དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ལས་མཐུན་སྦྱོར་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་ལས་དོན་ཁག་ཕྱོཌ་སྡོམ་བྱས་ཏེ་འདི་ལོའི་ཡུལ་སྐོར་སྤྲོ་གསེང་དུས་ཚིཌ་འཆར་ཉེའི་སྐབས་ཀྱི་གྲ་སྒྲིག་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏེང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན་ཕེབས་པ་རེད།

        ཇི་ལྟར་བྱས་ནས་དམིགས་ཚད་ཁ་གསལ་ཡོང་བ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མཐུན་སྦྱོར་མཉམ་སྒུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོའི་མཉམ་ཤུགས་ཤིག་ཆགས་ཧུར་ཐག་བྱེད་དགོས་པའི་སྐོར་ལ་པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། འཆར་འགོད་ཁྱབ་ཚུལ་དང་ཡུལ་སྐོར་ཐོན་ལས་གསར་སྤེལ་འཛུགས་སྐྲུན་ལ་བརྟེན་པ། ཡུལ་སྐོར་ཁྲོམ་ར་ཚད་ལྡན་ཡོང་བ་དང་བཅོས་སྒྲིག་བྱེད་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས “འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཙོ་བོའི ”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་སྟེ།

        དམངས་འཚོའི་འདུ་ཤེས་ཆེ་རུ་བཏང་ནས་དམངས་ཕྱུག་དམངས་ཕན་དེ་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་སྲུང་སྐྱོང་ལ་དོ་སྣང་བྱེད་དགོས་པ། ཡུལ་སྐོར་གྱི་གཙོ་གནད་ཁྲོམ་རར་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་གྱི་ཀ་རྟེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས་པ། ཡུལ་སྐོར་དོ་དམ་དང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པ། བྲིན་སྐུལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས “འཛམ་གླིང་གི་ཡང་རྩེ ·ངོ་མཚར་ཆེ་བའི་བོད་ལྗོངས ”ཞེས་པའི་གཟུགས་བཪྙན་གཙོ་བོ་སྔར་བས་འཛུགས་དགོས་པ། ཞིབ་བཤེར་ལྟ་སྐུལ་གྱི་ནུས་པ་ཆེ་རུ་བཏང་ནས་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་སྐྲུན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བཅས་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། མཐུན་སྦྱོར་ལམ་སྲོལ་དང་མཉམ་ལས་ཞིབ་བཤེར་དང་མཉམ་འབྲེལ་ཁྲིམས་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “སྤ་སེ་གསུམ་དང་རླངས་འཁོར་གཅིག ”ལས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་ཚོད་འཛིན་བྱེད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། ཡུལ་སྐོར་བདེ་འཇགས་ཐོན་སྐྱེད་དེ་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་གནས་བབ་དང་པོའི་ཐོག་བཞག་ནས་དམ་འཛིན་ལྷོད་མེད་བྱེད་པ། ཡུལ་སྐོར་སྣེ་ཤན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རང་འགན་གཙང་སྒྲུབ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱས་ཏེ་ཡུལ་སྐོར་དང་འབྲེལ་བའི་འབྲེལ་ཡོད་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་གང་ཐུབ་ཀྱིས་རང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས་པའི་བླང་བྱའང་བཏོན་གནང་བ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ལས་གོང་འཕེལ་མཐུན་སྦྱོར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་འདི་ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་སྙན་སེང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།