ཟླ་5ཚེས་29ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་སྨན་ཡོན་མི་དགོས་པར་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལས་དོན་ཡག་པོ་བྱེད་དགོས་རྒྱུའི་མཆན་འགོད་མཛུབ་སྟོན་གནང་བ་རེད། ཁོང་གིས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་གཞི་བཙུགས་ཏེ་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། བསམ་ཕྱོགས་གསར་གཏོད། བྱ་ཐབས་ཆེ་རུ་གཏོང་བ། སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཀྱི་འདོད་འདུན་མཚོན་པ་དང་། དམངས་སེམས་ལ་ཉེ་བཅར། དམངས་འཚོ་ལེགས་བཅོས་བཅས་ཀྱི་དོན་དངོས་དང་བྱ་བཟང་དེ་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་གྱི་སེམས་ནང་དངོས་འབྲེལ་ཚོར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ཁྲོད་སྨན་ཡོན་མི་དགོས་པའི་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལས་དོན་སྤེལ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་མཐུན་སྦྱོར་ཚོགས་ཆུང་ཚོགས་འདུའི་ཐོག་གི་ཀྲུའུ་ཞི་ཅ་ཆིང་ལིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། དམངས་འཚོ་འགན་ལེན་དང་དེ་ལེགས་སུ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་གྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། མི་རྩ་བར་འཛིན་པ་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་མཐོ་ཚད་བཅས་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལས་དོན་སྤེལ་ཚུན་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དང་ལེན་ཧུར་ཐག་ཞུ་བ་དང་བྱ་སྤྱོད་མྱུར་དུ་སྤེལ་ཐོག་བྱེད་སྟངས་སྣ་ཚོགས་ཀྱི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་མངོན་གསལ་དོད་པའི་ཕན་འབྲས་ཐོན་ཡོད། མིག་སྔར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་36.2%དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་92.7%ལ་སྨན་ཡོན་མི་དགོས་པའི་གཟུགས་པོའི་བདེ་ཐང་བརྟག་དཔྱད་བྱས་པར་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་གྱི་སྙིང་དབུས་ནས་བརྩི་བཀུར་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་གཞི་བཙུགས་ཏེ་ངོས་འཛིན་སྔར་བས་གཏིང་ཟབ་དང་། བསམ་ཕྱོགས་སྔར་བས་གསར་གཏོད། བྱ་ཐབས་ལག་བསྟར་བྱེད་ཤུགས་སྔར་བས་ཟབ་ཏུ་གཏོང་བ། ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་སྨན་ཡོན་མི་དགོས་པའི་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ཚོས་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་རང་ངོས་ནས་མྱོང་ཚོར་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་སྟེ།
གཅིག་ནི་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་སྨན་ཡོན་མི་དགོས་པའི་གཟུགས་པོའི་བདེ་ཐང་བརྟག་དཔྱད་བྱ་རྒྱུ་དེ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་ཞིང་། རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར་དང་ཆུས ) ཤང་གྲོང་བཅས་རིམ་པ་བཞིས་མཉམ་སྒུལ་ཐོག་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་ལུགས། འཕྲོད་སྟེན། ནོར་སྲིད་སོགས་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ལྗོངས་ཡོངས་ཀྱི་དགོན་སྡེར་སྤེལ་བཞིན་པའི “གཅིག་དྲུག ”དང “ཡོད་པ་དགུ ”“ཁྱབ་པ་གཅིག ”(སྨན་བཅོས་དང་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ )“སློབ་གསོ་གཅིག ”(བླ་མ་སྐྱེས་ཆེན་རིམ་བྱུང་གི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་སྲུང་ཁྲིམས་སྲུང་། དགེ་སྒྲུབ་སྡིག་སྤོང་། ཞི་མཐུན་གོང་བཀུར་། དུས་བདེར་རེ་སྨོན ”བཅས་བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ )བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྨན་དོན་མི་སྣ་དང་། སྨན་བཅོས་སྒྲིག་བཀོད། བརྟག་དཔྱད་འགྲོ་གྲོན་བཅས་དོན་འཁྱོལ་བྱས་ཐོག་ཟླ་6པའི་ཟླ་མཇུག་གོང་ལྗོངས་ཡོངས་ཀྱི་དགོན་སྡེ་ཡོངས་ཀྱི་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་བདེ་ཐང་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱེད་དགོས་པ་དང་འབྲེལ་གྲྭ་བཙུན་ལ་སྨན་ཡོན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱབ་ཕྱོགས་སེམས་ཁྲལ་རྩ་བའི་ཐོག་ནས་སེལ་ཐོག་ཁོང་ཚོར་རང་ངོས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱེད་པ་དང་། རང་རྟོགས་ངང་རྒྱལ་གཅེས་ཁྲིམས་སྲུང་དང་། དགེ་བ་རྩེ་གཅིག་ཏུ་སྒྲུབ་པ། བློ་བདེའི་ངང་ཐོས་བསམ་ལ་གཞོལ་བ་བཅས་བྱེད་ཐུབ་པ་བྱེད་དགོས་པ་དང་།
གཉིས་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་ཡོན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་། དམིགས་ཚད་སྔར་བས་ཁ་གསལ་ཡོང་བ་བྱེད་དགོས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་ཡོན་མི་དགོས་པར་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་ཐེངས་གཅིག་བྱེད་པ་དང་ཚད་ལྡན་ཅན་གྱི་བདེ་ཐང་ཡིག་ཚགས་བཟོ་དགོས་པ་དང་། བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི (ལས་བྱེད་པ་དང་ལས་བཟོ་ཚུད་མེད་པ )གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་དེ་རིམ་ཁག་ནོར་སྲིད་ནས་འགན་འཁུར་དགོས་པ་དང་ཞིང་འབྲོག་པར་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་མངགས་པའི་སྨན་བཅོས་རུ་ཁག་གིས་སྨན་ཡོན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་དགོས་པ། ཐབས་ལམ་སྔར་བས་རྒྱ་ཆེར་བཏང་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཐུན་སྦྱོར་ཚོགས་ཆུང་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ 《བོད་སྐྱོར་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ཞིང་འབྲོག་པའི་གཟུགས་པོ་བདེ་ཐང་བརྟག་དཔྱད་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཇུས་གཞི 》དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་དགོས་པ། ལས་འགན་སྔར་བས་དོན་འཁྱོལ་བྱས་ཏེ་འདི་ལོའི་ཟླ་6པར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་ཁེ་ལས་ཀྱིས་རང་ལྗོངས་ཀྱི་ཞིང་འབྲོག་པའི་གཟུགས་པོའི་བརྟག་དཔྱད་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཏེ་ལོ་མཇུག་ཏུ་མ་སླེབས་གོང་གཟུགས་པོ་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་རིགས་ཁག་གི་ནད་གཞི་སྔ་ཙམ་ཤེས་པ་དང་། སྔ་ཙམ་བརྟག་དཔྱད་ཐུབ་པ། སྔ་ཙམ་སྨན་བཅོས་ཡོང་བ་བཅས་ཏན་ཏིག་བྱེད་ཐུབ་པ་བྱེད་དགོས་པ།
གསུམ་ནི་སྨན་ཡོན་མི་དགོས་པའི་གཟུགས་པོ་བདེ་ཐང་བརྟག་དཔྱད་ལས་ཀའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་སྨན་ཡོན་མི་དགོས་པའི་གཟུགས་པོ་བདེ་ཐང་བརྟག་དཔྱད་ལས་ཀའི་འགན་འཁྲི་འཁུར་མཁན་གཙོ་བོ་ཡིན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ལག་བསྟར་ཞིབ་ཕྲ་བྱ་རྒྱུའི་འགན་འཁུར་ཡོད་པས་ངེས་པར་དུ་ཚད་མཐོའི་འགན་འཁུར་དང་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་དགོས། ཕན་ཡོད་བྱ་ཐབས་ཞིབ་བཟོ་བྱས་ཏེ་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། སྒྲིག་འཛུགས་དང་མཐུན་སྦྱོར་ཡག་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགན་འཁྲི་དོན་འཁྱོལ་དང་། སྲིད་ཇུས་དོན་འཁྱོལ། མ་དངུལ་དོན་འཁྱོལ། བྱ་ཐབས་དོན་འཁྱོལ་བཅས་ཡོང་བ་བྱེད་ཐུབ་པ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཀྱི་འདོད་འདུན་མཚོན་པ་དང་། དམངས་སེམས་དང་ཉེ་བཅར། དམངས་འཚོ་ལེགས་བཅོས་བཅས་ཀྱི་བྱ་བ་དངོས་དེ་དམ་འཛིན་ཡག་པོ་དང་དམ་འཛིན་ནན་ཏན་བྱས་ཐོག་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་སེམས་སུ་ཚོར་བ་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་གྱི་ཧུར་སེམས་འཕེལ་བར་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཤིག་ཆགས་པ་བྱེད་དགོས།