དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱི་རྩོམ་ཡིག་སློབ་སྦྱོང་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་4ཚེས་13ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཀྱི་ཚོགས་འདུ་གཙོ་སྐྱོང་དང་སྐོང་ཚོགས་གནང་ནས་མི་དམངས་ཉིན་རེའི་ཚགས་པར་གྱི 《ཏང་ཀྲུང་དབྱང་གི་ཡང་དག་པའི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་དགོས 》ཞེས་པ་དང་། 《རང་རྟོགས་ངང་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་བྱེད་དགོས 》ཞེས་པ། 《ཏང་ཁྲིམས་དང་རྒྱལ་ཁྲིམས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས 》ཞེས་པ་བཅས་དཔྱད་གཏམ་མཁན་གྱི་རྩོམ་ཡིག་གསུམ་སློབ་སྦྱོང་ནན་ཏན་བྱས་ཤིང་། ཚོགས་ཞུགས་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་དང་། པད་མ་འཕྲིན་ལས། ཧའོ་ཕུང་། དབྱང་ཅིན་ཧྲན། ཅིན་ཧྲུའུ་པོ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ། ལེའང་ཐན་ཀེན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཚོགས་ཞུགས་བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་ཡང་དག་པའི་གཏན་འབེབས་ལ་བརྩི་བཀུར་ཞུ་རྒྱུ་ཡིན། ཀྲུང་དབྱང་གིས་བློ་མཐུན་པོ་ཤིས་ལའེ་ཡི་སྒྲིག་འགལ་གནད་དོན་ཚབས་ཆེན་གྱོད་ཁོངས་སུ་བཅུག་ནས་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་གནང་བ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཉིའར ·ཝུའུ་ཏེ་ཤི་བའི་གྱོད་གཞིར་ཁྲིམས་ལྟར་བསྐྱར་ཞིབ་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཉེས་གསོག་དོགས་ཅན་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་ཡོད། ཀྲུང་དབྱང་གིས་དོན་རྐྱེན་དེ་འཕྲལ་ཐག་ཆོད་པོས་ཐག་གཅོད་གནང་བ་དེ་ནི་ཧ་ཅང་ཡང་དག་པ་ཞིག་དང་། མཁས་མཛངས་ལྡན་ཞིང་བློ་ཐག་ཆོད་པ། ནུས་ལྡན་བཅས་ཡིན་ཞིང་། དེ་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་ཆབ་སྲིད་ཀྱི་བློ་གྲོས་དང་ཪྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བའི་ནུས་པ་ལྡན་པ་གང་ལེགས་མངོན་པ་དང་། ང་ཚོའི་ཏང་གིས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་བླང་བྱ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྲིད་སྐྱོང་འདུ་ཤེས་དང་ཡང་རྦད་དེ་མཐུན་པ། ང་ཚོའི་ཏང་གི་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ། ཏང་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་དམིགས་ཡུལ་དང་དད་སེམས་མངོན་པ་བཅས་དེ་དག་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུ་དང་། ཏང་དང་སྲིད་གཞུང་གི་གཟུགས་བཪྙན་སྲུང་སྐྱོང་བྱ་རྒྱུ། ཏང་ཁྲིམས་རྒྱལ་ཁྲིམས་སྲུང་སྐྱོང་བྱེད་པའི་ལ་རྒྱ་དང་དབང་གྲགས་བཅས་ལ་ཕན་པ་ལྡན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བསམ་བློའི་ངོས་འཛིན་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཆབ་སྲིད་ཀྱི་རྩ་དོན་ཆེན་པོ་དང་ཡིན་མིན་ཆེན་པོའི་གནད་དོན་ཐོག་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱས་ཏེ་ཀྲུང་དབྱང་གི་ཡང་དག་པའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཚོགས་ཞུགས་བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། བྱ་སྤྱོད་མཐའ་དག་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་པ། ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱེད་པ། གོང་བུ་གཅིག་ཏུ་འགྲིལ་བ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཚོགས་ཞུགས་བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཁྲིམས་དང་རྒྱལ་ཁྲིམས་ལ་སྲུང་བརྩི་ཞུས་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་བསྟུན་པ། སྒྲིག་ཁྲིམས་སྲུང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ། རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས་སྲུང་བ། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་པོ་ཞུ་བ། རང་ཉིད་དང་། ནང་མི། འཁྲིས་ཀྱི་ལས་དོན་མི་སྣ་བཅས་ཡག་པོ་གཅུན་པ། གནས་ཚུལ་གང་རུང་འོག་བཅའ་ཁྲིམས་དང་། སྒྲིག་ཁྲིམས། ཀུན་སྤྱོད་བཅས་ལས་མི་འགལ་བ། རང་གཅེས་དང་། རང་བརྟག རང་ཟོན། རང་སྐུལ་བཅས་བྱས་ཏེ་དཔོན་གཙང་མ་ཞིག་བྱེད་པ་དང་། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ། ལས་དོན་གཙང་མ་སྒྲུབ་པ་བཅས་བྱ་རྒྱུ་དང་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབང་ཆ་གང་བྱུང་སྤྱོད་རྒྱུ་དང་རུལ་སུངས་ཀྱི་བསམ་བློ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཟང་པོ་དང་ཏང་ཁྲིམས་རྒྱལ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཚོགས་ཞུགས་བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། བརྟན་ལྷིང་གི་རྩ་བ་དེ་སྔ་ཕྱི་བར་གསུམ་དུ་དམ་པོར་བཟུང་བ། བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོར་བརྩི་བ། སྔ་ཙམ་དམ་འཛིན་དང་། ཆུང་བ་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། སྲུབས་ཁ་མ་ལུས་པ་དང་། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་བྱེད་ཐུབ་པ་བྱེད་པ། སྤྱི་ཚོགས་ཀྱི་འགོག་ཟོན་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་གཏོར་བཤིག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཡག་པོ་སྒྲུབ་པ། “མི་ཐོན་པ་གསུམ ”(གནད་དོན་ཆེན་པོ་མི་ཐོན་པ་བྱེད་དགོས་ལ་གནད་དོན་འབྲིང་བ་ཡང་མི་ཐོན་པ་བྱེད་དགོས་པ་དང་། གནད་དོན་ཆུང་ངུ་ཡང་མི་ཐོན་པའི་བརྩོན་ལེན་བྱེད་དགོས )སྒྲུབ་ཐུབ་པ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཚོགས་ཞུགས་བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་སྤྱི་འདོམས་བྱེད་པ་དང་། བརྗོད་བྱ་གཙོ་བོའི་གཙོ་སྣེ་དང་བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་ལྟེ་བའི་ནང་དོན་ཁོང་དུ་ཆུད་པ་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་པ། ཀྲུང་དབྱང་གིས་བཏོན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་ཡག་པོ་སྤྱོད་པ། རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཉིས་པས ”བོད་ཀྱི་འཕེལ་རྒྱས་དང་རང་སྐྱོང་ལྗོངས་ཀྱི་འཆར་འགོད་ལ་རོགས་སྐྱོར་བྱེད་པའི་གལ་ཆེའི་རྣམ་གྲངས་དམ་འཛིན་ཡག་པོ་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་རྫོང་ཁོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་། མྱུར་བ། ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཚོགས་ཞུགས་བློ་མཐུན་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་གནང་བའི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་མངགས་བཅོལ་ལ་གཞིགས་ནས “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ ”ཡི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོ་ངེས་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། སྣོད་བཅུད་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། བོད་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་འཚིམ་པོ་ཡོང་བ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།