ཟླ་4ཚེས་23ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང (ཞིང་བཟོ་གཞུང་དོན་ཁང་དང་ནོར་དཔལ་གཞུང་དོན་ཁང )དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ལྟེ་བར་དམིགས་་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། སྤུས་ཀ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་ལས་ཆོད་ཆེ་རུ་བཏང་ནས་ལྗོངས་ཏང་ཨུད་ལ་ཕྱོགས་བསྡུས་ཞབས་འདེགས་ཡག་པོ་ཞུ་བ། “ཇུས་འདོན་མཁན ”དང “བསམ་བློའི་མཛོད ”ཡག་པོ་བྱེད་པ། རྩོམ་ཡིག་ལ་བརྟེན་ནས་སྲིད་ཇུས་ལ་གཞོགས་འདེགས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཧའོ་ཕུང་གིས་ལས་བྲེལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་ཆེད་མངགས་དུས་ཚོད་ཟུར་འཐེན་གྱིས་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང (ཞིང་བཟོ་གཞུང་དོན་ཁང་དང་ནོར་དཔལ་གཞུང་དོན་ཁང )དུ་ཕེབས་ཏེ་ཁྲུའུ་དང་ཁང་རེ་རེ་བཞིན་ལ་རྟོག་ཞིབ་གནང་བ་དང་། ལས་བཟོ་རེ་རེ་བཞིན་དང་ཕྱག་བཏང་བ་དང་བྱམས་བརྩེའི་གླེང་མོལ་གནང་བ། བློ་མཐུན་རེ་རེ་བཞིན་གྱི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ཀྱི་གནས་ཚུལ་བཀའ་འདྲི་དང་ཤེས་རྟོགས་ཞིབ་ཕྲ་གནང་བ། ཚང་མར་སློབ་སྦྱོང་ནན་ཏན་དང་འབད་བརྩོན་ཧུར་ཐག་བྱས་ནས་རང་ཉིད་ཀྱི་ལས་གནས་ཐོག་གྲུབ་འབྲས་གསར་པ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད། དེ་རྗེས་ཧའོ་ཕུང་གིས་སྲིད་ཇུས་ཞིབ་འཇུག་ཁང་གི་རྫོང་རིམ་པ་ཡན་གྱི་ལས་བྱེད་པ་དང་བཞུགས་མོལ་གནང་བ་རེད། སྲིད་ཇུས་ཞིབ་འཇུག་ཁང་གི་ལས་ཀའི་སྙན་སེང་གསན་རྗེས་ཧའོ་ཕུང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་གལ་ཆེའི་རང་བཞིན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ད་ཕན་ལོ་ཤས་རིང་སྲིད་ཇུས་ཞིབ་འཇུག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ། གོམ་སྟབས་རྗེས་མའི་སྲིད་ཇུས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་བླང་བྱ་གསལ་པོ་བཏོན་གནང་བ་རེད།
ཧའོ་ཕུང་གིས་མཛུབ་སྟོན་གནང་དོན། ལྗོངས་ཡོངས་ཀྱི་ཏང་ཨུད་ཀྱི་སྲིད་ཇུས་ཞིབ་འཇུག་ཁོངས་གཏོགས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། གོ་སྐབས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་སྟེ་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ཆེད་དུ་ཞབས་འདེགས་ཡག་པོ་ཞུ་བ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དུ་ཞབས་འདེགས་ཡག་པོ་ཞུ་བ། མི་རིགས་ཁག་མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱེད་དགོས། གཅིག་ནས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ཡིག་ཆའི་ཞབས་ཞུ་དང་ཐབས་ཇུས་བློ་འདྲིའི་འགན་ནུས་ནན་ཏན་སྒྲུབ་པ། ཏང་ཨུད་ལ་དམ་པོར་བསྟུན་ནས་དོན་ཆེན་སྒྲུབ་པ་དང་ལྟེ་བར་དམ་པོར་བསྟུན་ནས་སྤྱི་ཡོངས་ལ་བསམ་བློ་གཏོང་ཐུབ་པ་བྱས་ཏེ་རྩོམ་ཡིག་ལ་བརྟེན་ནས་སྲིད་ཇུས་ལ་གཞོགས་འདེགས་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ་དང་། གཉིས་ནས་ལྗོངས་ཏང་ཨུད་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་བརྟག་ཞིབ་བྱེད་པ་དང་། མ་འོངས་སྔོན་མཐོང་རང་བཞིན་ཆེ་རུ་གཏོང་བ་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། གྲུབ་འབྲས་མང་ཙམ་དང་གྲུབ་འབྲས་ཡག་པོ་ཐོབ་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱིས་ཐབས་ཇུས་གཏན་འབེབས་བྱ་ཆེད་དཔྱད་གཞི་མཁོ་འདོན་བྱེད་དགོས་པ། གསུམ་ནས་གཅིག་འདོམས་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ལྗོངས་ཡོངས་ཀྱི “ཞིང་གསུམ ”ལས་དོན་དང་ནོར་དཔལ་ལས་དོན་ལ་མཛུབ་ཁྲིད་དང་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་དགོས་པ། བཞི་ནས་ཏང་ཨུད་ཀྱི་ལྟེ་བའི་དུས་དེབ་ཡག་པོ་གཉེར་རྒྱུ་དང་སྒྱུར་བཅོས་གསར་གཏོད་དང་ཤུགས་རྐྱེན་ཆེ་རུ་བཏང་ནས་དེ་ཉིད་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དང་ལྗོངས་ཏང་ཨུད་ཀྱིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱེད་པའི་གཞི་རྟེན་གལ་ཆེན་ལ་དངོས་འབྲེལ་འགྱུར་བ་དང་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱེད་པའི་བསམ་བློའི་འཐབ་སར་འགྱུར་བ་བྱེད་དགོས་པ། ལྔ་ནས་སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་ཆབ་སྲིད་གོ་རྟོགས་མཐོ་བ་དང་། ལས་སྒོ་ལེགས་པ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྲིད་ཇུས་ལས་དོན་གྱི་དཔུང་ཁག་ཅིག་ཧུར་ཐག་བཏོད་དེ་སྲིད་ཇུས་ཞིབ་འཇུག་གི་ལས་དོན་དེ་སླར་ཡང་ཆུ་ཚད་གསར་པར་སླེབས་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཧའོ་ཕུང་གིས་ལྗོངས་ཡོངས་ཀྱི་ཏང་ཨུད་ཀྱི་སྲིད་ཇུས་ཞིབ་འཇུག་ཁོངས་གཏོགས་ཀྱི་ལས་བཟོ་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་ཁོར་ཡུག་ལ་གཅེས་སྤྲས་དང་གོ་སྐབས་དམ་འཛིན་བྱེད་པ། བྱས་རྗེས་འཇོག་པ། གཟུགས་བཪྙན་ཡག་པོ་གཏོད་པ། ལས་ཀའི་གྲུབ་འབྲས་ཡག་པོ་གཏོད་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།