དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆུ་ཤུར་རྫོང་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་རང་སྐྱོང་ལྗོངས་ཀྱི་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་5ཚེས་3ཉིན་གྱི་སྔ་དྲོ་ཆུ་ཤུར་རྫོང་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་རང་སྐྱོང་ལྗོངས་ཀྱི་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་དང་དེ་བཞིན་རྒྱལ་ཡོངས་ཀྱི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཆུ་ཤུར་རྫོང་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལོ་ལྔའི་རིང་གི་སྤྱི་ཡོངས་ཀྱི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འཁེལ། 2012ལོའི་རྣམ་གྲངས་གཙོ་བོ་དང་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་བཅས་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སྐལ་བཟང་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་གསུང་བཤད་གནང་སྐབས་ཆུ་ཤུར་རྫོང་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་ཇུས་གཞིར་མཆན་བཀོད་བཀའ་ལན་ཐོབ་ཚུན་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་གཞུང་དོན་ཁང་དང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། ཞིང་འབྲོག ཆུ་བེད། རྒྱལ་ཁབ་ས་ཆ། བཟོ་ལས་དང་ཆ་འཕྲིན་ཅན་སོགས་སྡེ་ཚན་དང་དེ་བཞིན་ལྷ་ས་གྲོང་ཁྱེར་དང་ཆུ་ཤུར་རྫོང་གིས་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་པ་དང་ཚོད་ལྟའི་བརྗོད་བྱ་གཙོ་བོ་དང་ཚོད་ལྟའི་རྣམ་གྲངས་ལ་དམིགས་ནས་ལས་དོན་མང་པོ་ཞིག་བསྒྲུབས་ཡོད། གོམ་སྟབས་རྗེས་མར་དེའི་རྨང་གཞིའི་ཐོག་དེ་བས་བསམ་བློ་བཅིངས་འགྲོལ་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་འཆར་གཞི་ལྟར་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་དགོས། དེ་རིང་ཚོགས་འདུར་ཕུལ་བའི་ཆུ་ཤུར་རྫོང་གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལོ་ལྔའི་རིང་གི་ལག་བསྟར་ཇུས་གཞི་དང་2012ལོའི་ལས་དོན་གྱི་འཆར་གཞིར་ཚང་མའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། མིག་སྔར་གཤམ་གསལ་གྱི་ལས་དོན་ཁག་དྲུག་ཡག་པོ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། གཅིག་ནས་ས་ཆའི་བདག་དབང་གཏན་འཁེལ་དང་། ཐོ་འགོད། ལག་ཁྱེར་སྤྲོད་པ་བཅས་ཀྱི་ལས་དོན་མགྱོགས་མྱུར་སྤེལ་དགོས་པ་དང་། གཉིས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པ། གསུམ་ནས་འདེབས་འཛུགས་ཁེ་ལས་དང་། དུད་ཆེན། འཇོན་ཐང་ཅན་བཅས་ནང་འདྲེན་དང་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ། བཞི་ནས་ཚལ་སྣ་ཤང་གི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་མགྱོགས་སུ་གཏོང་དགོས་པ། ལྔ་ནས་ཆུ་ཤུར་རྫོང་ཡར་ཀླུང་གཙང་པོ་བཟོ་ལས་གླིང་གི་རྨང་གཞིའི་ཆ་རྐྱེན་མགྱོགས་མྱུར་ལེགས་སུ་གཏོང་དགོས་པ། དྲུག་ནས་མཉེས་ཐང་སྣོད་བཅུད་བཟོ་ལས་གླིང་འཛུགས་སྐྲུན་ཐད་རིགས་པས་ཁུངས་སྐྱེལ་ནན་ཏན་བྱེད་དགོས་པ་བཅས་རེད་གསུངས་པ་རེད།

        ཚོགས་འདུའི་ཐོག་ཆུ་ཤུར་རྫོང་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་འཕེལ་རིམ་སྐོར་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་སྐོར་གྱི་ཆུ་ཤུར་རྫོང་གི་སྙན་སེང་གསན་པ། ཆུ་ཤུར་རྫོང་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་2012ལོའི་འབྲེལ་ཡོད་རྣམ་གྲངས་ལ་ཞིབ་བཤེར་གཏན་འབེབས་བྱས་པ། འབྲེལ་ཡོད་ཚན་པས་ལས་དོན་སྒྲུབ་ཚུལ་སྐོར་གྱི་གཏམ་བཤད་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།