དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པས་དབྱི་ཐ་ལིའི་གྲོས་ཁང་གོང་མའི་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་རོ་མ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་འཐུས་མི་ཚོགས་པས་ཚེས་16ཉིན་རོ་མར་དབྱི་ཐ་ལིའི་གྲོས་ཁང་གོང་མའི་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཏི་ཉི་དང་། དབྱི་ཐ་ལིའི་གྲོས་ཚོགས “ཀྲུང་གོའི་གྲོགས་པོ ”མཐུན་ཚོགས་ཀྱི་ཀྲུའུ་ཞི་མའི་ནའར་ཏི་དང་ཀྲུའུ་ཞི་གཞོན་པ་ཀོའར་ཏི་ཡ་ཉི་སོགས་དབྱི་ཐ་ལི་ཕྱོགས་ཀྱི་གྲོས་ཚོགས་ཀྱི་མཛའ་མཐུན་མི་སྣ་དང་མཇལ་འཛོམས་གནང་བ་རེད།

        འཐུས་མི་ཚོགས་པའི་ཚོགས་གཙོ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་མཇལ་འཛོམས་གནང་སྐབས་གྲངས་གཞི་དང་དོན་དངོས་འབོར་ཆེན་ཞིག་གི་ཐོག་ནས་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལ་རིག་གནས་དང་། སློབ་གསོ། སྤྱི་ཚོགས་བྱ་གཞག སྣོད་བཅུད་སྲུང་སྐྱོང་སོགས་ཐད་ཐོབ་པའི་ཡུན་རིང་གི་ཡར་ཐོན་ངོ་སྤྲོད་གནང་བ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཁྲོད་ཀྱི་བོད་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་སྐོར་ལ་དབྱི་ཐ་ལི་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་ཐད་བྱམས་པ་ཕུན་ཚོགས་ཀྱིས་བོད་ཀྱི་འཕེལ་རྒྱས་ཐད་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་གྱུར་པའི་གྲུབ་འབྲས་ཐོབ་མོད། འོན་ཀྱང་ཀྲུང་གོའི་འཕེལ་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་སྔར་བཞིན་འཕེལ་རྒྱས་འགོར་བའི་ས་ཁུལ་ཞིག་ཡིན་པར་བརྟེན་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་བོད་ཀྱི་འཕེལ་རྒྱས་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་གཏན་འབེབས་གནང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཀྲུང་དབྱང་གིས་བོད་དུ་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་3300བཏང་ནས་འདི་གའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་སྤྱོད་རྒྱུའི་གཏན་འབེབས་གནང་ཡོད་ཅེས་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་ཀྲུང་དབྱང་གིས་བོད་ལ་བཏོན་པའི་བླང་བྱ་ནི། གཅིག་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། གཉིས་ནས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་རྩྭ་དང་རྩི་ཤིང་ཚང་མར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཡིན་པར་བརྟེན་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཐད་འཆར་གཞི་བཏིང་བ་དང་འབྲེལ་མ་དངུལ་འབོར་ཆེན་ཞིག་བཏང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་བོད་ལ་དབྱི་ཐ་ལིས་རོགས་སྐྱོར་བྱས་པའི་རྣམ་གྲངས་སྐོར་དྲན་གསོ་གནང་སྐབས “1981ལོར་དབྱི་ཐ་ལི་སྲིད་གཞུང་གིས་མ་དངུལ་ཨ་སྒོར་ཁྲི་400བཏང་ནས་བོད་དུ་མཉམ་ལས་ཐོག་ས་འོག་ཚ་ནུས་གློག་འདོན་ས་ཚིགས་བསྐྲུན་པ་དང་དེ་རྗེས་དུས་རབས་20པའི་ལོ་རབས་90པར་སླར་ཡང་མ་དངུལ་ཨ་སྒོར་ཁྲི་600བཏང་ནས་གློག་འདོན་ས་ཚིགས་སྒྱུར་བཀོད་བྱས་པས་ལོ་30ལྷག་ཙམ་རིང་གློག་འདོན་ས་ཚིགས་དེས་ལྷ་ས་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་གློག་ཤུགས་ཟམ་མི་ཆད་པར་མཁོ་འདོན་བྱས་ནས་ས་ཆ་དེ་གའི་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད ”ཅེས་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་སྐྱོན་བྲལ་དང་རྒྱུན་བསྲིང་ངང་འཕེལ་རྒྱས་ཡག་པོ་བྱུང་ཡོད་ཅེས་གསུངས་པ་དང་ཁོང་གིས་ཏི་ཉི་དང “ཀྲུང་གོའི་གྲོགས་པོའི ”མཐུན་ཚོགས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འབད་བརྩོན་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་གྲོས་ཚོགས་དབར་འགྲོ་འོང་བྱ་རྒྱུ་དེས་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་དབར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ནན་བཤད་གནང་བ་རེད།

        ཏི་ཉིས་དེ་སྔ་དབྱི་ཐ་ལིའི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་སོགས་ཀྱི་གོ་གནས་བཞེས་མྱོང་བ་དང་ཀྲུང་གོར་བཅར་འདྲི་ཐེངས་མང་གནང་མྱོང་བས་ཀྲུང་གོ་འདི་ཉིད་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཐད་ཐོབ་པའི་འཕེལ་རྒྱས་ཧ་ཅང་ཆེན་པོ་མིག་མཐོང་ལག་ཟིན་ཐུབ་ཡོད། ཁོང་གིས “ཀྲུང་གོར་བཅར་འདྲི་བྱེད་ཐེངས་དང་པོ་ནི་1985ལོར་ཡིན་ཞིང་། སྐབས་དེ་དུས་པེ་ཅིང་དུ་རླངས་འཁོར་ཧ་ཅང་ཉུང་ཉུང་རེད། དེ་རྗེས་བཅར་འདྲི་བྱེད་པར་ཡོང་སྐབས་རླངས་འཁོར་རིམ་བཞིན་མང་དུ་ཕྱིན་པ་དང་རྐང་འཁོར་རིམ་བཞིན་ཉུང་དུ་སོང་འདུག ད་ཆ་པེ་ཅིང་ནི་འཛམ་གླིང་གི་གྲོང་ཁྱེར་ཆེན་པོ་གཞན་དག་དང་འདྲ་བར་གང་སར་རླངས་འཁོར་གྱིས་ཁེངས་ཡོད། འགྱུར་ལྡོག་དེ་ཐོག་ནས་ཀྲུང་གོའི་1985ལོ་ནས་ད་བར་གྱི་འཕེལ་རྒྱས་བྱུང་ཚུལ་གསལ་བཤད་བྱེད་ཐུབ ”ཅེས་གསུངས་པ་རེད།

        ཏི་ཉིས་ཀྲུང་གོའི་འཕེལ་རྒྱས་འགྲོ་ཚུལ་ཐད་དབྱི་ཐ་ལིས་མོས་སེམས་ཆེན་པོ་བྱེད་ཀྱི་ཡོད། མིག་སྔར་འཛམ་གླིང་ཐོག་ཀྲུང་གོ་དང་འདྲ་བར་ཡུན་རིང་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་ཐུབ་མཁན་རྒྱལ་ཁབ་གཅིག་ཀྱང་མེད་པ་དང་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དེས་འཛམ་གླིང་ཧྲིལ་པོར་དོན་སྙིང་གལ་ཆེན་ལྡན་ཡོད། གཞན་ཡང་ཀྲུང་གོ་སྲིད་གཞུང་གིས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུའི་ནན་བཤད་བྱས་ཏེ་མཚོ་རྒྱུད་ས་ཁུལ་ལ་དོ་ཁུར་བྱེད་པ་མ་ཟད། འཕེལ་རྒྱས་འགོར་བའི་ས་ཁུལ་ལ་ནོར་སྲིད་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

        མའི་ནའར་ཏིས་འདས་ཟིན་པའི་ལོ་3རིང “ཀྲུང་གོའི་གྲོགས་པོ ”མཐུན་ཚོགས་ཀྱིས་དེ་སྔ་བོད་ལ་བཅར་འདྲི་ཐེངས་གཉིས་བྱེད་མྱོང་བ་དང་རང་ཉིད་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་བོད་ལ་བཅར་འདྲི་བྱེད་པའི་གོ་སྐབས་ཐོབ་བྱུང་། ངས་མེ་འཁོར་ནང་བསྡད་ནས་ཟི་ལིང་བརྒྱུད་ལྷ་སར་སླེབས་སྐབས་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དེར་ཧང་སངས་བྱུང་ཞེས་གསུངས་པ་དང་ཁོང་གིས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཁོར་ཡུག ཆོས་ལུགས་བཅས་ཐད་ནུབ་ཕྱོགས་ལ་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཤིག་ཡོད་མོད། འོན་ཀྱང་མི་ཚང་མར་རང་ཉིད་དང་འདྲ་བར་བོད་དུ་ཡོང་ནས་བོད་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱེད་པའི་གཟི་བསོད་དེ་ལྟ་བུ་ཡོད་མི་སྲིད་ཅེས་མ་གསང་དྲང་པོར་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་ས་ཐག་རིང་བའི་ཁར་ཏཱ་ལའི་རུ་ཚོགས་ཀྱིས་འཁྱོག་བཤད་ངང་དྲིལ་བསྒྲགས་བྱས་པར་བརྟེན་ནུབ་ཕྱོགས་འཛམ་གླིང་གིས་བོད་ལ་ཤེས་རྟོགས་དེ་ཙམ་ཐུབ་ཀྱི་མེད་ལ་ཐ་ན་གོ་བ་ལོག་འཁྲུལ་དང་ཕྱོགས་རིས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད་པས་བཅར་འདྲི་དེ་ལྟ་བུ་བརྒྱུད་བོད་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ཡོ་རོབ་ལ་ངོ་སྤྲོད་བྱེད་པའི་དགོས་པ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།