དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པར་བསྩལ་བའི་རྟེན་འབྲེལ་ཞུ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས (སྤྱི་ཁྱབ་ཚོང་ཚོགས )དང་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་འཐུས་མི་རྣམས་ལ།

        རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས (སྤྱི་ཁྱབ་ཚོང་ཚོགས )ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་པའི་དུས་འདིར་ངེད་གཉིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། ཚོགས་ཞུགས་འཐུས་མི་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་ཁྱེད་རྣམས་བརྒྱུད་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་འཐུས་མི་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

        བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་གཙོ་བོར་བྱེད་པའི་མི་དམངས་ཚོགས་པ་དང་ཚོང་ཚོགས་རྩ་འཛུགས་ཤིག་དང་། ཏང་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ཞིག སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ལ་དོ་དམ་དང་ཞབས་ཞུ་བྱེད་པའི་ལས་རོགས་པ་ནུས་ལྡན་ཞིག་བཅས་ཡིན་པར་བརྟེན་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་འཚོ་བའི་ནང་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། ཉེ་ལམ་ལོ་ཤས་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་དང་མཛུབ་ཁྲིད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་དང་སྐུལ་ཁྲིད་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དམ་པ་དོན་གཉེར་བྱེད་པ། གསར་འབྱེད་གསར་གཏོད་བྱེད་པ་བཅས་བྱས་ཏེ་གྲུབ་འབྲས་ལེགས་པོ་ཐོབ་པའི་ལས་ཀ་འབོར་ཆེན་བྱས་པ་སྤྱི་དང་ལྷག་པར་དུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་པའི་ནང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་པ་དང་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། གཉེར་སྐྱོང་གི་ཁྱབ་ཁྱོངས་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བ། ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། དཔལ་འབྱོར་གྱི་སྤྱི་འབོར་རྒྱུན་ཆད་མེད་པར་འཕར་བ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། ནོར་སྲིད་ཁྲལ་འབབ་ཀྱི་འབྱུང་རྩ་གལ་ཆེན། ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ལ་འགྱུར་བཞིན་ཡོད། ཟླ་4པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་རའི་ཁོངས་མི་གཙོ་བོ་དུད་ཚང་ཁྲི་11.36ཟིན་པ་དེ་དུས་མཚུངས་ལས་དུད་ཚང་9000འཕར་བ་དང་། ལས་མི་ཁྲི་50.88ཟིན་པ་དེ་དུས་མཚུངས་ལས་མི་ཁྲི་10.3འཕར་བ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རིན་ཐང་འཕར་མས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་45%ཟིན་པ། གོང་འབུལ་ཞུས་པའི་ཁྲལ་དངུལ་གྱིས་ཁྲལ་འབབ་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་78.8%ཟིན་ནས་དཔལ་འབྱོར་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཕྱོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལས་ཀའི་ཕན་འབྲས་མངོན་གསལ་དོད་པ་དང་གྲུབ་འབྲས་མི་རྣམས་དགའ་འོས་པ་ཞིག་ཐོབ་ཡོད་པས་གདེང་འཇོག་གང་ལེགས་བྱེད་དགོས།

        འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གལ་ཆེའི་ལོ་ཞིག་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་བ་ཞུ་བའི་འགག་རྩའི་ལོ་ཞིག་ཡིན་པར་བརྟེན་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་ཀྱིས་ད་རེས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ནས་དུས་སྐབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་གོ་སྐབས་དམ་འཛིན་གྱིས་དུས་བབ་དང་བསྟུན་ནས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་ནུས་པ་འདོན་སྤེལ་གྱིས་བྱས་རྗེས་ཧུར་ཐག་བཞག་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ཏེ་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་ལྗོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

        གཅིག་ནས་ཆབ་སྲིད་ཐད་དར་ཆ་མཐོན་པོར་སྒྲེང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པ། མཐུན་སྒྲིལ་དང་། ཞབས་འདེགས། ཁྲིད་སྟོན། སློབ་གསོ་བཅས་ཀྱི་འགན་ནུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་བྱེད་ཐུབ་པ་བྱེད་པ་དང་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

        གཉིས་ནས་དཔུང་ཁག་ཐད་མི་སྣ་ལེགས་འདེམས་དང་སྟོབས་དང་ལྡན་པ་ཞིག་ཡོང་བ་བྱེད་དགོས། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་བོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབ་སྲིད་ཀྱི་མཚོན་ཚུལ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། ལས་ཀའི་གོ་རིམ་ནན་དུ་གཏོང་བ། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ། འགོ་ཁྲིད་ཚན་ཁག་ཁྲོད་ཀྱི་ཏང་ཕྱི་ནང་དང་ཆེད་འགན་འཁུར་མཁན་དང་འགན་གཅིག་ལྕོགས་འཁུར་མཁན་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཕྱོགས་བསྡུས་བྱང་ཚད་ལེགས་པ། ཕྱོགས་གང་ཅིའི་ཐད་ཀྱི་མཚོན་ཚུལ་ཕུལ་བྱུང་ཡིན་པ་བཅས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་མཚོན་བྱེད་མི་སྣ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་ཚོགས་མིའི་དཔུང་ཁག་ནང་དངོས་འབྲེལ་བསྐོ་གཞག་བྱས་ཏེ་མཚོན་བྱེད་རང་བཞིན་དང་རྒྱ་ཁྱབ་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གོང་བུ་སྒྲིལ་ཤུགས་དང་། ཤུགས་རྐྱེན་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས།

        གསུམ་ནས་སྲིད་ཇུས་ཐད་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱར་གཞིགས་ནས་ཆབ་སྲིད་ཐད་བློ་བདེ་པོ་དང་། བསམ་བློའི་ཐད་བཀག་རྒྱ་མེད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ།  ལས་ཀའི་ཐད་ལག་རྒྱ་གློད་པ་བཅས་མཐའ་འཁྱོངས་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱས་ཐོག་ཐེམ་པ་དམའ་བ་དང་། མ་མེད་དེབ་སྐྱེལ། དཔྱ་ཁྲལ་ཡང་བ། འདེགས་སྐྱོར་ཆེ་བ། ཞིབ་བཤེར་ཉུང་བ། ལྕག་སྐུལ་ལ་མཐོང་ཆེན་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཁྲོམ་རའི་ཁོར་ཡུག་དང་། སྲིད་ཇུས་ཀྱི་ཁོར་ཡུག ཁྲིམས་ལུགས་ཀྱི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་བཟང་པོ་ཞིག་གཏོད་དགོས།

        བཞི་ནས་ལས་དོན་ཐད་སླར་ཡང་གྲུབ་འབྲས་བཟང་པོ་ཞིག་གཏོད་དགོས། རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས “ཚད་བརྒལ་གསུམ ”མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པ་སྟེ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ནས་2015ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གནས་འཕར་རིན་ཐང་དང་གོང་འབུལ་ཞུས་པའི་ཁྲལ་འབབ་དེ་2010ལོའི་རྨང་གཞིའི་ཐོག་ལྡབ་གཅིག་ཡན་འཕར་བ་དང་ལོ་རེར་ཆ་སྙོམས་15%ཡན་འཕར་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གནས་འཕར་རིན་ཐང་གིས་GDPནང་བཟུང་བའི་བསྡུར་གྲངས་དང་ལས་གཉེར་མི་སྣས་ཐོན་ལས་གཉིས་པ་དང་གསུམ་པའི་ལས་གཉེར་མི་སྣའི་ཁྲོད་ཀྱི་བསྡུར་གྲངས་བཟུང་ཚད་50%ཡན་ཟིན་པ་དང་གོང་འབུལ་ཞུས་པའི་ཁྲལ་དངུལ་གྱིས་ཁྲལ་འབབ་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་80%ཡན་ཟིན་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་རྐང་འཛིན་ཁེ་ལས་100ཡན་ཟིན་པ་དང་ཁྲོམ་འགྲེམས་ཀུང་སི་10ཡན་ཟིན་པ་བཅས་ཀྱི་འགན་ལེན་བྱེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་མཁས་ཅན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཚད་བརྒལ་གསར་པ་ཡོང་བ་བྱས་ནས་བྱང་ཚད་མཐོ་བའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་མཁས་ཅན་གྱི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་དེ་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ལ་བརྩིས་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཁེ་ལས་མཁས་ཅན་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ལོ་འགའ་ཤས་འབད་བརྩོན་བྱས་པ་བརྒྱུད་གཉེར་སྐྱོང་དོ་དམ་གྱི་འཇོན་ཐང་ཆེ་ཙམ་ལྡན་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཙམ་ལྡན་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཙམ་ལྡན་པའི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྣེ་ཁྲིད་མི་སྣ་100གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ་དང་གཉེར་སྐྱོང་བྱེད་ཤེས་པ་དང་། དོ་དམ་བྱེད་ཤེས་པ། ཇུས་ཐག་གཅོད་མཁས་པ། གསར་གཏོད་བྱེད་ཐུབ་པ་བཅས་ཀྱི་ཁེ་ལས་གཉེར་སྐྱོང་དང་དོ་དམ་བྱེད་མཁན་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཏེ་བོད་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་བ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ནང་ཏང་རྩ་འཛུགས་འཛུགས་ཤུགས་ཆེ་རུ་བཏང་སྟེ་ལོ་གཉིས་ནང་གཞི་ཁྱོན་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཁྱབ་རྒྱུ་བརྩོན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བདེ་བླག་ངང་འཚོག་རྒྱུར་བསུ་བ་ཞུ་བ་བཅས་བྱེད་དགོས་པ་དེ་རེད།

        བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས (སྤྱི་ཁྱབ་ཚོང་ཚོགས )ཀྱི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་།

        བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས།

        2012ལོའི་ཟླ་5ཚེས་23ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།