དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • གྲོང་ཁྱེར་ལྷ་སར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི“རྒྱལ་དར་སྒྲེང་། རྒྱལ་གླུ་ལེན”ཞེས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་28ཉིན་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་དང་། ཧའོ་ཕུང་། ཝུའུ་དབྱིང་ཅེ། ལང་ཡིའུ་ལེའང་། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་སོགས་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོར་ཞུགས་པ།

        ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་དེར་ཚེས་28ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དགའ་སྤྲོ་ཚད་མེད་བཅངས་བཞིན་དུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ “རྒྱལ་དར་སྒྲེང་། རྒྱལ་གླུ་ལེན ”ཞེས་པའི་མཛད་སྒོ་བརྗིད་ཉམས་གཟབ་རྒྱས་ཤིག་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུས་ཏེ་བོད་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མཛད་རྗེས་རླབས་ཆེན་བཏོད་པར་བསྟོད་གླུ་ཕུལ་བ་རེད།

        པད་མ་འཕྲིན་ལས་དང་། ཧའོ་ཕུང་། ཝུའུ་དབྱིང་ཅེ། ལང་ཡིའུ་ལེའང་། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་སོགས་ཕེབས་ཡོད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་གསུང་བཤད་གནང་བ་རེད།

        ཆེ་དགྲ་ལྷས་གསུང་བཤད་གནང་སྐབས་1959ལོའི་ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་བདེ་སྐྱིད་ཀྱི་ཆེད་དུ་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་འཕྲལ་ཐག་ཆོད་པོས་ཐབས་ཇུས་གཏན་ལ་ཕབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་ཨེན་ལེས་བཀའ་རྒྱ་བཏང་གནང་སྟེ་བོད་ཀྱི་ས་གནས་སྲིད་གཞུང་གཏོར་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། བོད་ཪྙིང་པའི་ངན་དགུ་ཚང་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། བོད་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་གསར་པ་ཕྱེས་པ། བོད་འདི་ཉིད་མུན་ནག་ནས་འོད་ཟེར་གྱི་ཕྱོགས་དང་། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས། སྒེར་གཅོད་ནས་དམངས་གཙོའི་ཕྱོགས། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས། བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་བཅས་སུ་སྐྱོད་པའི་དུས་རབས་གསར་པ་ཕྱེས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་གསར་པ་ཞིག་བརྩམས་ཤིང་། དེ་ནི་མིའི་རིགས་ཤེས་དཔལ་ཡར་ཐོན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མཛེས་མདངས་ཡུན་བརྟན་གྱི་རླབས་ཆེའི་བྱ་སྤྱོད་ཅིག་རེད་ཅེས་གསུངས་པ་རེད།

        ཆེ་དགྲ་ལྷས་ལོ་53གྱི་ནང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་ནས་རླུང་བརྟེན་རླབས་གཤག་དང་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དེ་རྒྱལ་ཁ་གསར་པ་ཡང་ནས་ཡང་དུ་བླངས་པ་དང་། བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཛམ་གླིང་ཡང་རྩེར་འགྱིང་ངེར་ལངས་ཡོད། ལོ་53གྱི་ནང་ལྗོངས་ཡོངས་དང་འདྲ་བར་ལྷ་སའི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་མི་རིགས་ཁག་གི་མི་དམངས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་འཕོ་འགྱུར་ཆེན་པོ་བྱུང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་བས་འཐུས་སྒོ་ཚང་དུ་སོང་བ། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཆེན་པོ་ཕྱིན་པ་དང་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་སྟེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་མཚོན་གྲོང་ཁྱེར “བསྟུད་མར་ཐེངས་དྲུག་ཐོབ་པ ” མི་སེར་སྐྱིད་སྣང་ཆེ་ཤོས་ཀྱི་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱུང་བ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཉིན་བཞིན་སྲ་བརྟན་དུ་སོང་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། ཏཱ་ལར་ཐེར་འདོན་དགག་རྒྱག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་དུས་བབ་རྒྱུན་བསྲིང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ནུས་ལྡན་བཅས་བྱུང་ཡོད། ད་ལྟའི་ལྷ་སར་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན། རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་བཅས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་གསར་པ་ཞིག་མངོན་ཡོད། ལོ་53གྱི་ཉི་འོད་དང་སྦྲང་ཆར་དང་། ལོ་53གྱི་གངས་ལྗོངས་ཀྱི་འཕོ་འགྱུར་ཆེན་པོ། ལོ་53ནང་ཞིང་བྲན་གྱིས་གླུ་དབྱངས་ལེན་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་མེད་ན་སྤྱི་ཚོགས་རིང་ལུགས་མེད། རླབས་ཆེན་མེས་རྒྱལ་མེད། ད་ལྟའི་ལྷ་ས་མེད་པ་བཅས་རྩོད་མེད་ར་སྤྲོད་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།

        ཆེ་དགྲ་ལྷས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ལྷ་སས་གོ་སྐབས་གསར་པ་དམ་འཛིན་དང་ལེགས་ཆ་གསར་པ་ལེགས་པོ་སྤྱད་དེ་བློ་མཐུན་ཧུའུ་ཅིན་ཐའོ་ཡི་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཚགས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟན་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས “མུ་མཐུད་ཤུགས་རྒྱག་དགོས་པ་ལྔའི ”གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”ཁོང་དུ་ནན་པོ་ཆུད་པ་བྱེད་པ། ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་སར་བཏོན་པའི་ལྟེ་གནས་གྲོང་ཁྱེར་གྱི་གནད་ཆེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང “ཕྱོགས་བདུན ”གྱི་ལས་ཀའི་བླང་བྱར་གཞིགས་ཏེ་དམིགས་ཚད་དང་། ལས་འགན། ཕན་ནུས་བཅས་གསུམ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁོར་ཡུག་བཟང་པོར་བརྟེན་ནས་གྲོང་ཁྱེར་བཏོད་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བར་བརྟེན་ནས་གྲོང་ཁྱེར་ཞི་མཐུན་ཡོང་བ་བྱེད་པ། ཁྲིམས་ལུགས་ལ་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ཀྱི་འཐབ་ཇུས་ཆེ་གྲས་ལྔ་ལག་བསྟར་ཤུགས་ཆེན་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱེད་པ། མཆོང་སྐྱོད་གསར་པ་དོན་གཉེར་བྱེད་པ། ཀུན་སེམས་གཅིག་སྒྲིལ་དང་ལས་དོན་ཏན་ཏིག་སྒྲུབ་པ། ལྷ་སའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

        མཛད་སྒོར་ཞུགས་མཁན་གྱི་གྲས་སུ་ད་དུང་ཉི་མ་ཚེ་རིང་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཀྲའོ་ཀྲེང་ཤིའུ། ཤིང་རྩྭ་བསྟན་འཛིན་ཆོས་གྲགས། ལྕགས་རྭ་བློ་བཟང་བསྟན་འཛིན། མོང་ཏེ་ལི། ཏུང་མིང་ཅུན། ལི་ཀྲའོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། པད་མ་ཚེ་དབང་། ལིའུ་ཆིང་ཧུའེ། པད་མ་རྣམ་རྒྱལ། བསོད་ནམས་སྒྲོལ་མ། ཨོ་ལོ་བུ་ཆུང་། ཀའོ་དབན་ཧའེ། ཁྱུང་སྲས། ཀའོ་ཡུས་ཞང་། ཅིན་ཧྲི་ཤུན། ཀའོ་དབྱང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཆེ་ཁག་བཞིའི་འགོ་ཁྲིད་དང་། ལྗོངས་ཐད་གཏོགས་དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་བྱེད་པ་དང་ལས་བཟོའི་འཐུས་མི། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པའི་འཐུས་མི། དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མི། རྒྱལ་གཅེས་ཆོས་ལུགས་མི་སྣའི་འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བཟོའི་འཐུས་མི། ལྷ་སར་བཅའ་སྡོད་ས་ཁུལ་ཁག་གི་དོན་གཅོད་ཁྲུའུ་ཡི་ལས་བཟོའི་འཐུས་མི། ཡུལ་མིའི་འཐུས་མི། གཞོན་ནུ་ལོ་ཆུང་སློབ་མའི་འཐུས་མི་བཅས་ཁྱོན་མི་3000ཙམ་ཡོད་པ་རེད།

        རྒྱལ་དར་སྒྲེང་བའི་མཛད་སྒོ་དེ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་རྡོ་རྗེ་ཚེ་སྒྲུབ་ཀྱིས་གཙོ་སྐྱོང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།