དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་དེང་སྐབས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཏུའུ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། པད་མ་འཕྲིན་ལས། ཧའོ་ཕུང་། དབྱང་ཅིན་ཧྲན། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ། ལེའང་ཐེན་ཀེང་བཅས་ཕེབས་ཡོད་པ་རེད།

        ཁྲེན་ཆོན་གོས་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱིས་ཉེ་དུས་ནང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་ཡོད་ལ་སླད་ཕྱིན་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་ཡང་བཏོན་ཡོད་པས་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་པས་ང་ཚོས་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་དམིགས་ཚད་ཁ་གསལ་ཡོང་བ་བྱེད་པ་དང་། གཙོ་གནད་མངོན་གསལ་ཡོང་བ་བྱེད་པ། བྱ་ཐབས་དོན་འཁྱོལ་བྱེད་པ། འགན་འཁྲི་ཆེ་རུ་གཏོང་བ། སྒྲིལ་ཤུགས་ཆགས་པ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་ཧུར་ཐག་ཡོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་སྟེ།

        གཅིག་ནས་དམིགས་ཚད་དེ་བས་ཁ་གསལ་ཡོང་བ་བྱེད་དགོས་ཤིང་། དམག་འཐབ་སྔོན་ལ་རྒྱག་པ་དང་དམག་འཐབ་རང་འགུལ་ངང་བརྒྱབ་སྟེ་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། ཡག་པོ་ཡོང་རྒྱུར་དམ་འཛིན་བཅས་བྱ་རྒྱུར་གཞི་ཚུགས་ཏེ་མ་བྱུང་སྔོན་འགོག་གིས་བདེ་འཇགས་མེད་པ་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཐོག་མ་ནས་མེད་པ་བཟོས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་གཏོད་དེ “གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས་པའི ”དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་ཏན་ཏིག་དང་གོང་འཕེལ་ཡག་པོ་བཏང་ནས་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་པོ་རྒྱུན་སྲིང་བརྟན་ལྷིང་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པ་དང་།

        གཉིས་ནས་གཙོ་གནད་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། གཙོ་གནད་ས་ཁུལ་ལ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྟོབས་ཤུགས་བཀོད་སྒྲིག་དང་། སྔོན་འགོག་དང་ཚོད་འཛིན་བྱ་ཐབས། འཕྲལ་སྡོམ་སྒྲིག་ཆས་བཅས “གསུམ་པོ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང ”གཙོ་གནད་ཁུལ་གྱི་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གྲིབ་ཆ་མེད་པ་དང་། སྲུབས་ཁ་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་དོ་དམ་དང་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་ནས་དྲ་བ་དང་ལག་ཁྱེར་ཁ་པར་སོགས་གསར་དར་སྨྱན་སྦྱོར་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཆ་འཕྲིན་བརྒྱུད་གཏོང་ཚད་ལྡན་ཡོང་བ་བྱས་ནས་སྤྱི་པའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ།

        གསུམ་ནས་བྱ་ཐབས་དེ་བས་དོན་འཁྱོལ་ཡོང་བ་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་ཀྱིས་ཏང་སྲིད་དམག་ཉེན་དམངས་བཅས་མཉམ་འགོག་མཉམ་སྒུལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ས་གནས་ཁག་གི་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། སྲ་བརྟན་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་སྟེ་ལག་བསྟར་བྱ་ཤུགས་དང་ལས་ཀའི་ཆུ་ཚད་སྔར་བས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་དེ་བརྟན་ལྷིང་སྲུང་སྐྱོང་གི་ཞིབ་ཕྲའི་བྱ་ཐབས་དང་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ཐོག་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་བྱེད་པའི་ཐད་འབད་བརྩོན་ཧུར་ཐག་དང་ཉམས་སད་ཐེག་ཐུབ་པའི་ནུས་རྩལ་བཏོན་དགོས་པ།

        བཞི་ནས་འགན་འཁྲི་དེ་བས་ཆེ་རུ་གཏོང་དགོས་ཤིང་། བརྟན་ལྷིང་ཐམས་ཅད་ལས་ལྷག་པའི་བསམ་བློ་སྔར་བས་ཆེ་རུ་གཏོང་དགོས་པ་དང་རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྤྱིའི་འགན་འཁྲི་ཁུར་དགོས་པ་དང་སྐུ་ངོ་མས་དམ་འཛིན་བྱས་ཏེ་བརྟན་ལྷིང་ལས་དོན་དེ་བཟློག་མེད་ལས་འགན་དང་ལས་འགན་ཨང་དང་པོར་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་བསམ་བློའི་ནང་འཇོག་དགོས་པ་དང་དམ་འཛིན་ནན་པོ་བྱེད་དགོས། ལས་བགོས་དོ་དམ་འགན་ཁུར་བློ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་འགོ་ཁྲིད་ཚན་ཁག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཆེད་འགན་ཆེད་ཁུར་བྱེད་དགོས་པ་དང་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཁག་གིས་ཀྱང་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་། འགན་འཁྲི་རྩད་གཅོད་ལམ་ལུགས། “གཅིག་ཆད་ཁྲ་ལོག་ལམ་ལུགས ”བཅས་ལག་བསྟར་ནན་པོ་བྱེད་དགོས་པ།

        ལྔ་ནས་གོང་བུ་འགྲིལ་ཤུགས་དེ་བས་གཅིག་ཏུ་འགྲིལ་བ་བྱེད་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་གཅེས་ཁྱིམ་གཅིག་དང་རྒྱལ་གཅེས་ལ་སྔ་ཕྱི་དབྱེ་བ་མེད་པའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྐུལ་སློང་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་དང་། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་གྱིས་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། ཞི་མཐུན་དཔེ་མཚོན་གྱི་དགོན་པ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་ནས་དགོན་པ་དང་གྲྭ་བཙུན་ལ་བློ་གཅིག་སེམས་གཅིག་གིས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱས་ནས་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་ཐོས་བསམ་ལ་གཞོལ་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།