དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་སྲིད་གཞུང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་བཀའ་མངགས་ལྟར་ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས 《2012ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་ཀའི་གྲོས་འགོར 》གྲོས་ཞིབ་ཀྱང་གནང་བ་རེད།

        ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་ད་ཆ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུའི་ཐད་གཅིག་ནས་རྒྱལ་ཁབ་ཀྱི་མ་འཇོག་བརྩོན་ལེན་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཡག་ཏུ་གཏོང་རྒྱུར་གཡོ་འགུལ་མི་གཏོང་བ། གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་དམངས་ཁྲོད་དང་སྤྱི་ཚོགས་ཀྱི་མ་འཇོག་ལ་ཁྲིད་སྟོན་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་བཅས་ཀྱི་སྒོ་ནས་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པ་དང་། ཞིང་འབྲོག་ཐོན་སྐྱེད་དམ་འཛིན་བྱས་ནས་ཐོན་འཕར་འབབ་འཕར་ཡོང་བ་བྱེད་པ། ཞིང་འབྲོག་ཁུལ་གྱི་ཚོང་ཟོག་འཁོར་རྒྱུག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་དུ་འཛད་སྤྱོད་ཆེན་པོ་ཡོང་བར་སྐུལ་མ་གཏོང་བ། བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་སྒྱུར་བ། ཁྲིད་སྟོན་ལ་ཤུགས་སྣོན། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐོག་ནས་ཚན་རིག་དང་། ལུགས་མཐུན། གོ་རིམ་ལྡན་པ་བཅས་ཀྱི་བླང་བྱ་ལྟར་ནང་སའི་ཕན་འབྲས་ལེགས་ཤིང་སྟོབས་ཤུགས་ཆེ་བ་དང་། ཆ་འཇོག་ཡིག་འཇོག་ཐུབ་པའི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་གཏེར་ཁ་རྩད་ཞིབ་སྔོག་འདོན་ནང་ཞུགས་སུ་བཅུག་ནས་གཏེར་ཁའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཕྱོགས་ཚང་མ་མཉམ་འགུལ་ཐུབ་ལམ་ཆགས་པ་བྱེད་པ་དང་ཞབས་ཞུའི་འདུ་ཤེས་ཆེ་རུ་བཏང་སྟེ་གཏེར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཉིད་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་དགོས་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱ་ཐབས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་སྟོབས་ཤུགས་གསར་པའི་ནུས་པ་ཆེན་པོ་གང་ལེགས་འདོན་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཕྱོགས་ཚང་མ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཕན་པ་ཆེན་པོ་ཐོབ་པ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་བསྡུར་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། གཉིས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་ལ་གཞིགས་ནས་མ་དངུལ་དུས་ཐོག་ཏུ་དོན་འཁྱོལ་དང་དམངས་འཚོའི་འདུ་འགོད་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་དམངས་འཚོའི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ་སློབ་གསོར་མཐོང་ཆེན་དང་། ལུས་ཁམས་སྲུང་བ། ལས་ཞུགས་རྒྱ་འབྱེད། ཟོག་གོང་བརྟན་པོ་བཅས་ཡོང་བའི་ལས་ཀ་གཙོ་གནད་དུ་དམ་འཛིན་གྱིས་མི་སེར་ཚོར་ཕན་པ་དངོས་འབྲེལ་ཐོབ་པ་བྱེད་དགོས། གསུམ་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་བཟུང་ནས་དཔལ་འབྱོར་ཁྱབ་ཁོངས་ནང་བརྟན་ལྷིང་ཡོང་བ་བྱེད་པ་མ་ཟད། ལྷག་པར་དུ་གཏེར་ཁ་སྔོག་འདོན་དང་། རྣམ་གྲངས་འཛུགས་པ། ཡུལ་མི་གནས་སྤོ་དང་སྡོད་ཁང་བཤིག་སྤོ། འགན་ལེན་ཁང་པ་བགོ་བཤའ། ཞིང་པའི་གླ་ཆ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནད་དོན་ལ་མཐོང་ཆེན་བྱས་ནས་རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་སྔར་བས་ཆེ་རུ་བཏང་སྟེ་ཉེན་བརྡ་གཏོང་ནུས་འཐུས་ཚང་ཡོང་བ་དང་ནང་སྦྱོང་བྱས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

        ཝུའུ་དབྱིང་ཅེས་རིམ་ཁག་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ་སྤྱི་ཡོངས་དང་། འགན་འཁྲི། ཞབས་ཞུ་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཕན་ཚུན་གཞོགས་འདེགས་དང་ཞབས་ཞུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་མཉམ་དུ་ལེགས་པར་བསྒྲུབས་པའི་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།