དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་དམག་ཁུལ་ཁང་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་5ཚེས་8ཉིན་བོད་དམག་ཁུལ་ཁང་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཁྲེན་ཆོན་གོ་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོར་བསྐོ་གཞག་བྱས་པ་རེད།

        ཟླ་5ཚེས་7ཉིན་གྱི་ཕྱི་དྲོ་བོད་དམག་ཁུལ་ཁང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་གྲོལ་ཞིང་། ཚོགས་འདུའི་ཐོག་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་བོད་དམག་ཁུལ་ཁང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། བོད་དམག་ཁུལ་ཁང་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་དང་སྒྲིག་ཨུད་སྐབས་གསར་པའི་ཨུ་ཡོན་བདམས་ཐོན་བྱུང་བ། ཁྲེང་ཏུའུ་དམག་ཁུལ་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་བདམས་པ་རེད།

        ཟླ་5ཚེས་8ཉིན་བོད་དམག་ཁུལ་ཁང་ཏང་ཨུད་ཀྱིས་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཁྲེན་ཆོན་གོ་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོར་བསྐོ་གཞག་བྱས་པ་དང་། ལང་ཡིའུ་ལེའང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅིར་བསྐོ་གཞག་བྱས་པ། དབྱང་ཅིན་ཧྲན་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བསྐོ་གཞག་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཁྲེན་ཆོན་གོས་གསུང་བཤད་གནང་སྐབས་དམག་ཁུལ་ཁང་ཏང་ཨུད་སྐབས་གསར་པས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། དུས་བབ་གསར་པའི་འོག་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པ་དང་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་རང་རྟོགས་ངང་བསྟུན་པ་དང་ཞབས་འདེགས་ཞུ་བ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་བརྗོད་བྱ་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ནས་དམག་དམངས་མཉམ་འདྲེས་རྣམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་། དམག་དོན་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་པ། དཔུང་སྡེ་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་པ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་85འཁོར་བར་བསུ་བ་ཞུ་དགོས།

        གཅིག་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་ཀྱིས་ཏང་གི་བཀོད་པར་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བ། དམག་མིའི་བླ་སྲོག་གཏོད་པ་བཅས་བྱེད་ཐུབ་པ་བྱེད་དགོས་ཤིང་། དཔུང་སྡེའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། དར་ཆ་མཐོན་པོར་སྒྲེང་བ་དང་ཏང་གི་བཀོད་པར་ཉན་པའི་རྒྱ་ཆེའི་དཔོན་དམག་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱ་སྤྱོད་མཐའ་དག་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་བཀོད་པར་ཉན་པ་བཅས་བྱས་ཏེ་དམག་ཁུལ་ཁང་གི་དཔུང་སྡེ་དྭངས་གཙང་དང་བརྟན་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་།

        གཉིས་ནས་བློ་བརྟན་འགྱུར་མེད་ངང་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ་འགག་རྩའི་དུས་སུ་དོན་ཐུབ་པ་དང་། མཆོང་ཕོད་པ། རྒྱལ་ཁ་ལེན་ཐུབ་པ་བཅས་བྱེད་ཐུབ་པ་བྱེད་དགོས་ཤིང་། དམག་གྲ་སྒྲིག་དང་ལས་སྒྲུབ་ཀྱི་གྲ་སྒྲིག་ལ་དམ་འཛིན་བྱས་ནས་དུས་དང་རྣམ་པ་ཀུན་དུ་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྟོབས་ཤུགས་ཀྱི་མ་ལག་སྣ་ཚོགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱེད་པ་དང་དུས་དང་རྣམ་པ་ཀུན་དུ་ལྟེ་བའི་དམག་དོན་ནུས་པ་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུར་ལྷོད་གཡེང་མ་བཏང་བར་དཔུང་སྡེ་དང་ཡུལ་དམག་དང་གྲ་སྒྲིག་དམག་ཞབས་པའི་དམག་དོན་སྦྱོང་བརྡར་དང་དངོས་འཐབ་ནང་སྦྱོང་གི་ཚ་རླབས་ཤིག་རྒྱུན་མཐུད་ངང་འཕྱུར་བ་བྱེད་དགོས་པ།

        གསུམ་ནས་བློ་བརྟན་འགྱུར་མེད་ངང་འགན་འཁྲི་དང་ལས་འགན་སྒྲུབ་ནས་མཐའ་སྲུང་སྲ་བརྟན་དང་། བརྟན་ལྷིང་འགན་ལེན། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཐུབ་པ་བྱེད་དགོས་ཤིང་། མཐའ་སྲུང་བརྟན་ལྷིང་ཡོང་རྒྱུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་རྒྱུ་འགན་ལེན་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་དང་གཞོགས་འདེགས་ཧུར་ཐག་བྱེད་པ། དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་ཐལ་བའི་རྡུལ་དུ་སློག་པ་བཅས་བྱས་ཏེ་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་པ་དང་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། དཔུང་སྡེའི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་དཔུང་སྡེ་བདེ་འཇགས་དང་དམག་སྒར་ཞི་མཐུན་ཡོང་རྒྱུ་འགན་ལེན་བྱེད་དགོས་པ།

        བཞི་ནས་བློ་བརྟན་འགྱུར་མེད་ངང་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་ཐུབ་པ་བྱེད་དགོས་ཤིང་། དཔུང་སྡེས་ས་གནས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ་སྟེ་མི་དམངས་དམག་དཔུང་གིས་མི་དམངས་ཀྱི་ཆེད་བྱ་བ་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་ཀྱི་འཛུགས་སྐྲུན་ལ་ཞབས་ཞུ་བྱེད་པའི་ཁྲོད་ཀྱི་དཔུང་སྡེའི་སྟོབས་ཤུགས་གསར་པའི་ནུས་པ་འདོན་སྤེལ་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས་པ་དང་། ས་གནས་ཀྱིས་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ་སྟེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔུང་སྡེ་དང་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གལ་ཆེའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་དམ་འཛིན་བྱས་ནས་དཔུང་སྡེས་འགན་འཁྲི་དང་ལས་འགན་སྒྲུབ་པར་ཆ་རྐྱེན་བཟང་པོ་གཏོད་པ་དང་དཔུང་སྡེའི་དེང་རབས་ཅན་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ།

        ལྔ་ནས་བློ་བརྟན་འགྱུར་མེད་ངང་ཏང་ཨུད་ཚན་ཁག་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དམིགས་ཡུལ་བརྟན་པོ་དང་། རེ་བ་ནན་པོ། གཟུགས་བཪྙན་གཏོད་པ་བཅས་བྱེད་ཐུབ་པ་བྱེད་དགོས་ཤིང་། ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་པ་སྟེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས་པ་དང་སློབ་སྦྱོང་ལ་སྣང་ཆེན་བྱེད་དགོས་པ་སྟེ་དུས་བབ་གསར་པའི་འོག་དཔུང་སྡེའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱེད་པའི་འཇོན་ཐང་དང་། དཔུང་སྡེར་སྣེ་ཁྲིད་ཀྱིས་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་དམག་འཐབ་ཀྱི་ལས་འགན་ལེགས་སྒྲུབ་བྱེད་པའི་འཇོན་ཐང་། དཔུང་སྡེའི་འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་། དཔུང་སྡེའི་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་པ་སྟེ་རང་གི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་ཏང་ཨུད་ཚན་ཁག་གི་མཐུན་སྒྲིལ་ལ་བརྟེན་ནས་དཔུང་སྡེ་ཡོངས་ཀྱི་མཐུན་སྒྲིལ་ལ་སྐུལ་ཁྲིད་བྱས་ཏེ་མཐུན་སྒྲིལ་གཅིག་གྱུར་དང་། གཅིག་སེམས་གཅིག་སྦྲེལ། བློ་སྟོབས་གཅིག་སྦྲེལ་བཅས་ཀྱི་མཉམ་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ། རེ་བ་ནན་པོ་འདོན་དགོས་པ་སྟེ 《དཔུང་སྡེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་གཙང་སྐྱོང་ཐད་ཀྱི་གཏན་འབེབས་འགའ་ཞིག 》ཅེས་པ་ལག་བསྟར་ནན་པོ་བྱེད་པ་དང “ལས་གནས་གཅིག་དང་འགན་འཁྲི་གཉིས ”ལག་བསྟར་ཏན་ཏིག་བྱས་ནས་རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་དམག་དཔུང་གི་རུལ་རྒོལ་གཙང་སྤེལ་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།