ཚེས་29ཉིན་གྱི་སྔ་དྲོ་ཀྲུང་དབྱང་རྩ་འཛུགས་པུས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཪྙན་འཕྲིན་ཚོགས་འདུ་འཚོགས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བཅོས་སྒྲིག་མཐོར་གཏོང་དང་རིམ་སྤོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧའོ་ཕུང་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཙོ་གནད་སྔར་བས་མངོན་གསལ་དོད་པོ་ཡོང་བ་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཧའོ་ཕུང་གིས་གསུང་བཤད་གནང་སྐབས་རང་ལྗོངས་སུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ཚུན་འགོ་ཏན་ཏིག་འཛུགས་རྒྱུ་དང་འཕེལ་རིམ་བདེ་བླག་བྱུང་བ་དང་དུས་མཚམས་གོང་མའི་བརྟག་དཔྱད་མཐིལ་རྟོགས་དང་རིགས་དབྱེ་ནས་རིམ་པ་གཏན་འཁེལ་བྱེད་པའི་ལས་དོན་ནང་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཚགས་ཚུད་པོ། ཁྱོན་ཡོངས་ལ་བརྟག་དཔྱད་མཐིལ་རྟོགས་བྱས་པ། རིགས་དབྱེ་ནས་རིམ་པ་གཏན་འཁེལ་ཚན་རིག་དང་མཐུན་པ། དབྱེ་ཞིབ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་གཏིང་ཟབ་པ། གདེང་འཇོག་དོན་དངོས་དང་མཐུན་ལ་དྲང་བཞག་ཡོད་པ། བྱེད་སྒོའི་གཞི་རྟེན་གསར་གཏོད་ཡོད་པ། ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་བཅས་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་དུས་མཚམས་གོང་མའི་ལས་དོན་ནང་ད་དུང་ས་གནས་དང་ཚན་པ་ཁག་གཅིག་གིས་མཐོང་ཆེན་བྱེད་ཤུགས་མི་འདང་བ་དང་། བརྟག་དཔྱད་དང་མཐིལ་རྟོགས་བྱེད་ཚད་གཏིང་ཟབ་པོ་མེད་པ། དྲིལ་བསྒྲགས་དང་སྐུལ་སློང་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ལྷག་ཡོད་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་སྤྱོད་གོ་ཆོད་པའི་བྱ་ཐབས་སྤྱད་དེ་ནན་ཏན་ངང་ཐག་གཅོད་བྱེད་དགོས་པ་དེ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཧའོ་ཕུང་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་རིང་གདིང་གཞི་མཐིལ་རྟོགས་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་དང་། བཅོས་སྒྲིག་མཐོར་གཏོང་བྱ་རྒྱུ་ནི་འགག་རྩ། གནད་དོན་ཐག་གཅོད་བྱ་རྒྱུ་ནི་རྩ་བ་བཅས་ཡིན། མིག་སྔར་རང་ལྗོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་དེ་བཅོས་སྒྲིག་མཐོར་གཏོང་དང་རིམ་སྤོར་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ཀྱི་བླང་བྱར་གཞིགས་པ་དང “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་མངགས་བཅོལ་སེམས་ལ་བརྟན་པོར་ངེས་ཐོག “རྩ་འཛུགས་སྟོབས་ཆེ་བ་དང་། གསོན་ཤུགས་ཆེ་བ། སྔོན་གཏོད་ལེགས་བརྩོན་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་རྒྱུ ”བརྗོད་བྱ་གཙོ་བོར་བྱེད་པ་དང་། ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་འགག་རྩར་བྱེད་པ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུ་སྤྱིའི་དམ་འཛིན་བྱ་གཞི་བཅས་བྱས་ཏེ་རྩ་འཛུགས་ཀྱི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་དང་། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། ཏང་ཡོན་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུ་བཅས་ལ་སྔར་བས་དམ་འཛིན་ནན་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞི་མཐུན་ལ་སྐུལ་འདེད་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། མི་སེམས་གོང་འགྲིལ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། གཅིག་ནས་དུས་མཚམས་གོང་མའི་ལས་དོན་གྱི་རྨང་གཞིའི་ཐོག “ཕྱིར་མིག་བལྟ་བའི ”ལས་དོན་ནན་ཏན་ངང་སྤེལ་ནས་བརྟག་དཔྱད་མཐིལ་རྟོགས་དང་རིགས་དབྱེ་ནས་རིམ་པ་གཏན་འཁེལ་བྱེད་པའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱིར་དྲན་ཕྱོགས་སྡོམ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་འཚོལ་མཁས་པོ་བྱེད་པ། བསམ་འཆར་དང་གྲོས་འགོ་ཕྱོགས་བསྡུས་དང་ལེགས་སྒྲིག་ཡག་པོ་བཅས་བྱས་ཏེ་བཅོས་སྒྲིག་མཐོར་གཏོང་གི་ཇུས་གཞི་བཟོ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་དང་། གཉིས་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྔོན་ཐོན་ཇེ་ལེགས་སུ་གཏོང་བ་དང་། སྤྱིར་བཏང་ལ་སྐུལ་འདེད་གཏོང་བ། རྗེས་ལུས་བཅོས་སྒྲིག་བྱེད་པ་བཅས་ཀྱི་བླང་བྱར་གཞིགས་ནས་བཅོས་སྒྲིག་གི་ཇུས་གཞི་ཞིབ་འཇུག་ནན་ཏན་བྱས་ནས་བཟོ་བ་དང་། བཅོས་སྒྲིག་གི་འགན་འཁྲི་དོན་འཁྱོལ་བྱེད་པ། བཅོས་སྒྲིག་གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཞི་རིམ་རྩ་འཛུགས་ཚང་མ་ད་ཡོད་ཀྱི་རྨང་གཞིའི་ཐོག་གོང་མཐོར་ཕྲན་ཙམ་འགྲོ་བ་དང་ཡོངས་ཁྱབ་ངང་རིམ་འཕར་ཡོང་བ་བྱེད་དགོས་པ། གསུམ་ནས་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི “གཞི་རིམ་ཏང་འཛུགས་སྐྱོང་ལ་ཁྱད་ཆོས་གཏོད་པ ”དང “གཞི་རྟེན་དང་དམ་འཛིན་བྱ་གཞི་ཡག་པོ་བདམས་ནས་བྱེད་སྒོ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པའི ”བླང་བྱར་གཞིགས་པ་དང་རིགས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས “གཏན་འཁེལ་བྱས་པའི་བྱ་སྤྱོད ”ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་རང་རྟོགས་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། བྱེད་སྒོའི་གཞི་རྟེན་སྔར་བས་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས་པ། “རང་འདེམས་བྱ་སྤྱོད ”ཡག་པོ་སྤེལ་བ་བཅས་བྱས་ཏེ་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་རྟགས་ཧུར་ཐག་གཏོད་ནས་ལྗོངས་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཁྱད་ཆོས་གཏོད་པ་དང་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་ད་རེས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱེད་དགོས་ཤིང་། དང་ཐོག་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་པ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། བཪྙན་འཕྲིན་དང་། ཚགས་པར། རླུང་འཕྲིན། དྲ་སྤེལ་སོགས་སྨྱན་སྦྱོར་བརྒྱུད་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རིང་ཐོན་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་དང་ཁྱབ་གདལ་གཏིང་ཟབ་བཏང་སྟེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་སྔར་བས་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
མཇུག་ཏུ་ཧའོ་ཕུང་གིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་གཞི་རྩའི་ཆ་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང་འཕྲད་པའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་ཛ་དྲག་ལ་ཪྙོག་འཛིང་ཆེན་པོ་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་ཐད་མཐོང་ཆེན་དང་། མཐོང་ཆེན། སླར་ཡང་མཐོང་ཆེན་བྱེད་པ་དང་། ངོས་འཛིན་ཐད་གཅིག་གྱུར་དང་། གཅིག་གྱུར། སླར་ཡང་གཅིག་གྱུར་ཡོང་བ་བྱས་ཐོག་དད་སེམས་དང་བློ་སྟོབས་སྔར་བས་བརྟན་དུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་དཀའ་ཉེན་ལས་སྒྲོལ་བ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་ལས་དོན་ལ་སྐུལ་འདེད་གཏོང་རིང་གཞི་རིམ་ཏང་རྩ་འཛུགས་ལ་བརྟན་ལྷིང་སྲུང་སྐྱོང་གི་འགན་ནུས་ཤུགས་ཆེར་གཏོང་རྒྱུ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ། མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལ་རོགས་རམ་བཅས་བྱས་ཏེ་གཞི་རིམ་གྱི་བརྟན་ལྷིང་འཆམ་མཐུན་ཡོང་བ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། ངེས་པར་དུ་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་གཞིགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གསར་འབྱེད་གསར་གཏོད་དང་ལས་དོན་ཏན་ཏིག་སྤེལ་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།