དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་དེ་ལྷ་སར་གཟབ་རྒྱས་ངང་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་23ཉིན་གྱི་སྔ་དྲོ་བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་དེ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་སྙན་ཞུའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལང་ཡིའུ་ལེའང་དང་། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏུང་ཡུན་ཧུའུ་སོགས་ཕེབས་པ། ཏེང་ཞའོ་ཀང་གིས་གཙོ་སྐྱོང་གནང་བ་རེད།

        བློ་མཐུན་ཅིན་ཧྲུའུ་ཕིང་འཚོ་བཞུགས་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཞིབ་དཔྱོད་དཔོན་གཞོན་པ་ཡིན་ཞིང་། ལས་ཀར་ཞུགས་ནས་གཞི་རིམ་དུ་ལས་ཀ་བྱེད་རིང་རང་ཉིད་གཏིང་བརྗེད་ཀྱིས་གཞུང་དོན་སྒྲུབ་པ་དང་ཁེ་གྲགས་མི་གཉེར་བར་ལེགས་སྐྱེས་ཕུལ་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཏོད་ཡོད། 2011ལོའི་ཟླ་8ཚེས་2ཉིན་གྱོད་དོན་སྙན་ཞུ་ཉན་སྐབས་གློ་བུར་དུ་ཀླད་ཁྲག་རྒྱུགས་ནས་ལས་གནས་ཐོག་འགྱེལ་བ་དང་ཟླ་9ཚེས་5ཉིན་གྱི་ཐོ་རེངས་སུ་སྨན་བཅོས་གང་ཐུབ་བྱས་ཀྱང་ཕན་ནུས་མི་ཐོན་པར་ཚེ་ལས་འདས་པ་དང་འདས་དུས་དགུང་ལོ་48ཡིན་པ་རེད། ལི་ཁྲང་ཁྲུན་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་དགོས་པའི་མཆན་འགོད་གལ་ཆེན་གནང་ཞིང་། འདི་ལོའི་ཟླ་2པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བློ་མཐུན་ཅིན་ཧྲུའུ་ཕིང་ལ “རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན ”གྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཅིན་ཧྲུའུ་ཕིང་ལ “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་ཐག་བཅད་ཡོད།

        ཧའོ་ཕུང་གི་གསུང་བཤད་ནང་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བློ་མཐུན་ཅིན་ཧྲུའུ་ཕིང་གི་གཉེན་ཉེར་བྱམས་བརྩེའི་འཚམས་འདྲི་དང་འབྲེལ་ཞིབ་དཔྱོད་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཉེན་རྟོག་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས་བློ་མཐུན་ཅིན་ཧྲུའུ་ཕིང་བོད་དུ་འཁྲུངས་པ་དང་། བོད་དུ་འཚར་ལོངས་བྱུང་བ། བོད་དུ་ལེགས་སྐྱེས་ཕུལ་བ། བོད་དུ་སྐུ་གཤེགས་པ་ཞིག་ཡིན་པས། ཁོང་ནི་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་དཔེ་བཟང་ཞིབ་དཔྱོད་དཔོན་ཞིག་དང་། བོད་རྒྱ་མི་རིགས་གཉིས་ཀས་བསྐྱངས་ཤིང་གསོས་པའི་ཕུལ་བྱུང་བུ་ཕྲུག་ཅིག ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་མཁན་མིག་དཔེ་བཟང་པོ་ཞིག ཁྲིམས་འཛིན་ཉེན་རྟོག་པའི་རིན་ཐང་ལྟ་བ་ལག་བསྟར་བྱེད་མཁན་སྔོན་ཐོན་དཔེ་བཟང་བ་ཞིག་བཅས་ཡིན། བློ་མཐུན་ཅིན་ཧྲུའུ་ཕིང་གིས་ལོ་29ལས་ཀ་བྱེད་པའི་ནང་གཞི་རིམ་དུ་གཞིས་རྦད་དེ་ཚུགས་པ་དང་འཐབ་ས་མདུན་མར་འབད་འཐབ་གནང་ཞིང་། ལས་གཅེས་ལ་བརྟེན་ནས་ལྷག་བསམ་བཅངས་པ་དང་། བརྩེ་སེམས་ཆེན་པོས་མི་སེར་སྐྱོང་བ། སྲོག་བསྡོས་ཀྱིས་དྲང་བདེན་སྲུང་བའི་ཐོག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ལ་རྒྱ་སྲུང་འཛིན། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

        ཁོང་གི་ལུས་ཐོག་ནས་དུས་རབས་གསར་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ལས་གཅེས་ལས་བཀུར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་གང་ལེགས་མངོན་པ་མ་ཟད། རྒྱལ་གཅེས་རིང་ལུགས་གཙོ་བོར་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་གསར་གཏོད་གཙོ་བོར་བྱས་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འབུངས་གཙོ་བོར་བྱས་པའི “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”བཅས་གང་ལེགས་མངོན་ཡོད། ཁོང་ཉིད་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཐོག་སློབ་སྦྱོང་ཞུ་འོས་པའི་མིག་དཔེ་ཡིན་ལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཚོས་སློབ་སྦྱོང་ཞུ་འོས་པའི་དཔེ་བཟང་བ་ཞིག་ཀྱང་ཡིན་ཞེས་གསུངས།

        ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་བློ་མཐུན་ཅིན་ཧྲུའུ་ཕིང་མིག་དཔེར་བྱས་ནས་དུས་རབས་ཀྱི་གདོང་མཆོང་བ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཏང་དང་མི་དམངས་ཀྱི་ཟོལ་མེད་སྲུང་དམག་བཅས་ཡག་པོ་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བའི་ལས་དོན་ཁག་སྔར་བས་ལེགས་པར་བསྒྲུབས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། གཅིག་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”ཀྱི་དར་ཆ་མཐོན་པོར་བསྒྲེངས་དགོས་པ་དང་། གཉིས་ནས་མི་དམངས་ལ་ལྷག་བསམ་ཟོལ་མེད་བཅངས་རྒྱུ་བློར་བརྟན་པོ་ངེས་དགོས་པ། གསུམ་ནས་མི་རིགས་མཐུན་སྒྲིལ་ལ་བསྟོད་པའི་གླུ་དབྱངས་ཤུགས་ཆེན་ལེན་དགོས་པ། བཞི་ནས་དམིགས་བསལ་དཔེ་སྟོན་གྱི་ནུས་པ་ལེགས་པར་འདོན་དགོས་པ། ལྔ་ནས་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་དགོས་པ་བཅས་དང་བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རྒྱ་ཆེའི་ཏང་ཡོན་ཚོར་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་སློབ་གསོ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱི་སེམས་པ་གོང་བུ་གཅིག་ཏུ་འགྲིལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ལྷག་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་ཡོད།

        སྙན་ཞུའི་ཚོགས་འདུ་མཇུག་འགྲིལ་རྗེས་ཧའོ་ཕུང་དང་། ལང་ཡུའོ་ལེའང་། ཅིན་ཧྲུའུ་པའོ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པའི་ཁོངས་མི་རྣམས་ལ་བྱམས་བརྩེའི་ངང་མཇལ་འཕྲལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།