དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝང་ཅན་ཕིང་དང་ཁྲེན་ཆོན་གོ་སོགས་ཀྱིས་བཪྙན་ལམ་བརྒྱུད་དྲག་ཆས་ཉེན་རྟོག་དཔུང་སྡེ་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བྱེས་ཐང་དུ་བཅའ་སྡོད་སྦྱོང་བརྡར་བྱེད་ཚུལ་ལ་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་4ཚེས་20ཉིན་དྲག་ཆས་ཉེན་རྟོག་དཔུང་སྡེའི་སི་ལིང་ཡོན་ཝང་ཅན་ཕིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བཪྙན་ལམ་བརྒྱུད་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བྱེས་ཐང་དུ་སྦྱོང་བརྡར་བྱེད་ཚུལ་ལ་གཟིགས་ཞིབ་གནང་སྐབས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས “ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་སྣང་ཆེན། སྒྲིག་ཁྲིམས་སྲུང་བ ”བཅས་བྱེད་པའི་སྲ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། དུས་རྒྱུན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དམག་གྲབས་ཀྱི་རྣམ་པ་བཟང་པོ་ཞིག་རྒྱུན་འཁྱོངས་བཅས་བྱས་ནས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

        དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཟླ་བ་བཞི་པའི་ཟླ་སྟོད་ནས་བཟུང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བྱེས་ཐང་དུ་འགྲན་རྩོད་རང་བཞིན་ངང་བཅའ་སྡོད་སྦྱོང་བརྡར་བྱེད་འགོ་ཚུགས་ཤིང་། བཅའ་སྡོད་སྦྱོང་བརྡར་བྱེད་རིང་དཔུང་སྡེས་གཙོ་བོ་རྒྱང་རིང་འཕེན་སྐྱེལ་དང་། སྐོར་གཅོད་འཇུ་བཟུང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད། བརྟན་ལྷིང་སྲུང་སྐྱོང་། འཇིགས་སྐུལ་སྔོན་འགོག དྲག་ཤུགས་བཀག་འགོག་སོགས་བརྗོད་བྱ་གཙོ་བོར་འཛིན་ནས་ནང་སྦྱོང་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟན་ལྷིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་དཔུང་སྡེའི་ནུས་པའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

        ཝང་ཅན་ཕིང་དང་ཁྲེན་ཆོན་གོ་སོགས་ཀྱིས་བཪྙན་ལམ་བརྒྱུད་དཔུང་སྡེ་ཁག་གི་བྱེས་ཐང་དུ་བཅའ་སྡོད་སྦྱོང་བརྡར་བྱེད་ཚུལ་དང་གྲོང་ཁུལ་དུ་ལས་སྒྲུབ་བྱེད་ཚུལ་ལ་ཞིབ་བཤེར་གནང་བ་དང་སྦྱོང་བརྡར་ནང་ཞུགས་མཁན་དཔུང་སྡེ་སྒྲིག་འཛུགས་གཟབ་ནན་དང་། གོ་རིམ་ཡག་པོ། ངར་ཤུགས་འཕེལ་བ་བཅས་ཡིན་པ་གཟིགས་སྐབས་ཝང་ཅན་ཕིང་དང་ཁྲེན་ཆོན་གོ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་ཚོས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པའི་རྒྱ་ཆེའི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་རྒྱ་ཆེའི་དཔོན་དམག་ཚོར “ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ ”བཅས་བྱེད་པའི་སྲ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། དུས་གང་རུང་དང་གནས་ཚུལ་གང་རུང་འོག་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇོག་པའི་གྲ་སྒྲིག་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་རྒྱུན་བསྲིང་དམག་འཐབ་གི་རྒྱལ་ཁ་ལེན་པ་དང་ བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བཅས་ཀྱི་ཚབ་ཞུས་ཏེ་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྤྱི་ཁྱབ་པུའི་ཏང་ཨུད་དང་འགོ་ཁྲིད་ལས་ཁུངས་ཀྱིས་ལོ་མང་རིང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དེང་སྐབས་བོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡིན་པའི་རྣམ་པ་ཧ་ཅང་བཟང་པོ་འདི་ཐོབ་སླ་པོ་ཞིག་མིན། དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་སྲ་བརྟན་འགྱུར་མེད་ངང་འགོ་ཁྲིད་གནང་བའི་འབྲས་བུ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྒེར་སེམས་མེད་པར་རོགས་སྐྱོར་བྱེད་པའི་འབྲས་བུ། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱེད་པ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་ཉེན་བརྡ་ཡུན་རིང་གཏོང་བ་དང་། རྒྱུན་འཛིན་ལྷོད་མེད། སྒྲིག་འཛུགས་གང་ལེགས། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ཐོག་གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་ངང་ཞི་མཐུན་དང་བརྟན་ལྷིང་ཡོང་བ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།