དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བློ་མཐུན་ང་ཕོད་ཚེ་བརྟན་སྒྲོལ་དཀར་གྱི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློ་ཐུབ་དང་། ཏང་དང་ཡུན་རིང་ལས་ཀ་མཉམ་སྒྲུབ་གནང་མཁན་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། སྔ་དུས་བོད་ཀྱི་བུད་མེད་ལས་དོན་གྱི་གསར་གཏོད་པ་དང་འགོ་ཁྲིད་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཞི་པ་དང་། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་དང་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་ང་ཕོད་ངག་དབང་འཇིགས་མེད་སྐུ་འདས་པོའི་སྐུ་ཟླ་བློ་མཐུན་ང་ཕོད་ཚེ་བརྟན་སྒྲོལ་དཀར་གྱི་སྐུ་ཕུང་ཚེས་28ཉིན་པེ་ཅིང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་བྱས་པ་རེད།

        ང་ཕོད་ཚེ་བརྟན་སྒྲོལ་དཀར་སྙུན་གཞིས་རྐྱེན་པས་2012ལོའི་ཟླ་5ཚེས་24ཉིན་གྱི་ཆུ་ཚོད་19དང་སྐར་མ་25ཡི་ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་97ཡིན་པ་རེད། ང་ཕོད་ཚེ་བརྟན་སྒྲོལ་དཀར་སྙུན་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་སེམས་གསོའི་འཚམས་འདྲི་དང་མྱ་ངན་ཞུས་གནང་བ་རེད།

        ང་ཕོད་ཚེ་བརྟན་སྒྲོལ་དཀར། བོད་རིགས། 1915ལོའི་ཟླ་བ་དགུ་པར་ལྷ་སར་འཁྲུངས་ཤིང་། སྐུ་དྲག་གཡུ་ཐོག་ཁྱིམ་རྒྱུད་ནས་ཡིན། 1953ལོའི་ཟླ་བ་གསུམ་པར་ལྷ་ས་གྲོང་ཁྱེར་རྒྱལ་གཅེས་བུད་མེད་མཐུན་འབྲེལ་ལྷན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་བ་དང་། 1954ལོའི་ཟླ་བ་གསུམ་པར་ལྷ་ས་གྲོང་ཁྱེར་རྒྱལ་གཅེས་བུད་མེད་མཐུན་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གནང་བ། 1956ལོའི་ཟླ་བ་བཅུ་གཅིག་པར་བོད་ལྗོངས་རྒྱལ་གཅེས་བུད་མེད་མཐུན་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་གནང་བ། 1959ལོར་བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་རེན་གནང་བ། ལོ་དེ་རང་དུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་གནང་བ། 1960ལོའི་ཟླ་བ་དྲུག་པར་བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གནང་བ། 1965ལོར་བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་བ། 1973ལོའི་ཟླ་བ་བདུན་པ་ནས་བཟུང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་མཚན་འཛིན་ཀྲུའུ་རེན་གནང་ཡོད། 1978ལོའི་ཟླ་བ་དགུ་པ་ནས་བཟུང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གནང་ཡོད། 2003ལོའི་ཟླ་བ་གསུམ་པར་ལས་འཁྱུར་ངལ་གསོ་བསྐྱོན་ཡོད།

        ཁོང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ་བཅས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་སྐབས་གསུམ་པའི་ཨུ་ཡོན་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།