅས་པས་གཙུག་ལག་ཁང་ཐང་ཆེན་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་བདེ་འཇགས་མཉམ་འབྲེལ་འགོག་སྲུང་མི་སྣར་བྱམས་བརྩེའི་ངང་གཟིགས་ཤིང་། པད་མ་འཕྲིན་ལས་ཀྱིས་ལོ་གཅིག་དུས་གཅིག་གི “ས་ག་ཟླ་བའི ”ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་རྒྱུན་གཏན་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དེ་ནི་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ་ཡུལ་སྐོར་བ་མང་བའི་སྐབས་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་འགན་ལེན་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་། བོད་ཀྱི་གཟུགས་བཪྙན་བཟང་པོ་གཏོད་པ་བཅས་ཀྱི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡང་ཡིན། མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་། མི་དམངས་རྣམས་བདེ་སྡོད་ལས་བརྩོན་བཅས་ཡོད་མོད། འོན་ཀྱང་ཞི་མཐུན་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད་ལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ཅེས་གསུངས་ཤིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་། ལས་ཀའི་སྔོན་ཇུས་ཁག་སྔར་བས་ཞིབ་ཏུ་གཏོང་བ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་དོན་རྐྱེན་ཐོན་རྒྱུ་འགོག་པ། བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་སྒོ་ཀུན་ནས་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་པ་དང་ཆབས་ཅིག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་འགོག་མཉམ་བཅོས་ཀྱི་བྱ་སྤྱོད་ནང་ཞུགས་རྒྱུ་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་མི་དམངས་ཉེན་རྟོག་པ་དང་། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ། མཉམ་འབྲེལ་འགོག་སྲུང་རུ་མི་སོགས་མཉམ་དུ་ཞུགས་པའི་ལངས་གཟུགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་ཅིག་གྲུབ་པ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་བསྐྲུན་ཐོག་བོད་ཞི་མཐུན་བརྟན་ལྷིང་ལྡན་པའི་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།