དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི་ཚོགས་འདུར་ཞུགས་ཡོད་པ་རེད།

        ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ད་བར་རང་ལྗོངས་ཀྱི་ལས་ཞུགས་ལས་དོན་དེ་དམངས་འཚོའི་གནད་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་གནང་བར་རྒྱ་ཆེའི་མང་ཚོགས་ཚོའི་བརྩི་བཀུར་ཟབ་མོ་ཐོབ་ཡོད། ཧྲུའུ་ཅི་ཁྲེན་ཆོན་གོ་བོད་དུ་ཕེབས་རྗེས་སྐབས་རིམ་བྱུང་གི་ཏང་ཨུད་ཚན་ཁག་གི་ལས་དོན་གྱི་རྨང་གཞིའི་ཐོག་རང་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་རང་ལྗོངས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་ཕྱོགས་གསར་པ་དང་། སྲིད་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། ད་རེས་ཧྲུའུ་ཅི་ཁྲེན་ཆོན་གོས་སླར་ཡང་རང་ལྗོངས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཆེད་མངགས་གལ་ཆེའི་མཛུབ་སྟོན་གནང་བ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་བསམ་གཞི་མཚོན་ལ་ཧྲུའུ་ཅི་ཁྲེན་ཆོན་གོས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་གཞི་རྩའི་ཁེ་ཕན་ལ་ཐུགས་ཁུར་གནང་ལུགས་ཀྱང་མཚོན་ཡོད། ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་མཛུབ་སྟོན་དགོངས་དོན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཏོན་པའི་གལ་ཆེའི་མཛུབ་སྟོན་དགོངས་དོན་ཁྱབ་པ་དང་། ཙུང་ལི་དབུན་ཅ་པའོ་ཡི 《སྲིད་གཞུང་གི་ལས་དོན་སྙན་སྒྲོན 》ནང་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་ཐད་བཏོན་པའི་བླང་བྱ་ཁ་གསལ་ཁྱབ་པ། ངོས་འཛིན་ནས་བྱེད་ཐབས་བར་དང་དམིགས་ཚད་ལས་འགན་ནས་ལས་ཀའི་མཉམ་ཤུགས་བར་ལས་ཞུགས་ལས་དོན་གྱི་ཁྱབ་ཁོངས་གལ་ཆེན་དང་ཁ་ཕྱོགས་གལ་ཆེན་དུ་ཁྱབ་ཡོད་པས་དེ་ནི་བསྡུས་ཤིང་ཁ་གསལ་བ་དང་བསམ་བློ་གཏིང་ཟབ་པས་དེར་འཐབ་ཇུས་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ལྡན་ཡོད། ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་ཆེད་མངགས་བླང་བྱ་ཁ་གསལ་བཏོན་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། བསམ་བློར་བཅིངས་འགྲོལ་གཏོང་བ། ལྟ་བར་འགྱུར་ལྡོག་གཏོང་བ། མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་ཏན་ཏིག་བྱས་ཐོག་ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཕྱིར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        ཝུའུ་དབྱིང་ཅེས་ད་དུང་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་ལ་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་མཛུབ་སྟོན་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུའི་ཐད་བསམ་བློའི་ཐད་སླར་ཡང་ངོས་འཛིན་དང་སླར་ཡང་མཐོར་གཏོང་བྱས་ནས་ལས་དོན་ཡག་པོ་སྒྲུབ་པའི་དགོས་གཏུགས་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ཧྲུའུ་ཅི་ཁྲེན་ཆོན་གོས “ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དེ་ནི་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩི་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་ལེགས་སུ་གཏོང་བའི་དོན་ཆེན་ཨང་དང་པོར་བརྩི་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བྱེད་ཐབས་ཤིག་ཏུ་བརྩི་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཀྱི་ཐབས་ཇུས་ལས་འགན་ཞིག་ཏུ་བརྩི་བ ”བཅས་བྱེད་དགོས་ཞེས་བཏོན་གནང་ཡོད། “བརྩི་བ་བཞི ”དེས་ལས་ཞུགས་ལས་དོན་དེ་སྔར་བྱུང་མ་མྱོང་བའི་མཐོ་ཚད་ཐོག་བཞག་པ་དེ་ནི་རང་ལྗོངས་ཀྱི་ལས་ཞུགས་ལས་དོན་ལ་ངོས་འཛིན་བྱེད་པའི་ཚད་བརྒལ་བྱེད་ས་ཞིག་རེད། དམིགས་ཚད་ཞིབ་ཕྲ་ཅན་དུ་བཏང་བའི་ཁར་རིམ་པ་དབྱེ་ནས་འགན་འཁྲི་དོན་འཁྱོལ་དང་དམིགས་ཚད་ལ་དམ་པོར་དམིགས་ནས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཧྲུའུ་ཅི་ཁྲེན་ཆོན་གོས་འདི་ལོ “ལས་ཞུགས་མེད་པའི་ཁྱིམ་ཚང་ཐོན་རིམ་བཞིན་མི་ལུས་པ་བྱས་ཏེ་སྐྱེ་ཁུངས་བོད་ནས་ཡིན་པའི་འདི་ལོའི་སློབ་ཆེན་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་དང་སྐྱེ་ཁུངས་བོད་ནས་ཡིན་པའི་དེ་སྔའི་སློབ་ཆེན་སློབ་ཐོན་སློབ་མ་གཞི་རྩའི་ཆ་ནས་ལས་ཞུགས་ཐུབ་པ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་21500ཡན་གསར་དུ་ལས་ཞུགས་ཐུབ་པ་བྱེད་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་མི་ཐེངས་ཁྲི་80ཡན་གཞན་སྒྱུར་བྱེད་པ ”བཅས་ནི་དུས་ཐོག་ཏུ་བསྒྲུབ་དགོས་པའི་ལས་འགན་དང་དམིགས་ཚད་ཅིག་ཡིན་པས་ངེས་པར་དུ་ནུས་ཤུགས་ཡོད་རྒུ་དང་ཐབས་བརྒྱ་ཇུས་སྟོང་གིས་ལེགས་སྒྲུབ་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད། བྱེད་ཐབས་ཐོག་སྐུལ་འདེད་གཏིང་ཟབ་བཏང་བའི་ཁར་བསྡོམས་ཚད་ཆེ་རུ་བཏང་ནས་ལས་ཞུགས་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2%ཡས་མས་སུ་ཚོད་འཛིན་བྱེད་པ་དང་ཆབས་ཅིག་ཞིང་འབྲོག་པ་གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་ཆེ་རུ་ཏན་ཏིག་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་ལོ་རེར་མི་ཐེངས་ཁྲི་35ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་བྱེད་པའི་ཁར་ཕྱི་ནང་མཉམ་སྤེལ་གྱིས་རང་ངོས་ཀྱི་སྟོབས་ཤུགས་ལ་གཙོ་བོར་བརྟེན་པ་དང་ཆབས་ཅིག་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་ཞུགས་བཀོད་སྒྲིག་ཐུབ་པ་བྱེད་དགོས། ལས་ཀའི་ཐད་འགན་འཁྲི་ཁག་བགོས་དང་མཉམ་ཤུགས་ཆེ་རུ་བཏང་ནས་ཏང་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་དང་། ཕྱོགས་ཁག་ཞུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས། ལས་ཞུགས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བསམ་ཕྱོགས་དང་། སྲིད་ཇུས། བྱེད་ཐབས་བཅས་རབ་དང་རིམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དུད་ཚང་ཀུན་གྱིས་ཤེས་པ་བྱེད་པ་དང་། ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲོད་པ་དང་གཟེངས་བསྟོད་བྱས་ནས་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་ཀྱི་རྣམ་པ་ཡག་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།