དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་27ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བཀོད་སྒྲིག་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཧའོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སྔར་བས་དོན་འཁྱོལ་བྱས་ཏེ་གནད་དོན་ཆེ་འབྲིང་ཆུང་གསུམ་མི་ཐོན་པའི་འགན་ལེན་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཧའོ་ཕུང་གིས་གསུང་བཤད་གནང་སྐབས་ཟླ་བ་བཞི་པའི་ཟླ་སྟོད་དུ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཚུན་ས་ཁུལ (གྲོང་ཁྱེར )དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང “བསམ་བློའི་ཐད་ལྷོད་གཡེང་མི་གཏོང་བ་དང་། སྟོབས་ཤུགས་ཆུང་དུ་མི་གཏོང་བ། བྱེད་ཐབས་ལ་གཡོ་འགུལ་མི་གཏོང་བ། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། འགན་འཁྲིར་ལྷོད་གཡེང་མི་གཏོང་བ། དམིགས་ཚད་ལ་འགྱུར་བ་མི་གཏོང་བ ”བཅས་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་གལ་ཆེན་ལ་ནན་པོར་གཞིགས་ཏེ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། སྒྲིག་གཞི་དང་ལམ་སྲོལ་ལ་འགྱུར་བ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་ཨང་དང་པོ་དོན་འཁྱོལ་ནན་པོ་བྱེད་པ། ཉམས་མྱོང་ལ་ཕྱོགས་སྡོམ་དང་སྐྱོན་བཤེར་ཆད་གསབ་བྱེད་པ་བཅས་བྱས་པས་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ལས་ཕྱོད་ཆེ་བའི་ངང་འཁོར་སྐྱོད་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་སྔོན་འགོག་ཚོད་འཛིན་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལས་དོན་ལ་ཕན་འབྲས་ཆེ་བའི་ངང་ཤུགས་སྣོན་རྒྱག་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་དང་ལྷག་པར་དུ་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་ལག་ལེན་དངོས་ཀྱི་བྱེད་སྒོ་དང་ལས་གནས་ཐོག་སྦྱོང་བརྡར་ཆེན་པོ་བྱེད་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་འགན་ལེན་བྱུང་བ་དང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་ཀྱི་གཟེངས་བསྟོད་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་གི་གཞི་རྩ་བརྟན་དུ་གཏོང་བ། སྒྱུར་འཕེལ་བརྟན་གསུམ་གྱི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་རིམ་བཞིན་བརྟན་ལྷིང་དང་ལེགས་སུ་འགྲོ་གི་ཡོད་མོད། འོན་ཀྱང་བརྟན་ལྷིང་སྲུང་སྐྱོང་ལ་འཕྲད་པའི་སྤྱི་ཡོངས་ཀྱི་དུས་བབ་སྔར་བཞིན་ཪྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། ལས་སྒྲུབ་བྱེད་མཁན་དཔུང་སྡེ། སྤྱི་བདེ་ལས་ཁུངས། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་སོགས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པར་ཏན་ཏིག་ངང་གཞིགས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་ཚད་མཐོའི་དོགས་ཟོན་བྱས་ཐོག་ལྷོད་གཡེང་དང་། ཧོལ་རྒྱུག འཐབ་རྩོད་ལ་སུན་སྣང་བཅས་ཀྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་། སྔ་ཙམ་དམ་འཛིན་དང་། དམ་འཛིན་ནན་པོ། དམ་འཛིན་བརྟན་པོ། དམ་འཛིན་དངོས། ཁྱོན་ཡོངས་ལ་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྔོན་ཚུད་ནས་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ། དོགས་ཟོན་ཆེན་པོ་བྱེད་པ་བཅས་བྱས་ཏེ་རྒྱུན་མཐུད་ངང “གནད་དོན་གསུམ་མི་ཐོན་པའི ”འགན་ལེན་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཤིང་། གཅིག་ནས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རྒྱུན་གཏན་གྱི་བྱེད་ཐབས་ལ་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་ཐད་ཁུག་ཆ་མ་ལུས་པ་དང་། སྲུབ་ཁ་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཕྱོགས་ཁག་གི་ལས་སྒྲུབ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སྔོན་གཏན་འཁེལ་བའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་ལྟར་ལས་སྒྲུབ་དང་། ཚུལ་ལྡན་ངང་ལས་སྒྲུབ། མཉམ་འགོག་མཉམ་སྤྱོད། ཐུན་མོང་ཐོག་བདེ་འཇགས་འགན་ལེན་བཅས་བྱེད་པ་དང་། ཁོངས་གཏོགས་ས་ཆ་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁར་དཔྱད་དཔོག་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། གཞི་རིམ་གྱི་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་དང་། འགལ་ཟླ། མི་མངོན་པའི་རྐྱེན་ངན་བཅས་གྲལ་བཤེར་ནན་ཏན་བྱེད་པ་བཅས་བྱས་ཏེ་གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ། ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཐོན་སྐྱེད་ཐད་ཁྲིམས་འཛིན་ཞིབ་བཤེར་ནན་པོ་བྱེད་པ། དྲ་བའི་ཐོག་ནས་དཀྲོག་གཏམ་བརྒྱུད་སྤེལ་བྱེད་རིགས་ནུས་ལྡན་ངང་བཀག་འགོག་བྱེད་པ་བཅས་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཏན་ཏིག་ངང་སེལ་བ། གཞི་རིམ་ཏང་སྲིད་རྩ་འཛུགས་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་སྟོབས་ཤུགས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་དགོན་སྡེའི “གཅིག་དྲུག ”གི་བྱེད་སྒོ་དང་དགོན་སྡེར “ཡོད་པ་དགུའི ”འདུ་འགོད་ལ་དམ་འཛིན་ཡག་པོ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དགོན་སྡེའི་གྲྭ་བཙུན་ལ་ཐུགས་ཁུར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱེད་པ་དང་ཆབས་ཅིག་དམངས་སྲོལ་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་ཞབས་ཞུ་དང་བདེ་འཇགས་དོགས་ཟོན་གྱི་འབྲེལ་ཡོད་ལས་དོན་སྔོན་ཚུད་ནས་ཞིབ་ཚགས་སུ་གཏོང་བ་དང་གཏན་འཁེལ་བྱེད་པ་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེ་དུས་ཀྱི་དམངས་སྲོལ་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་གི་རྒྱུན་གཏན་གྱི་སྒྲིག་ལམ་འགན་ལེན་བྱེད་དགོས་པ། གསུམ་ནས་སྤྱི་ཡོངས་ཀྱི་རྩ་དོན་ཁོང་དུ་ཆུད་པ་དང་ལས་ཀའི་བླང་བྱ་ཁ་གསལ་ཡོང་བ་བྱས་ཏེ་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་འཛུགས་སྐྱོང་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་ལག་ལེན་དངོས་ཀྱི་བྱེད་སྒོ་དང་ལས་གནས་ཐོག་སྦྱོང་བརྡར་ཆེན་པོ་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་བརྟན་ལྷིང་སྲུང་སྐྱོང་གི་དངོས་འཐབ་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། འགན་འཁྲི་བདའ་འདེད་ནན་པོ་བྱེད་པ། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་གསུང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།