དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་པེར་ཀྲེམ་ཕྱི་འབྲེལ་པུའི་དྲུང་ཆེ་སོགས་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། པུ་རུ་སེར་འཚམས་འདྲི་གནང་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཚེས་15ཉིན་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ཕ་སི་ཐ་མུའུ་ཁ་ལུའོ་སི་དང་། པེར་ཀྲེམ་ཕྱི་འབྲེལ་པུའི་དྲུང་ཆེ་ཨ་ཏུན། ཡོ་རོབ་གྲོས་ཚོགས (བོད་ལྗོངས་ཚོགས་ཆུང )ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞི་ཤིས་པོ་ཀེ་སོགས་དང་བཞུགས་མོལ་གནང་བ་རེད།

        འཐུས་མི་ཚོགས་པའི་ཚོགས་གཙོ་དང། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་བཞུཌ་མོལ་གནང་རིང་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ འབྱུང་འགྱུར་གྱི་འཕེལ་རྒྱས་དང་འཆར་འགོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་དམིགས་བསལ་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་སྤུན་ཟླའི་ཐུན་མོང་འབད་བརྩོན་འོག་མིག་སྔའི་བོད་འདི་ཉིད་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་ཏེ་རྒྱུན་མཐུད་བརྟན་ལྷིང་ཡིན་པ་ནས་ཡུན་རིང་བདེ་འཁོད་འཕེལ་རྒྱས་འགྲོ་བའི་ལམ་བཟང་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཚང་མར་མི་རྣམས་དགའ་བ་སྐྱེས་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

        ཕྱི་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་བོད་ཀྱི་སྣོད་བཅུད་ཁོར་ཡུག་དང་འབྲོག་པའི་སྲོལ་རྒྱུན་སྐྱས་སྤོའི་འཚོ་བ་སྐྱེལ་སྟངས་ལ་དམིགས་ཏེ་བྱམས་པ་ཕུན་ཚོགས་ཀྱིས་བོད་ལྗོངས་ནི་སའི་གོ་ལའི་སྣེ་གསུམ་པ་ཡིན་ཞིང་ཨེ་ཤེ་ཡའི་ཆུ་སྟེགས་དང་ས་ཁུལ་གྱི་སྣོད་བཅུད་སྙོམས་སྒྲིག་ཡོ་བྱད་ཅེས་འབོད་ཀྱི་ཡོད། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཚང་མས་དོ་ཁུར་བྱེད་པའི་གླེང་གཞི་ཞིག་རེད། ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ཁ་གསལ་བཏོན་གནང་ཡོད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རིམ་རྩིས་བརྒྱབ་ན་མི་དམངས་ཤོག་སྒོར་དུང་ཕྱུར་102བཏང་སྟེ་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ཐད་སྤྱད་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ད་དུང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་རྨོ་བསྐྱུར་ནགས་གསོ་དང་། གོ་རིམ་ལྡན་པའི་ངང་ཕྱུགས་འགོག་པ། གཙང་པོ་དང་ཆུ་བོ་ཆེན་པོ་སྲུང་སྐྱོང་སོགས་ཀྱི་བྱ་ཐབས་ལག་བསྟར་ཤུགས་ཆེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་རང་བྱུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཡོད་ཅེས་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་མིག་སྔའི་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ཐད་འཕྲད་པའི་དཀའ་གནད་ཆེ་ཤོས་ནི་རྩྭ་ཕྱུགས་ཀྱི་འགལ་ཟླ་དེ་ཡིན། འབྲོག་པ་མི་ཉུང་བ་ཞིག་གིས་ཕྱུགས་ཇི་ཙམ་མང་ན་དེ་ཙམ་གྱིས་ཕྱུག་པོ་ཡིན་སྙོམ་པའི་སྲོལ་རྒྱུན་འདུ་ཤེས་འཛིན་གྱི་ཡོད་པས་བོད་དུ་ཕྱུགས་རིགས་བཤས་གཏོང་ཚད་ཉུང་བར་བརྟེན་རྩྭ་ཐང་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ཏེ་རང་སྐྱོང་ལྗོངས་སྲིད་གཞུང་གིས་ནོར་ལུག་བཤས་གཏོང་བའི་ཁ་གསབ་བྱ་ཐབས་བཏོན་ནས་འབྲོག་ཁུལ་གྱི་ཕྱུགས་རིགས་ལག་ཡོད་མགོ་གྲངས་དེ་རྩྭ་རའི་ཐེག་ནུས་ལས་མི་བརྒལ་བར་རྩྭ་ཕྱུགས་དོ་སྙོམས་གང་ལེགས་ཡོང་བ་བྱས་ཡོད་ཅེས་གསུངས་པ་རེད།

        བོད་ཀྱི་ཞིང་འབྲོག་ཁུལ་དུ་ལག་བསྟར་བྱེད་པའི་བདེ་སྡོད་ལས་གྲྭའི་སྐོར་གླེང་སྐབས་བྱམས་པ་ཕུན་ཚོགས་ཀྱིས་བདེ་སྡོད་ལས་གྲྭ་ནི་རྒྱ་ཆེའི་ཞིང་འབྲོག་པའི་རེ་འདུན་གཞིར་བཟུང་ཀྲུང་དབྱང་སྲིད་གཞུང་གི་ཐུགས་ཁུར་དང་སྤུན་ཟླའི་ཞིང་ཆེན་གྱི་རྒྱབ་སྐྱོར་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་འོག་ལག་བསྟར་བྱས་པ་ཞིག་རེད། འདི་ལོའི་ལོ་མཇུག་བར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ཡོངས་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་ཡིན་པས་རྒྱ་ཆེའི་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་དེ་བས་ལེགས་སུ་འགྲོ་རྒྱུ་ཡིན་པ་དེ་ནི་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཤིག་རེད། རིམ་ཁག་སྲིད་གཞུང་གིས་བོད་ཀྱི་བདེ་སྡོད་ལས་གྲྭར་རིམ་རྩིས་བརྒྱབ་ན། མ་དངུལ་གཏོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་100ལས་བརྒལ་ཡོད། བདེ་སྡོད་ལས་གྲྭ་དེ་རང་མོས་དང་། དམངས་ལ་སྟབས་བདེ་སྐྲུན་པ། ས་ཁུལ་དང་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བཅས་ཀྱི་གཞི་རྩའི་རྩ་དོན་གསུམ་ལ་བརྩི་སྲུང་བྱས་པ་དེའི་ནང་90%ཡན་ནི་ས་ཆ་དེ་ག་རང་དུ་གསར་སྐྲུན་དང་བསྐྱར་སྐྲུན་ནམ་ཡང་ན་རྒྱས་སྐྲུན་བྱས་པ་ཞིག་རེད། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། བདེ་སྡོད་ལས་གྲྭས་འབྲོག་པའི་ཁྱིམ་ཚང་ནང་གི་རྒན་རྒོན་དང་བུ་ཕྲུག་སྨན་ཁང་དུ་སྐྱོད་པ་དང་སློབ་གྲྭར་སྐྱོད་རྒྱུར་སྟབས་བདེ་སྐྲུན་པ་དང་། གཞོན་ནུ་དང་དར་མ་ཕྱིར་སྐྱས་སྤོ་བའི་སེམས་ཁྲལ་ཆུང་དུ་བཏང་ཡོད་པས་དེ་ནི་བདེ་སྡོད་ལས་གྲྭ་ཡིན་ལ་བློ་བདེའི་འདུ་འགོད་ཅིག་ཀྱང་རེད། བོད་ལ་སེམས་ཁུར་བྱེད་མཁན་གྲོགས་པོ་ཚོ་སེམས་ཁྲལ་གང་ཡང་བྱེད་དགོས་དོན་མེད། བདེ་སྡོད་ལས་གྲྭས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཡོང་ངེས་ཡིན་པ་དེ་རྩྭ་ཆུ་བཟང་སར་བརྟེན་ནས་སྡོད་པའི་སྐྱས་སྤོའི་འཚོ་བ་སྐྱེལ་སྟངས་དེ་བོད་དུ་རྒྱུན་མཐུད་ངེས་ཡིན་ཞེས་བརྗོད་ཆོག་ཅེས་གསུངས་པ་རེད།

        ཕ་ཕ་སི་ཐ་མུའུ་ཁ་ལུའོ་སིས་བཞུགས་མོལ་གནང་སྐབས་དང་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་དཔོན་ཧྲུའར་ཙིའི་ཚབ་ཞུས་ནས་འཐུས་མི་ཚོགས་པ་འཚམས་འདྲིར་ཕེབས་པར་བསུ་བ་ཞུས་ཤིང་། ཁོང་གིས་ཡོ་རོབ་གྲོས་ཚོགས་ཀྱིས་སྔར་ནས་བཟུང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རིམ་ཁག་མི་དམངས་འཐུས་ཚོགས་དབར་གྱི་སྤེལ་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

        ཕ་ཕ་སི་ཐ་མུའུ་ཁ་ལུའོ་སི་དང་ལི་ཞི་ཤིས་པོ་ཀེ་རྣམ་གཉིས་ཀྱིས་བྱམས་པ་ཕུན་ཚོགས་སོགས་འཐུས་མི་ཚོགས་པའི་ཁོངས་མིའི་དབར་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་དང་འབྲེལ་གཏུག་གཏིང་ཟབ་བྱས་པ་བརྒྱུད་ཁོང་ཚོས་བོད་ཤེས་རྟོགས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཁོང་ཚོས་གྲོས་དཔོན་ཧྲུའར་ཙི་དང་གྲོས་མི་ཚོར་ད་རེས་ཀྱི་སྤེལ་རེས་བྱས་པའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་ངོ་སྤྲོད་བྱས་ནས་ཡོ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་། ད་ཆ། འབྱུང་འགྱུར་གྱི་འཕེལ་རྒྱས་བཅས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཀྱི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ནི་ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་ཞིག་ཡིན་པས་ཡོ་རོབ་གྲོས་ཚོགས་ཀྱིས་གནད་དོན་དེའི་ཐད་ཙེར་སྒྲས་འགལ་རྐྱེན་མི་བཟོ་བ་དང་། ཕྱོགས་རིས་ཀྱི་ལྟ་ཚུལ་གྱིས་ཁ་ལོ་མི་སྒྱུར་བ། དྲང་བཞག་གི་ལངས་ཕྱོགས་བཟུང་བ། རང་ཚུགས་དབྱེ་ཞིབ། དྲང་བཞག་ཁྲུན་གཅོད་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

        ཨ་ཏུན་གྱིས་བཞུགས་མོལ་གནང་སྐབས་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཕྱི་འབྲེལ་དཔོན་གཅིག་ལྕོགས་ལུའེ་ཨེན་ཏེའར་ཡི་ཚབ་ཞུས་ནས་འཐུས་མི་ཚོགས་པ་འཚམས་འདྲིར་ཕེབས་པར་བསུ་བ་ཞུས་ཤིང་། ཁོང་གིས་པེར་ཀྲེམ་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་སྲུང་བརྩི་ཞུ་བ་ལས “བོད་རང་བཙན ”ཐད་རྒྱབ་སྐྱོར་མ་བྱས་པར་ངན་སྐུལ་གང་རུང་དང་གྲྭ་བཙུན་གྱི “རང་ལྕེབས ”བྱ་སྤྱོད་ལང་ཤོར་དུ་འགྲོ་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་གནད་དོན་དེའི་ཐད་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད་པེར་ཀྲེམ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་རྩ་འཛུགས་དང་། གྲུམ་བུ་ཚིགས་ཆེན་ནད་ཐེབས་རྩ་ཚོགས་པ། ཏ་སྨི་ཨེན་ཐེབས་རྩ་ཚོགས་པ་སོགས་དམངས་ཁྲོད་རྩ་འཛུགས་ཀྱིས་ལོ་མང་རིང་བོད་ཀྱི་སྤྱི་ཚོགས་བྱ་བཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་རེད།

        ཉིན་དེར་འཐུས་མི་ཚོགས་པས་ད་དུང་པེར་ཀྲེམ་གྱི་དེང་རབས་ཀྲུང་གོའི་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་དབར་ཁོང་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་གནང་བའི་གླེང་གཞིར་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ་པེར་ཀྲེམ་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་དང་རྒྱ་ཡིག་སྨྱན་སྦྱོར་པའི་འཐུས་མི་དང་བཞུགས་མོལ་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།