དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་སྐོང་ཚོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་24ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་སྐོང་ཚོགས་བྱས་ནས་འདས་ཟིན་པའི་ལོ་བཅུའི་རིང་གི་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ལ་སྒོ་ཀུན་ནས་ཕྱོགས་སྡོམ་དང་2011ལོ་ནས་2015ལོའི་བར་གྱི་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་གྱི་འཕེལ་རྒྱས་འཆར་འགོད་ལག་ལེན་བསྟར་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ་དང་འབྲེལ་ཉེ་བའི་ལོ་ཤས་རིང་ཐོན་པའི་བུད་མེད་དང་བྱིས་པའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཀྱིས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་བ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི 《ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལག་ལེན་བསྟར་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས 》སྒྲོག་སྦྱངས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་བུད་མེད་དང་བྱིས་པའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། དུས་ཡུན་རིང་པོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་དང་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བ་དང་བུད་མེད་དང་བྱིས་པ་འཕེལ་རྒྱས་གཏོང་བའི་རྩ་གནད་ལག་བསྟར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་དང་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། ལྗོངས་ཡོངས་ཀྱི་རིམ་པ་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་ཏེ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱུང་བ་དང་ཕོ་མོ་འདྲ་མཉམ་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་ཕྱིན་ནས་བོད་ཀྱི་བུད་མེད་དང་བྱིས་པའི་འཚོ་གནས་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཐད་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་བྱུང་བ་དང་ཁྱབ་ཁོངས་ཁག་ནང་གི་བུད་མེད་ཀྱི་ཁེ་དབང་མངོན་འགྱུར་གང་ལེགས་བྱུང་ཐོག་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་སླེབས་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གལ་ཆེའི་ལོ་ཞིག་རེད། མིག་སྔར་རང་ལྗོངས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་འཆར་འགོད་དང་བྱིས་པའི་འཕེལ་རྒྱས་ཀྱི་འཆར་འགོད་དེ་དངོས་སུ་འགྲེམས་སྤེལ་བྱས་པས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བུད་མེད་དང་བྱིས་པའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པར་བརྟེན་ང་ཚོས་ངེས་པར་དུ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཕོ་མོ་འདྲ་མཉམ་མཐའ་འཁྱོངས་དང་བྱིས་པ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་པ་དང་བུད་མེད་དང་བྱིས་པའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དེ་བས་སེམས་ཁུར་བྱེད་དགོས། གཉིས་ནས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་དེ་བས་ཐུགས་ཁུར་བྱེད་དགོས། གསུམ་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས། བཞི་ནས་ཞིང་འབྲོག་ཁུལ་གྱི་གཞིས་སྲུང་བུད་མེད་དང་བྱིས་པར་དེ་བས་དོ་ཁུར་བྱེད་དགོས་ཞེས་གསུངས་པ་རེད། པད་མ་འཕྲིན་ལས་ཀྱིས་རིམ་ཁག་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་ལས་དོན་དེ་གལ་ཆེའི་ཉིན་ཐོར་འགོད་ནས་ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཞིབ་ཕྲ། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཚན་གྱིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་དེའི་ནང་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་བསྐྲུན་ཏེ་བུད་མེད་དང་བྱིས་པའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་བུད་མེད་དང་བྱིས་པའི་བྱ་གཞག་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་ཕན་ཐོགས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་པ་དང་། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་འགྲིལ་ཤུགས་ཤིག་ཆགས་པ་བཅས་བྱས་ནས་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལག་ལེན་བསྟར་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའི་རྟགས་མ་དང་གཟི་བརྗིད་ལག་ཁྱེར་བརྒྱུད་སྤྲོད་བྱས་པ་རེད།

        ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།